༉རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་གབ་པ་མངོན་ཕྱུང་ལས་རྗེ་བཙུན་ཁོང་རྒྱ་གར་ལ་ལན་གསུམ་པ་འབྱོན་ཏེ་ཕྱིར་ལྷོ་བྲག་ཏུ་ལོག་ཕེབས་པ་ན་སློབ་འབངས་རྣམས་ཀྱིས་བསུ་མ་དང་བཅས”བླ་མ་ལགས། ད་ལན་སྐུ་ཚེ་ལ་བར་ཆད་མེད་པར་ཕེབས་པས། བདག་སློབ་འབངས་རྣམས་ཀྱི་བསམས་བསམས་དོན་དུ་གྲུབ་ཅིང་སྐྱིད་ཀྱི་ཉི་མ་ཤར། རྗེ་རིན་པོ་ཆེ་ལ་དཀའ་སྤྱད་དང་སྐུ་སྙུང་བ་སོགས་འོ་བརྒྱལ་མང་པོ་རང་བྱུང་འདུག་ཟེར་བ་ཐོས་པས་ཡིད་གདུངས་པ་སྐྱེས་ལགས་པ། དཀའ་སྤྱད་ཇི་ལྟར་མཛད་པ་དང་སྙུང་ཚུལ་རྣམས། དེ་རིང་བདག་ཅག་རྣམས་ལ་མགུར་དུ་གསུང་བར་ཞུ་ཞེས་ཞུས་པས། ངས་ད་རེས་དཔལ་ནཱ་རི་པ་འཚོལ་བའི་ཕྱིར་དཀའ་བ་སྤྱད་ཚུལ་རྣམས་དང་། དང་པོ་ཆོས་སྒོར་ཞུགས་ནས་ད་བར་གྱི་ལོ་རྒྱུས་རྣམས་གླུ་རུ་ལེན་པས་ཉོན་ཅིག་གསུངས། མཉམ་བཞག་འཕྲོ་རྒོད་འཐོར་བ་སྡུད་པར་བྱེད་པ། རིགས་པ་སེམས་ཀྱི་ལྕགས་ཀྱུ། མཁའ་འགྲོའི་སྨྲེ་སྔགས་རྟ་དྲངས་ནས། ཆོས་ཕྱིར་དཀའ་བ་སྤྱད་ཚུལ་གྱི་མགུར་ཆེན་འདི་གསུངས་སོ” https://t.cn/A6f68KVI

༉གནས་ལུགས།
རྟེན་འབྲེལ་གྱིས་ཚོགས་པའི་
རི་བོ་དང་།

རྩྭ་ཐང་
འཇའ་ཚོན་

འབབ་ཆུ་
ནགས་ཀླུང་


མཚོ་དང་། མཚེའུ་
མཛའ་བརྩེ་ཡིས་བཞེངས་བའི་
མི་ཁྱིམ་དང་། བྱ་ཁྱིམ་
ཁྲག་རྒྱུད་དང་། རུས་རྒྱུད་ཀྱི་བཟོས་པའི་
ཨ་ཕ་དང་། ཨ་མ་
གཅེན་པོ་དང་། གཅེན་མོ།
འདུ་ཤེས་ཀྱི་བཅད་པའི་
དགའ་བ་དང་། དུང་བ་རྣམས་
ཕྱོགས་རེ་ནས་བསལ་ཏེ་
ཁ་བ་ལྟར་འཐོར་དུས་
སྟོང་ལྷང་ལྷང་
གྲང་ཅག་ཅག
ཡང་ན་ལག་ལ་གོས་པའི་དྲི་ཞིམ་ལྟར་ཤོར་དུས་
ཕངས་སེམས་དང་།
སྐྱོ་སྣང་གི་ངང་ནས་རང་ཡང་མི་རྙེད་པའི་གནས་སུ་གྱར།
ཤེས་རབ་ཀྱི་ཕྱུག་པའི་གནའ་མི་དག་གིས་
འདི་ལྟ་བུའི་གནས་ལུགས་ཇི་ལྟར་རྙེད་པ་ཡིན།
འདི་ལྟ་བུ་གནས་ལུགས་རྙེད་ནས་
དགའ་བ་དང་།
དུང་བའི་བསྒྲིག་པའི་ཁྱིམ་ཐབ་དང་
འདོད་ཡོན་རྣམས་ཕངས་མེད་དུ་དོར་བ་ཨེ་ཡིན།
འདི་ལྟ་བུའི་གནས་ལུགས་ཤིག་འཁྱེར་ནས་
ཅི་ཕྱིར་འཇིག་རྟེན་ལ་རྒྱབ་ཀྱི་ཕྱོགས་པ་ཡིན།
༢༠༢༠-༥-༢༦

༉ གངས་འདབས་ཀྱི་དུར་ཁྲོད་དུ་དྲུད་པའི་ཕོ་མོ་ཟུང་གིས་ཤམ་བྷ་ལའི་བྱ་རྒོད་ཀྱི་གཤོག་འོག་ཏུ་གཞིས་བཅའ་ནས་ཤ་དར་ལང་ཚོའི་མྱེ་སྒོང་བརྒྱབས་ནས་མུན་རུབ་པར་སྨོན།


发布     👍 0 举报 写留言 🖊   
✋热门推荐
  • 小狗一天居然要吃4勺狗粮,家里狗粮桶渐空,记录一下吃过的几款狗粮:纽顿:物美价廉,但咕已经吃腻了纽翠斯:咕非常喜欢,有点小贵,经常断货荒野盛宴:颗粒比咕鼻孔都大
  • 【看世界】陨石上的碱基:美国科学家证实,组成 DNA 和 RNA 的5种碱基,全部在1969年坠落在澳大利亚的一颗陨石上发现了。#看上海 求突破 做示范# 【黄
  • 忙碌的周末下午,烤箱里正在烘烤着预定的饼干,趁这个间隙休息一下,给自己来一杯黑咖啡、一块芋泥麻薯虎皮蛋糕卷(这个虎皮蛋糕卷真的超好吃),坐下来翻看一下笔记本上今
  • #美食VLOG##不试不知道# 看看7-8月的购物分享吧~ |AOKKA挂耳 我最爱的咖啡品牌了,新出了挂耳我第一时间入了,真的有玫瑰花和鲜花饼的风味,好好喝
  • 2022待播古装剧记录1. 刘亦菲、陈晓梦华录,好久没看他俩演戏了,这俩人古装都️2.沉香如屑,紫演技️但是脸无新鲜感了,其实有点想看成毅,与君歌里面还不错3.
  • 韩版儿童时尚休闲潮鞋魔术贴童鞋运动鞋 原价【249元】 券后价【69元】 【赠运费险】优选高品质透气鞋面,舒适透气不闷脚,实心耐磨防滑软底,防水鞋面,轻便舒
  • 所以在此再次声明我们产出均是独立完成,其次同音乐同类型的卡点作品非常的多,发布的时间早于M的更是很多(我送你几个,你自己去看看,详见p1)当时私信沟通的时候也对
  • 此时,天色已晚,看着两位老人饥肠辘辘,执法人员又从随车携带的“两保一强”物资中,为老人泡好方便桶面,加入火腿、鸡蛋,倒好热水。这个村的旁边就是大沙河,河边有很多
  • 主力如何控盘题材股及个股一般来说,题材的产生源于消息的出现,我们将消息抽象化之后,就得出具有共性的题材。那些与这一题材相关的个股则成为主力炒作的首选,是标准的题
  • 亲爱的展博: 当你看到这封信的时候,我已经再去机场的路上了,请原谅我改签了航班,我知道,如果我看到你们,肯定就走不了了,因为我舍不得你们每个人,尤其是你。这也算
  • 为了迎合那风格一张脸改了七八遍甲方还是不满意...我就寻思甲方为何不直接去找头像原作者画皮套...后面皮套画完了,甲方结了钱之后还数落了下我画得丑。最后还打算找
  • 心态正的人,高光不傲,低谷不馁,闲境不怠。”什么都想高人一头,只会让自己陷于不得意的烦恼之中。
  • 我在快递站扫码的熟练程度,都怀疑自己在那上班了[允悲]阿姨说我在楼下拆快递的样子像极了批发摆摊卖货的[嘻嘻]烧到39.6了 [泪][泪][泪]好难受 头好痛 两
  • 极简生活家~~~屋内不做任何复杂的装饰,用质朴与留白彰显简约的高级之美米开朗基罗说:"美就是净化过剩的过程。当胡杨的根基断裂,树干失去支持而轰然倒地时
  • #阳光信用# #每日一善# 圈子决定人生,接近什么样的人,就会走什么样的路,所谓物以类聚,人以群分。#每日一善[超话]##阳光信用# #每日一善# 圈子
  • ​ ​​​#每日一善[超话]# #阳光信用# 【诚信互动 指路不吞必hui ️ ️t.a.g ️hui字❗❗❗ 】日积一善,久则必为江河之水;日积一恶,久则必
  • 爱上老婆的腿才是沉迷老婆的美的开始 肉感又羞涩 这双绝对不可能属于人类男性的 具有她身上任何一个部分都无法比拟的过度的女性化特征的腿 是她身体中最独特的部分 这
  • #弯痘公主# 1:肠道益生菌 自从我得了痔疮之后呢,supersmart这个牌子对我特别好,啥都给我寄,一方面是想让我给他们写,一方面肯定也是为了我的身体好
  • #tontawan[超话]# #intutontawan# 你说你喜欢向日葵永远向往着灿烂的阳光大家都说你和向日葵一样自由热烈 活泼自信 真诚勇敢而我却喜欢用
  • #陈浚铭周边中转站[超话]#提醒一下铭妈们:1⃣不走pt的可以直接咔嘿了 ❗️收物切记一定要走pt❗️ 这样对自己也是有了一个保障的2⃣那些让你们➕QQ的教你们