༈ བདག་གི་སྐྱབས་གནས།
ཉོན་མོངས་དབང་གྱུར་ཁུར་ཡུག་སྨོག་པོ།།
དྲན་པ་འཐོམ་པོ་སྨག་རིམ་དགུ་བརྩིགས།།
མདུན་གྱི་ལམ་སྟོན་སྒྲོན་མེ་རྐང་གཅིག །
མཐོལ་གྱི་གཟིམས་ནས་ལོ་ཟླའི་ཆོད་ཀྱང་།།
གདུང་བའི་རྨ་ཁ་ད་དུང་སོས་མེད། །
རིན་ཆེན་མི་ཡི་ལུས་ཀྱི་རྟེན་ལ། །
དམ་ཆོས་སྙིང་པོའི་རྒྱན་ཆ་དཔྱང་སྟེ། །
བློ་སྣ་དགེ་བའི་ཕྱོགས་སུ་དྲངས་བའི།།
དྲིན་འདི་བསམ་ན་འཁྱམ་པོའི་སེམས་པ།།
མཆི་མའི་མི་བརྣང་རང་དབང་མི་འདུག །
ཟོལ་མེད་དད་པའི་གསོལ་བ་འདེབས་ཞོར།།
ལག་ཟུང་ཐལ་མོ་སྙིང་ཁ་སྦྱོར་ཏེ། །
མགོན་ཁྱེད་དྲན་པ་སྙིང་ནས་ཡིན་ན། །
ཐུགས་རྗེ་བྱིན་རླབས་སྐལ་བ་མ་གཅོད།།
ཁྱེད་ལས་གཞན་པའི་ཡི་དམ་མི་དགོས།།
ཁྱེད་ལས་ལྷག་པའི་བླ་མ་མི་དགོས།།
ཁྱེད་མིན་མཁའ་འགྲོ་བདག་ལ་མི་མཁོ།།
བདག་ལ་ཁྱེད་ལས་སྐྱབས་གཞན་མི་དགོས།།

རྡོ་མཁར་རྫོང་གི་ཇ་ཁང་ཞིག་ཏུ་ངལ་གསོ་ཞོར་གནམ་ལྷུང་ཟླ་ཟེར་ཞེས་པའི་མདོ་མེད་འཁྱམ་པོ་དེས་སྨྲས་པའོ།།
2021/10/02

བཻཌཱུརྱ་དབྱིག་གི་ཁུ་བས་བཞུས་པ་ལྟ་བུའི་མཁའ་དབྱིངས་ཀྱི་མདངས་ནི་རབ་ཏུ་གསལ་ཞིང་། ཕྱོགས་དང་ཕྱོགས་ནས་བར་མཚམས་མེད་པར་རྒྱུ་བའི་གཞོན་ནུ་མའི་འོ་འཛིན་ཇི་བཞིན་སྤྲིན་དུམ་ལང་ལོང་དུ་གཡོ། འོག་གི་རི་ལུང་ཀུན་ཀྱང་མཐོ་བ་ཐང་དཀར་རྒོད་པོའི་གཤོག་རྩལ་ངོམ་སའི་ཀན་གཟར་གྱི་བྲག་རི།

བར་མ་རི་སྐྱེས་རི་དྭགས་ཚོགས་ཀྱིས་བག་ཡངས་ཀྱི་རྩེད་འཇོ་རོལ་སའི་སྤང་རི་དང་ནགས་རི། དམའ་བ་རྟ་ནོར་ལུག་གི་ནོར་གཡང་འཁོར་ས། སྦྲ་ནག་གི་གུར་ཁྱིམ་ཕུབ་སའི་ནེའུ་གསིང་གི་བསྐྱེད་ཚལ་ངོས་ཡངས་པོ། རི་རྐེད་དག་ནས་ཀྱང་ན་བུན་དུམ་དུམ་ངང་འཁྲིགས་ཤིང་བྱ་བྱེའུ་སྣ་ཚོགས་ཀྱི་མགྲིན་གླུ་བར་མེད་དུ་ལེན། ཁོད་ཡངས་ཤིང་ཡིད་དུ་འོང་བའི་གླིང་གི་ཕ་ས་སྨུག་པོ་འདི་བདག་ཀྱང་ལས་སྨོན་གྱི་མཐུས་ལན་གཅིག་ཐོབ་པའི་དལ་རྟེན་འདི་འདིར་སྐྱེ་བས་རབ་ཏུ་དགའ། རྒྱུ་མཚན་ཅི་ཡིན་ཆ་མི་འཚལ་མོད། ཕལ་ཆེར་བལྟས་འོང་ན་གླིང་ཆོས་འཕེལ་ནག་པོའི་གདུང་བརྒྱུད་འཁྲུལ་མེད་དུ་བྱོན་པའི་གནས། མཐོང་ན་མི་མཐུན་པ་མེད་པ། ལོ་རྒྱུས་ཀྱི་བ་གམ་བརྩེགས་པའི་རིན་བྲལ་གྱི་ནོར་བུ་ཞིག་ལྡན་པས་ཡིན་ལས་ཆེ་ལ། ལྷག་ཏུ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་གདུང་བརྒྱུད་བར་མ་ཆད་དུ་ཡོད་པའི་དབང་གིས་ཀྱང་ཡིན་པ་གོར་མ་ཆགས། དེའི་ཕྱིར་གནས་རི་རྫོང་གྲགས་དཔལ་གྱི་རི་བོའི་ས་ཆ་འདི་ནི་ཡུལ་འདིའི་རི་ལུང་ཀུན་ལས་ཀྱང་ངོ་མཚར་རབ་ཏུ་ལྡན་ཞིང་། གླང་ཆེན་ཉལ་འདྲའི་དབྱིབས་དང་མཚུངས་པར་རྫོགས་སྤྲུལ་བཞི་བས་གསུངས་པ་ལྟར་ནང་དུ་དཔའ་བོ་དང་དཔའ་མོའི་བྲོ་ར་ཉིད་དུ་གནས་ཤིང་། ཕྱི་ལྟར་ལྷ་སྐུ་དང་རང་བྱོན་ཞབས་རྗེས་སོགས་ངོ་མཚར་རྨད་དུ་བྱུང་།

ལྷག་དོན་དུ་སྨུག་པོ་གདོང་དང་ཡི་གེ་ཨ་ཞེས་པའི་ངག་རྒྱུན་ལྟར་ས་འདིར་ཞབས་ཀྱིས་བཅགས་པའི་གླིང་གི་རྒྱལ་བློན་དག་ནི་སྨུག་པོ་གདོང་གི་རུས་རྒྱུད་འཁྲུལ་མེད་ཡིན་པའི་བརྡར་ཨ་ཡིག་དཀར་པོ་སོགས་ཀྱིས་མཚོན་པའི་རང་བྱོན་མང་དུ་མཇལ་རྒྱུ་ཡོད། ཆེས་ཡིད་ཕངས་པ་ཞིག་ནི་སྔོན་ཆད་ཆུང་དུས་ནས་སྐུ་མཁར་སེང་འབྲུག་སྟག་རྩེའམ་གླིང་གི་རྒྱལ་རབས་རིམ་བྱོན་གྱི་མཁར་ཤུལ་རྙིང་པ་དེ་མཇལ་དུ་ཡོད་ནའང་། ཕྱིས་སུ་སྐུ་མཁར་གསར་བཞེངས་བྱས་པའི་གོ་རིམ་གྱི་ཁྲོད་ནས་ད་སྐབས་པར་བརྙན་ཙམ་ལས་མཇལ་དུ་མེད་པ་ནི་ཆེས་ཡིད་ཕངས་པ་ཞིག་རེད། [微笑]

ཅེས་གླིང་ཚང་རིག་པའི་སྙེ་མས་བརྙན་འདི་མཐོང་འཕྲལ་དུ་སེམས་ཚོར་ཉུང་ངུ་ཞིག་ཡི་གེར་བཀོད་པའོ།། ༢༠༢༡/༡༠/༢/

༈མཁན་ཆེན་དམ་པ་དབང་ཆེན་རབ་དགྱེས་སྐུ་ཞི་བར་གཤེགས་པའི་རྗེས་དྲན་དུ་ཕུལ་བ་མ་བཅོས་ཡིད་མཚོ་སྐྱོམ་པའི་རླབས་སྒྲ།

   
     ————  རི་སུལ་ཨུཏྤལ། 

གསང་ཆེན་ལྷོ་གླིང་འཛིན་མའི་སྐྱེད་ཚལ་ན།།
ཡིད་བཞིན་གདུཊ་དཀར་གཅིག་གི་གྲིབ་བསིལ་འོག།
ལང་ཚོའི་གཤོག་རྩལ་རྫོགས་པའི་ན་མཉམ་ཁྱུའི།།
བཤད་སྒྲུབ་ཉི་མའི་འོད་ཀྱིས་གླིང་བཞི་གསལ།།

སྐྱབས་གཅིག་ཆོས་ཀྱི་རྗེ་དང་ཐུགས་ཀྱི་སྲས།།
རེ་རེའི་གསང་གསུམ་ཡོན་ཏན་གཞལ་དཀའ་བ།།
སྣ་ཚོགས་ངོ་མཚར་ལྡེམ་མྱུར་རླུང་གི་འགྲོས།།
མདོ་ཁམས་འཛིན་མའི་མཐའ་རུ་ཐོལ་གྱིས་བརྒལ།།

པདྨ་དབ༵ང་གི་ལུང་པའི་ལྷ་གྲལ་ན།།
བརྩེ་ཆེ༵ན་ཉི་མའི་འོད་ཀྱི་མཛོད་འཆང་ཞིང་།།
བཅོས་མིན་ཞི་དུལ་སྤྱོད་པའི་སྣང་བ་ཅན།།
ཁྱེད་གཅིག་འབྲལ་མེད་གཙུག་གི་ཉི་མ་ཡིན།།

དང་པོའི་ལས་ཀྱི་འདུན་མ་རྒྱང་ལ་གཏད།།
མི་དལ་གོམ་པའི་འདེགས་འཇོག་རི་ལ་བསྒྱུར།།
དད་དམ་སེམས་ཀྱིས་སྐྲ་ལོ་རླུང་ལ་བསྐུར།།
ཀུན་ཀྱང་འདུན་མའི་རེ་ལྟོས་ཁྱེད་ལ་བཅོལ།།

བརྩེ་ཆེན་ཐུགས་ཀྱི་འོད་དཀར་མ་ནུབ་པའི།།
དམ་པའི་སྐྱེས་ཆེན་སྐར་ཚོགས་འཁྲིགས་པའི་ཁྲོད།།
ཁྱེད་ཉིད་ནམ་མཁའི་ཟླ་བ་དཀར་ཆུང་སྟེ།།
བདག་ཡིད་ཡ་ཆུང་སྙིང་གི་མེ་ཏོག་ཡིན།།

དགྱེས་འཛུམ་ཞལ་གྱི་ཟླ་བ་དྲན་ཐེངས་རེར།།
སྐྱོ་བའི་སེམས་པ་གདུང་བའི་སྨག་གིས་བསྒྲིབས།།
མཉེས་གཤིན་བརྩེ་བའི་གསུང་སྙན་དྲན་ཐེངས་རེར།།
བདག་ཡིད་སྨྲེང་བའི་མཆི་མ་གཙང་པོར་འདྲེས།།

ཀྱེ་མ་ཁྱེད་ཉིད་གཤེགས་པའི་མི་སྙན་གཏམ།།
ཐོས་འཛིན་ལམ་འདིར་ལྷུང་བའི་སྐད་ཅིག་ནས།།
མི་སྡོད་སེམས་ཀྱི་རླུང་བུའི་རྟ་མཆོག་འདིས།།
ཉིན་རེར་གླིང་བཞིའི་སྨག་ཆེན་ཁད་ཀྱིས་ཉུལ།། 

ལོ་ཟླའི་ཕྲེང་བ་བགྲངས་ན་མི་ཉུང་ཡང་།།
དུས་ཀྱི་བགྲོད་པ་གློག་བཞིན་མྱུར་བ་འདིས།།
མཉམ་འགྲོགས་ལོ་ཟླའི་ཁུད་ཀྱི་དམ་པའི་གཤིས།།
ཇི་བཞིན་མ་ཤེས་ད་ལྟ་ལྷག་ཏུ་སྐྱོ།།

གནག་པའི་ཞལ་གྱིས་སུ་ལ་གཟིགས་མྱོང་མེད།།
རྩུབ་པའི་ཚིག་གིས་སུ་ལ་སྡིགས་མྱོང་མེད།།
དྲང་པོས་གཤིས་ཀྱིས་གཞལ་ན་སུ་ལ་ཡང་།།
བུ་བཞིན་བརྩེ་བ་སྐད་ཅིག་འདོར་མྱོང་མེད།།

ཞལ་དེ་དྲན་ན་སེམས་ཀྱི་ཉི་མ་ཡིན།།
གསུང་དེ་དྲན་ན་སྙིང་གི་ཟླ་བ་ཡིན།།
གཤིས་དེ་དྲན་ན་བྱང་སེམས་ངོ་མ་ཡིན།།
བསམས་ན་ད་ལྟ་སྐྱོ་བ་མཐའ་མེད་ཡིན།།

མངོན་ཆུང་ཞི་དུལ་སྤྱོད་པ་ཀུན་ལ་མཛེས།།
བག་ཕེབས་རྣལ་མའི་གཤིས་ཀྱང་ཀུན་དང་མཐུན།།
མཐའ་མེད་མཁྱེན་པས་ཤེས་བྱ་ཀུན་གཟིགས་མོད།།
ཚིག་འདི་ཙམ་གྱིས་ཁྱེད་ཉིད་ཇི་ལྟར་མཚོན།།

ཐུན་མིན་ཐེག་པའི་ཡང་རྩེའི་ཟབ་གསང་གནད།།
ཁྱེད་ཐུགས་ནམ་མཁའི་མཛོད་ན་ཀུན་གསལ་ཞིང་།།
ཐུན་མོང་ཇི་སྙེད་རིག་པའི་སྐར་ཚོགས་འབུམ།།
ཁྱེད་ཀྱི་མཁྱེན་པའི་ཀློང་ན་ཅིར་ཡང་བཀྲ།།

ལོ་རེའི་དབྱར་གསུམ་མེ་ཏོག་ལྡེམ་པའི་དུས།། 
ཆོས་མཐུན་གྲོཊ་ཀྱི་མཉམ་འཛོམ་དགོད་སྒྲའི་ཁྲོད།། 
ཁྱེད་ཉིད་བརྩེ་ཆེན་ཡུམ་གྱི་ངང་ཚུལ་བཞིན།། 
དགྱེས་བརྩེའི་གསུང་གི་བཞད་སྒྲ་ལྷག་ཏུ་སྙན།། 

དགྱེས་པའི་ཞལ་དེ་ད་དུང་གསལ་ལེར་མཐོང་།། 
བརྩེ་བའི་གསུང་དེ་ད་དུང་ལྷང་ངེར་ཐོས།། 
མངོན་ཆུང་གཤིས་དེ་ད་དུང་ཡིད་ལ་འཁོར།། 
མི་རྟག་འདུ་འབྲལ་བསམ་རུང་ལྷག་ཏུ་སྐྱོ།། 

དགུན་གསུམ་ཁ་བའི་གྲང་ངར་རྒོད་པའི་དུས།། 
འུ་ཅག་མཉམ་འཛོམ་ཤོང་བའི་སྤྱིལ་ཆུང་ནང་།། 
སྤྲོ་དགའི་གནམ་ལོ་བསུ་བའི་རྣམ་པ་སོགས།། 
བསམས་ན་དུས་འདི་ཕྱིར་འོང་མེད་སྙམ་སྐྱོ།། 

སྐབས་རེར་མཆེད་ལྕམ་འདུས་པའི་ཚོཊ་གྲལ་དུ།། 
ཕྱག་ན་ཕྲེང་བ་པང་ན་དཔེ་ཁང་བཅས།། 
དལ་ཞིང་ལྡེམ་པོར་ཕེབས་པའི་ཞལ་རས་དེ།། 
དྲན་ན་ད་ནི་གཏན་དུ་མི་མཇལ་སྐྱོ།། 

མ་ངེས་ལས་ཀྱི་རླུང་བུས་ཁུར་བ་ཡིས།། 
གཏོལ་མེད་ས་མཐར་འཁྱམ་པའི་ཉམ་ཆུང་བདག།
ཐོག་མའི་སློབ་གླིང་མཇལ་བའི་ཉིན་མོ་ནས།། 
རྗེས་བཟུང་བརྩེ་བས་གཟིཊ་པའི་བཀའ་དྲིན་དྲན།། 

བཅུ་གྲངས་ཟླ་བའི་ལོ་ཡི་ཁྱུད་མོ་ལ།། 
ཁྱེད་གསུང་བདུད་རྩིའི་ཟིལ་བ་བཏུང་བ་ཡིས།། 
ཐ་སྙད་རིག་གནས་གཙུག་ལག་ཆོས་ཀྱི་སྒོ།། 
ཐོག་མར་ཕྱེས་པའི་བཀའ་དྲིན་ལྷག་ཏུ་དྲན།། 

དེ་སྐད་མ་བཅོས་ངག་རིག་སྒྱུ་མའི་གླུ།། 
དྲན་གདུང་སྨྲེང་བའི་མིག་ཆུའི་ཐིག་པའི་ཕྲེང་།། 
གང་ཤར་ཀུན་རྟོག་སྐྱོམ་པའི་རླབས་རྩེ་ནས།། 
ཟོལ་མེད་སྒྱུ་མའི་འཕྲུལ་དུ་སོར་མོས་བཀོད།། 

མི་འབྲལ་སྨོན་ལམ་སེམས་ཀྱི་དཀྱིལ་ནས་བཏབ།། 
དད་དམ་མི་འགྱུར་དམ་བཅའ་སྙིང་ལ་བྲིས།། 
བྱིན་རླབས་སྣང་བའི་དངོས་གྲུབ་ཉིད་ལ་ཞུ།། 
དོན་གཉིས་དཔག་མེད་མཐའ་རུ་རྒྱས་པར་ཤོག།

ཅེས་པ་འདི་མཁན་ཆེན་མཆོག་སྐུ་གཤེགས་ནས་ལོ་འཁོར་གཅིག་འཁོར་ལ་ཉེ་བའི་དུས་སུ། སྐུ་ཉིད་ཀྱིས་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཐོབ་པ་ལས་དང་པོར་སྐུ་ཉིད་ཀྱི་མདུན་ནས་རབ་ཏུ་བྱུང་བའི་དགེ་མིང་ཐུབ་བསྟན་ཚུལ་ཁྲིམས་རྒྱ་མཚོ་ཞེས་དང་། དེ་ནས་རིག་བྱེད་སྙན་དངགས་མེ་ལོང་མའི་གཞུང་ཁྲིད་ཆ་ཚང་ཐོབ་པར་ལེའུ་གསུམ་པོའི་དཔེ་བརྗོད་ཕུལ་བས་སླར་ཡང་མཁན་ཆེན་ཉིད་ཀྱིས་འདང་བརྩེའི་རྟེན་འབྲེལ་མཚོན་པའི་ཆེད་དུ་ཤིས་བརྗོད་ཚིགས་བཅད་དང་འབྲི་དེབ་དང་སྙུ་གུའི་ལེགས་སྐྱེས་བཅས་གནང་བའི་རིག་བྱེད་ཀྱི་མིང་ལ་འཇམ་དཔལ་འཛུམ་པའི་གེ་སར་ཞེས་བཏགས་ཀྱང་། རང་ཉིད་བྱ་བྱེད་མང་བས་བཏགས་པའི་མིང་རི་སུལ་ཨུཏྤལ་ལམ་དྲྭ་མིང་ཞོགས་མིག་ཅེས་འབོད་པ་དེས་བོད་རབ་རྒྱན་ལྕགས་གླང་ཟླ་ཚེས་ལ་མདོ་སྨད་བཅུ་ཕྲག་རིག་པའི་སློབ་གླིང་ནས་བྲིས་པ་འདིས་ཀྱང་སྐྱེ་བའི་ཕྲེང་བ་ཀུན་ཏུ་མཁན་ཆེན་མཆོག་གི་ཐུགས་རྗེའི་སྣང་བ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག། ཕྱི་ལོ་2021/08/13ལའོ།། 


发布     👍 0 举报 写留言 🖊   
✋热门推荐
  • #dew中国首封##DewJirawat[超话]# 希望你,拥有一颗更加勇敢的心脏。"然后,最近在图书馆一直遇到一个挺帅的小哥 ,本来准备今天上去要联
  • #澄海美食#【何妈绿豆饼(文化路店)】1个炉,上百次翻面当日现做,5⃣️种口味澳门传统手艺制作的绿豆饼刚一开就被街坊邻里包围了4月3日正式开业起到店消费满20送
  • #刘宇宁第一次手写童话# [鲜花]#刘宇宁别来无恙# [鲜花]#摩登兄弟[超话]#♣︎摩登兄弟 ♣︎ mdxd ♣︎ 刘宇宁 ♣︎ lyn ♣︎ 棚主 ♣︎ 老
  • #香樟时讯# 【新国发2号文件·专家谈|汤晓辛:坚持理论和实践创新 服务生态文明建设先行区】《国务院关于支持贵州在新时代西部大开发上闯新路的意见》(国发〔202
  • #临沂一景区闭园公告#广大游客朋友,各旅行社及合作单位:感谢您长期以来对赛石·沂水花彩小镇的关注和支持!为进一步提升花彩小镇旅游景区的品质,提高游客满意度,沂水
  • 这也是极平常之事,可诗人加一“爱”字,似乎用她的阴凉盖住小池,以免水分蒸发而干涸,这样就化无情为有情了。小荷刚把她的含苞待放的嫩尖露出水面,显露出勃勃生机,可在
  • ⭕如果时间超级充裕,不妨试一试青甘6-7日大环线1⃣️西宁_塔尔寺-拉脊山_日月山_倒淌河_青海湖_茶卡镇2⃣️茶卡盐湖_德令哈_翡翠湖_大柴旦(宿)✨打卡天空
  • 而赵露思在穿搭上也有自己的一套,她的搭配往往既出乎意料,又给人一种时尚潮流感。至于杨幂撞衫赵露思,两人谁更时尚,虽然每个人都有自己的喜爱,但是单纯服装穿搭来说,
  • 6.很多现代人还是不相信自己所拥有的“想法”中竟然蕴藏着那么大的力量。】一、决定人生的是心中的“想法”1.心有多大,人生的舞台就有多大,心中的“想法”决定了人生
  • #同人cp日推[超话]##原创# 关于听戏救了一个戏子并爱上他的故事[偷乐][doge]? “你知道那戏班子新来的花旦吗?” “我怎不知,那人名号大着呢,操着
  • 坂仔的北斗七星土楼群是因其位置所定的,七座土楼分建在铜溪两岸,从五美楼到环溪楼的建设,时间跨度80年,到兴建最后一座环溪楼时,其楼联即包含“北斗祥光”、“南山佳
  • #日本资讯# NESTOUTモバイルバッテリー、置いておくだけでもテンション上がりますので、アウトドア好きのみなさまぜひ。......#日向坂46[超话]# v
  • 我一贵乱狗血蜘蛛网爱好者都要跪地求饶哼唧唧鸡你别画了我求求你了,你简直让我梦回初中数学排列组合课求解这个东京大运河里有n个男同可以任意两两三三四四组合请问他们一
  • 承办人杨洋以为案件需要终结本次执行程序,但这时被执行人主动提出有近两千箱的红酒可以交由法院处置。2021年12月,经过执行法官的调和及不懈说服,双方终于达成了《
  • 绿草上的露珠样晶莹的是你的心;像花香一样迷人的是你的美;似繁星一样璀璨的是你的笑,于是爱花养花,常收集露水,晚上欣赏繁星成了我的爱好。@摩登兄弟刘宇宁 [抱一抱
  • 给品牌注册商标起名需考虑目标客户群审美【半杯冰】茶饮,这品牌名称起出来时,我感觉读音不好“发音”三个字音律均为“b”开始,但是郑总感觉很好,说他们目标客户定位9
  • 网友见到信息,速分享下去,并留意照片中的小孩,如有线索,请联系小孩父母:小孩爸爸袁先生:0715--2068053 13972832499小孩妈妈李女士:134
  • 还有元基哥 鲁珍姐姐 智奥姐姐尤其在辛苦的时候也给了我力量, 成为我平语朋友的栖含哥!也请大家多多期待4月的回归!
  • 面对这样一个唱功非凡的明星,张惠妹一度紧张得说不出话来,为了表示对偶像的敬重,她在当晚表演的时候,选择了一首难度系数极高的英文歌《I will always l
  • 这句话 我读是读懂了可是他们要如何通过市场和“其他途径”得到?这个始终没有明示,但是无论是穿紫色裙子的女人,还是穿黄色开衫的女人,都是那芸芸众生中不起眼的那个人