ཉིན་གཅིག

དུར་མིག (དཀར་མཛེས། )

བཙུན་པ  ཁྱེད་རང་ཞི་བའི་ནགས་ཚལ་ཞིག་ཡིན
ཡོད་ཚད་བཏང་སྙོམས་སུ་བཞག མི་རྟག་པ་བསྒོམ
ནམ་ཡང་ཁེར་རྐྱང་གི་ཁང་མིག་དེ་དག
འགྲེལ་བཤད་གཞན་གང་ཡང་མེད་པར་འཇམ་ཅག་གེར་ཡོད

དགེ་སྦྱོང་དག་གིས་ཏིང་འཛིན་ལ་གཞོལ
སྒེའུ་ཡོལ་དེ་འཕྲད་ཀྱིས་དེད་ན་རང་སེམས་འདུལ་བར་དེ་ནས་མངོན

མིག་ཆུ་ནི་འཁོར་བ་འབྲི་མཁན་གྱི་རི་མོ་མ་རེད
ལང་ཚོ་རྒུད་པའི་ཅ་ལག་རྙིང་བར་གྱུར་ཞིང
བློས་བསླངས་ལས་འབུ་མེ་ལྕེབ་ཤི་བོ་བཞིན་ཡི་གེ་རྣམས་ལྕེབས་ཀྱིན་འདུག

མལ་ས་ན་གྲྭ་རྐྱང་གིས་ཤེས་རབ་ཀྱི་རྟ་ཁ་འཁར་བར་གཏུགས་སྟེ
རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་པའོ

འདུ་འཛི་དབེན་པ་ཞིག་ལ་ཆར་ཤག་ཅིག་བརྒྱབ
ཁེར་རྐྱང་གི་སེམས་གཅོང་དེས  
ངོ་མི་ཤེས་པའི་གཞས་པ་ཞིག་གི་གླུ་ལ་ཉན་ནས་འཐམ་ས་ཞིག་མི་འདུག
མིག་བཙུམས་རྗེས་སླར་ཡང་ལོ་ན་ཕྲ་བའི་སྐུ་གཟུགས་དྲན

༢༠༢༡.༡༠.༧ https://t.cn/R2VaAgl

ང་ཚོ་བོད་ཡུལ་གྱི་ཞིང་འབྲོག་གྲོང་གསུམ་གྱི་བོད་མི་ཡོངས་ལ་རང་ས་སྲུང་སྐྱོབ་བྱེད་པའི་འོས་འགན་ནི་གཡོལ་ཐབས་མེད་པ་ཞིག་རེད། རང་སའི་སྲིད་གཞུང་གི་དཔོན་པོ་དང་། རང་སྡེའི་དགོན་སྡེ་གྲྭ་ཚང་། ཞིང་འབྲོག་དམངས་ཚོགས་ཀུན་ལ་འགན་ཡོད་པས། ཀུན་གྱིས་རང་ཁྱིམ་རང་བདག་དང་རང་ས་སྲུང་སྐྱོབ་བྱེད་པར་ཐུགས་ཁུར་གནང་དགོས་ལ། དབང་ཡོད་ཀྱིས་དབང་སྤྱོད་དང་། རྒྱུ་ཡོད་ཀྱི་རྒྱུ་ཕུད། ཐབས་ཡོད་ཀྱིས་ཐབས་འཐེན་ཏེ་ང་ཚོ་བོད་པའི་བུ་རབས་ཚ་རྒྱུད་རྣམས་ལ་ས་ཐོག་ཏུ་རྩྭ་དང་རྩི་ཤིང་ཡོད་ལ། རི་སྐྱེས་རི་དྭགས་འཛོམས་པའི་འཚོ་གནས་ཁོར་ཡུག་གཙང་མ་ཞིག་དང་། ས་འོག་ཏུ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་རྫས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཅུང་རེ་ལྷག་ཡོད་པའི་བོད་ཡུལ་ཞིག་འཇོག་ཐུབ་པ་བྱེད་རྒྱུ་དེ་རེད། གལ་ཏེ་ང་ཚོས་རང་རོགས་གཉིས་ཀྱི་ད་ལྟའི་དབང་ཡོད་ཀྱི་སྟོབས་ཤུགས་སྤྱད་དེ་ས་ཐོག་གི་རྩྭ་དང་རྩི་ཤིང་བཅད་ཚར། རི་སྐྱེས་སྲོག་ཆགས་ཡོད་ཚད་བསད་ཚར། ས་འོག་གི་གཏེར་རྫས་ཡོད་ཚད་བསློགས་ཚར་ན། ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་ཅི་ཞིག་ལ་བརྟེན་རྒྱུ་ཡིན་ནམ།

ནགས་ཚང་ནུས་བློ་ནས།

འཁོར་བའི་མགུར་གླུ།

རོང་བོ་དགེ་འདུན་ལྷུན་གྲུབ།

འཇིག་རྟེན་སྐྱིད་སྡུག་གི་ཐག་པའི་སྣེ་ལ།།
ཨ་ཕོ་སུ་ཡིན་ཞིག་འཇུ་ཐབས་དཀའ་ཡང་།།
སྣང་བ་བན་བུན་གྱི་འཁྲུལ་བ་ཤར་དུས།།
ལག་པའི་ཕྱག་རྒྱ་ཞིག་ཕྱི་ལ་ཤོར་སོང་།།

སྟོང་བ་རྟེན་འབྱུང་གི་སྐས་རྐང་རིང་མོ།།
སྟོན་པ་སངས་རྒྱས་ཀྱིས་ངོ་སྤྲོད་མཛད་ཀྱང་།།
དྲན་པ་ལང་ཤོར་འདིས་ཐུར་དུ་དབྱངས་ནས།།
འཁོར་བའི་རི་ལུང་ཀུན་ཉུལ་དགོས་བྱུང་ཡོད།།

གཉུག་སེམས་གཞི་དབྱིངས་སུ་དག་པའི་ལུགས་ཤིག།
སེམས་ཉིད་མཁན་པོ་ཚོར་གསུང་ཚུལ་ཡོད་རུང་།།
འདོད་ཡོན་མེ་ཏོག་གི་འགྲམ་ལྕག་ཐེབས་དུས།།
སྣང་བ་ལམ་འཁྱེར་དེ་ལམ་ནས་བོར་འགྲོ།།

བདེན་གཉིས་བརྡར་ཤ་ཞིག་གཅོད་རྒྱུ་བྱུང་ན།།
འཁོར་འདས་རོ་སྙོམས་སུ་རྟོགས་པར་སྐད་ཀྱང་།།
རྣམ་རྟོག་སྦྲུལ་གཟུགས་ལྟར་འགྱུ་བཞིན་འོང་ཚེ།།
ཁ་དང་ལག་པ་གཉིས་རྒྱབ་འགལ་བྱ་ངེས།།

རབ་འབྱམས་མཐའ་བྲལ་གྱི་སྒོམ་ཞིག་བརྒྱབ་སྟེ།།
ནམ་མཁས་གར་ཁྱབ་ཀུན་མ་རུ་བསྒོམས་ཀྱང་།།
ཚོར་བའི་སྲང་མདའ་ལ་ལྕི་ཡང་ཤོར་དུས།།
དགྲ་གཉེན་དབྱེ་བ་ཡི་ཟོམ་ཞིག་ཕྱེ་འོང་།།

གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཤེས་ནས།།
ཆོས་ཀུན་གཞི་དབྱིངས་སུ་དག་པར་འབད་མོད།།
མཛེས་དགེ་བདེ་གསུམ་གྱི་རེག་བྱ་མཉེན་མོས།།
སྒྱུ་མའི་མདུད་པ་དེ་རང་སར་གྲོལ་ཡོད།།

ཆོས་ཟད་བློ་འདས་ཞེས་ཨུ་ཚུགས་བརྒྱབ་ཀྱང་།།
སྒོམ་ལ་བྱང་ཚད་ཀྱི་སྟོབས་ཤིག་མེད་ན།།
མི་རྟག་འཁོར་བ་ཡི་ཀུ་ཅོ་མཐོན་པོ།།
རྣ་སྒོ་ལག་པ་ཡིས་བཅད་ཀྱང་མི་ཁོག།

ཆོས་དྲེད་མཁན་པོ་དག་ཆོ་འཕྲུལ་མ་སྟོན།།
འཁོར་བའི་ཐང་ཆེན་ནས་ལྷོད་ལྷོད་བཞུགས་དང་།།
བསམ་གཏན་ཟས་མཆོག་ལ་རོལ་རྒྱུ་དཀའ་ཡང་།།
རྒྱུ་འབྲས་བློ་མིག་གི་བདུད་རྩི་མཆོད་ཆོག།

སྙན་དེབ་མི་ཚེའི་དབྱངས་རྟ་ལས་བཤུས།

#gebaxiT[超话]#


发布     👍 0 举报 写留言 🖊   
✋热门推荐
  • Chiếc LS không còn cơ hội phát sáng vì chẳng thể gặp một NU'EST trọn vẹn nữa. Ch
  • 但小城也有其他大城市无可比拟之处,有些成绩放在全国乃至全球也是举足轻重的:因港而立、港城一体,临港经济特色鲜明,日照港港口货物吞吐量居全国沿海港口第6位、全球第
  • 如果有能力的话,大家千万不要买小产权房,真的很亏!但是我发现,涨起来的时候慢,跌起来还快一些,别的票也是差不多,看来打江山难,丢江山容易。
  • 因老人常年患有精神疾病,经过核对,民警很快找到了老人家属的联系方式,并告知对方了王某的状况及派出所具体地址。”8月3日,一群众带着一只受伤的鸟,赶到樊川派出所。
  • 请期待我们是谁的胜利吧⛳️️‍♀️このあと17時から #ゆきめぐTV 更新されます!#唯一の哲学であるかもしれない # - - 18th Oct., 2021
  • 刚刚在云野玩遇到一个挂哥,当时好多人都在说,不要举报,就连我的CP也告诉我“不扰乱游戏秩序就不要举报了”我一直以为开挂是应该举报的,我懵了我没有再说话,好多截屏
  • 姐姐选人的样子超可爱的有活力的人总能吸引到别人的Ⓒ googoo1940搬运by.百吉饼 翻译by.小元#星河冷颜金炫廷# 「雪娥个人ig:seola_s」ok
  • 欧瑞莲不是代购,也不是微商,它是一家全球知名的美容品营养品的在60多个国家销售排名第一第二的跨国公司,多个国家统一官网订购,在北欧股票交易所上市。欧瑞莲值得你拥
  • ”“我一直觉得你很有学文的资质……”太难过了。但是转念一想,虽然高考从高一就开始了,但是是个持久战,我还会遇到许多困难,只是一次月考,还不能把我打垮。
  • 二瞳(召唤物):为了能记住每一位客人的爱好,记了满满一本小手册,总是担心自己做的还不够好,害怕让猫掌柜失望,也希望自己能尽快独当一面。偶然从“国栋声音”里听到了
  • ecco%外贸出口的原单纯棉T这批是北欧跟单库存,芬兰客供订单……不要拿那种满街都在拼价格的比,档次不一样!!
  • 然,我的情绪也就在肚肠里滚了几滚,啥都还没开始倒,熊……少年那头,我感觉他忍着无与伦比的怒气对我一字一句的说:妈,你这阵仗是不是整得有点大,你不能找点别的事做?
  • 】10月11日,中国铁路客户服务中心12306网站公示的《接续换乘和选座功能使用说明》称,系统支持C、D、G字头的动车组列车选座,此功能10月12日上线,仅提供
  • 你现在所遇到的所有不愿意不开心,才会成就将来发出万丈光芒耀眼的你...#城市掠影# #正装大叔跳akb#[ali甩手]为爱可以沧海桑田为爱可以凤凰涅磐。只有你成
  • 【20220805】『️』 #防弹少年团星辰所向##防弹少年团魅力超凡# INTHESEOM_BTS更新相关 招新公告➡️ 改名公告➡️ 星愿超话➡️ 栏目
  • 我们现在过的每一天,都是我们余生中最年轻的一天,把握不好当下,未来必是一片虚无。谢谢我的老公 大家都说我生完宝宝跟没生宝宝一样 甚至比生娃前更年轻了 还有不认识
  • ​#突然开心#给别人留点空间,也是给自己留有余地。利不可赚尽,福不可享尽,势不可用尽,这个世界不是哪一个人的世界,而是所有人的世界,所以凡事都要留有余地。
  • 【台山河湖长制“治”出生态高颜值】2021年,广东省正式在全省范围内启动第二届国土空间生态修复十大范例评选活动。【这个党建创新“最佳案例”名不虚传】“双导师”培
  • 陈奕迅《Last Order》#灿烂的前行##钱健夫李璐尔意难平# 差一个月十年 人一生能有几个十年陈奕迅的《十年》 情人最后难免沦为朋友因为还没有真正的失去过
  • 8月5日0时至24时,伊犁州新增无症状感染者38例,其中,伊宁市35例、伊宁县3例,均在集中隔离医学观察点和管控区核酸筛查时检出,以上人员已转运至定点医疗机构进