༄༅། །དབྱངས་ཅན་མའི་བསྟོད་པ། #རྗེ་བློ་བཟང་གྲགས་པ།#

࿑ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན།

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། །

མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།

རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ།།

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།།

མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།

ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ།།

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།

ཨོཾ་སྭ་རཱ་སིད་དྷེ་ཧྲཱིཾ་ཧྲ།ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།

࿑མེ་ཏོག་ལྟར་མཛེས་ཤིང་ཡིད་གར་འོང་བའི་ཁ་དོག་སྣ་ལྔས་སྤུད་བའི་ལང་ཚོའི་རྨི་ལམ་ཞིག་ཡིན་སྲིད་ལ། རྨི་ལམ་ཇི་བཞིན་མཛེས་སྡུག་གིས་བཞད་ཅིང་མི་རྟག་པའི་བདེན་པར་ཐིམས་པའི་མེ་ཏོག་གི་ལང་ཚོ་ཞིག་ཀྱང་ཡིན་ངེས།

࿑བདག་འཛིན་ཞིག་མངོན་དུ་གྱུར་སྟངས།

ང་ཚོས་ནམ་རྒྱུན་སྤྲོ་བ་ཆེན་པོའི་སྒོ་ནས་ཆོས་ཀྱི་ཡང་སྙིང་ལ་བརྩོན་པ་མི་བགྱིད་ལ་ནང་རྣལ་འབྱོར་གྱི་རིམ་པ་ནི་ས་གནམ་དང་རྒྱ་མཚོའི་ཕར་ཚུར་བཞིན་རྒྱང་ཐག་རབ་ཏུ་རིང་ནའང་།སྐབས་རེ་འགའ་ལ་དགོས་མཁོ་དང་གཞན་གྱིས་ཁྲིམས་སུ་བྱས་པ་ལ་བརྟེན་ནས་རྣམ་པ་ཅུང་མི་འདྲ་བའི་ཆོས་གཞུང་གི་རྒྱུགས་སོགས་ལ་གཞུག་དགོས་བྱུང་ཚེ། དེ་ལ་སེམས་ཚེགས་དང་དཀའ་བ་སྤྱོད་པ་ནི་བལྟས་ཚོད་ཀྱིས་ལེགས་པོ་ཞིག་ཏུ་སྣང་ཡང་།

ཕུགས་དེད་ན་འདི་ཡང་བདག་འཛིན་ཞིག་མངོན་དུ་གྱུར་སྟངས་ལས་གཞན་ཞིག་མ་ཡིན་ནོ།། གཞན་ལས་རྣམ་པར་རྒྱལ་བའི་འགྲན་སེམས་ཤིག་གིས་ཡོད་ཚད་ཀྱི་སྣ་དྲངས་ཡོང་། དཔེར་ན་རང་ཉིད་གཞན་ལས་རྒྱལ་ན་བསྟོད་གྲགས་སོགས་རྒྱས་འོང་སྙམ་པ་དང་། མ་རྒྱལ་ན་རང་གིས་གཞན་གྱི་མིག་མདུན་ནས་ང་ཚ་སོགས་མྱོང་དགོས་པར་བསམ་པ་དང་། ཡང་རང་ཉིད་གཞན་ལས་མ་རྒྱལ་ན་གཞན་གྱིས་ཁེ་བཟང་རེག་པ་དང་། རང་ལ་ཁེ་བཟང་དང་འདོད་པ་གང་ཡང་རུང་བ་ཞིག་ལོངས་སུ་སྤྱོད་པའི་སྐལ་བ་མི་ལྡན་སེམས་པ་སོགས་རང་ཉིད་ཁོ་ན་ལས་གཞན་ལ་ཅི་མི་སྙམ་པའི་བསམ་བློ་སྣ་ཚོགས་བསྐྱེད་པའོ།། དེ་དག་ཐམས་ཅད་གཅེས་སུ་འོས་པ་དང་བསྲུང་འདོད་པའི་བདག་གམ་ང་ཞེས་གཞན་ལ་མི་ལྟོས་པའི་རྡོག་རྡོག་ཅིག་རང་གི་ཕུང་བོ་སོགས་ཀྱི་སྟེང་ན་གྲུབ་ཡོད་པར་འདོད་པས་ལན་པ་རེད།



གཞན་གྱིས་རང་ཉིད་ཉམས་པར་དོགས་པའི་ནང་གི་སྐད་ཆ་དག་ངས་བླུན་རྟགས་ཆེན་པོས་ཕྱི་ལ་བསྒྲགས་པར་སྤྲོ།

༢༠༢༡\ ཧོར་ \༥\ ༢\ ཉིན་རྨ་པྲཛྙཱ་ནས་བྲིས། https://t.cn/RpZP4i4


发布     👍 0 举报 写留言 🖊   
✋热门推荐
  • 【#杨紫发文告别小夭小六#】 “182个日夜和小夭小六一起走过每一天都记忆犹新…谢谢你来过我的世界。” 9月25日,@杨紫 《长相思》杀青,她发文告别剧中角色,
  • 关注好久啦也想排个粉丝提问 1⃣️我想咨询我适合做什么形态的双眼皮的问题。我种的发际线太自然了,导致我的朋友些都以为我是用了什么不得了的药,才长出来的这些小绒
  • 质地像牛奶一般醇厚,闻起来有浓郁的椰香味,比一般的椰汁要浓上一倍,做到了真正的入口醇香,好喝,而且营养健康。味道更浓更好喝,作为一款植物蛋白饮料,热量更低,乳糖
  • 一个人要生活得健康,开心,快乐,需有一个良好的心态。如果你相信,它会慢慢地还你一张年轻容貌、一身健康的身体一定要坚持喝哦[色][色][色][色]#运动会#热
  • #摩登兄弟[超话]##刘宇宁献唱炽道主题曲# #刘宇宁宁远舟# 都说喜欢音乐的人的骨子里都充满着浪漫。@摩登兄弟刘宇宁 刘宇宁宁远舟 /刘宇宁一念关山 刘宇
  • 处女座:带你看电影处女座心里有你的表现是带你看电影,处女座的人是一个看似单调却又很浪漫的人,他们心里有你的话就会带你去看电影,是不是很浪漫啊。白羊座:总是请你吃
  • 有的事已经不知道当初是怎么的 比如喜欢谁 爱谁 这一世一些人的喜欢或者选择或许是不能去左右的 赵胜凤喜欢千玺 赵胜凤没有想让千玺或千玺的工作人员或赵胜凤
  • 2020年中国汽车市场的结构分布是,德系车占第一,约占24%的份额,日系车23%,韩系车和美系分别占7%左右,其它一些杂牌车加起来占2%左右,中资汽车全部加起来
  • 很多人说,我现在生活幸福美满,有一个宠爱自己的老公,有一个可人的女儿,没有外债,工作平稳,生活轻松,仿佛我就是别人眼中的“别人”可越是这样,我却越是担心失去现在
  •   刘振志回忆道,小高庄村的枣树种植早有传统,最早可以追溯到1984年,彼时改革开放不久,天津不少农村都在开拓除粮食外的经济作物种植,临近南运河的小高庄村也不例
  • 前所未有[来][来][来][来]杨立东18519798382同微信 无法割舍的院子情怀,每个人的心里都有一个家的模样!世界上不可能都是阳光灿烂的日子,人性也会有
  • ”也许你对人生有很多领悟,你可以高谈阔论,但你如果不顾眼下,再深的领悟,也只是空幻的概念。很多时候,我们又总是给自己的快乐先假定一个条件:“如果我有了房子,那我
  • 不求大富大贵,只要内心安宁,素简淡然,顺其自然,粗茶淡饭,也是生活中的清欢。素静的生活,清清淡淡,简简单单,抱朴守拙,返璞归真,才是最自然的生活状态,恬淡,安谧
  • 周某声称在醉酒状态下被“强制猥亵”但从我丈夫离开到接到胡某电话,仅6分钟时间,周某准确地感知到送她的人离开,并迅速准确拨通胡某敏(了解当晚我丈夫送她回酒店的男同
  • #IU[超话]##IU演唱会版eight#lze#IU2022TheGoldenHour蚕室演唱会# iu图片 iu eight iu好日子 iu演唱会周边 i
  • (๑ơ ₃ ơ)♥#cv天空[超话]# 感谢@蓝胖子空太 宝宝赞助,宝子欧气满满中了谢导同款罐头,但是因为人在上海,想给别的小朋友分享美味(我提出折现或者解封发
  • #每日一善[超话]#[太阳]#每日一善# [太阳]#阳光信用# 指路hui“我们谈谈理想:我的理想是面朝大海也面朝你,种植葡萄也生产诗歌,酿造美酒也酿造宿醉,
  • 比赛中出现了有趣的一幕,阿莱尼亚在场边足足等了4分钟才上场。在替下了布斯克茨之后,阿莱尼亚在场上待了90秒裁判就吹响了比赛结束的哨声。
  • 歌里的过往,歌里的旧情,撩拨起柔软的心弦,和着雨声在灵魂的深处奏鸣;往事里的青春,往事里的故人,往事里的笑容和悲伤,在串成线的雨丝中弥漫,泛起一片记忆的长河。
  • 圆之所以入坑是因为他们的有爱互动呀,然后刚看了这个视频天啊! 不认识海恩贤圭没磕过顶级姐狗cp的我跟你们真的没什么好说的我以前真的不喜欢姐狗的啊啊啊 真的对