༄༅།།དེ་རིང་ཕྱི་དྲོར་སློབ་གྲྭའི་ཐོག་ཁང་དམར་པོའི་ཐུ་མིའི་ཐང་ཆེན་དུ། སློབ་གྲྭའི་རྩོམ་རིག་མཐུན་ཚོགས་ཀྱི་ཁོངས་མི་ཡིན་པའི་ལོ་རིམ་གསུམ་པའི་སློབ་མ་ཚོའི་བརྩམས་ཆོས་བཤམས་སྟོན་ཞིག་སྒྲུབ་པའི་སྟེང་དུ། རྩོམ་འཇུག་རིག་པའི་འདོད་འཇོ་ཞེས་པའི་ཚོ་ཆུང་གིས་རྒྱུན་སྤྱོད་རྩོམ་ཡིག་འདྲ་མིན་འབྲི་བའི་ཐབས་ལམ་ངོ་སྤྲོད་བྱེད་པ་དང་། བཀླགས་གྲུབ་སེམས་ཀྱི་རྟོག་འཆར་ཞེས་པའི་ཚོ་ཆུང་གིས་དེ་སྔོན་ཁོང་ཚོས་དཔེ་དེབ་འདྲ་མིན་བཀླགས་པའི་མྱོང་ཚོར་ལྷུག་བརྗོད་བྱེད་པ་དང་། ཞལ་གདམས་ལེགས་པའི་ལམ་བཟང་ཞེས་པའི་ཚོ་ཆུང་གིས་བོད་ཀྱི་ལེགས་བཤད་འདྲ་མིན་གྱི་བརྗོད་སྙིང་འགྲེལ་བརྗོད་བྱེད་པ་དང་། བཤད་པ་གཏམ་གྱི་དགའ་ཚལ་ཞེས་པའི་ཚོ་ཆུང་གིས་གེ་སར་རྒྱལ་པོའི་སྒྲུང་དང་རྗེ་བཙུན་མི་ལའི་རྣམ་མགུར་སོགས་བཤད་ལེན་བྱེད་པ་དང་། སྒྱུ་རྩལ་ཡིད་ཀྱི་དགའ་སྟོན་ཞེས་པའི་ཚོ་ཆུང་གིས་སྲོལ་རྒྱུན་རྩོམ་ལུས་དང་རང་མོས་རྩོམ་ལུས་གང་རུང་སྤྱད་དེ་བྲིས་པའི་རྩོམ་ཡིག་བྲིས་ཐང་༣༩་ཡི་སྟེང་གི་རྩོམ་ཡིག་བདུན་ཅུ་ལྷག་གི་བརྗོད་སྙིང་དང་སྒྱུ་རྩལ་ཁྱད་ཆོས་ངོ་སྤྲོད་བྱེད་ཀྱི་གདའོ།། ང་རང་གིས་ཧ་ལམ་དུས་ཡུན་ཆུ་ཚོད་གཉིས་ཙམ་སྤྱད་དེ་སློབ་མ་ཚོས་བྲིས་པའི་རྩོམ་ཡིག་ཐམས་ཅད་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱས་པས། བག་ཆགས་པའི་དབྱངས་གསལ་གྱི་སྦྱོར་བ་ལས། སློབ་མ་ཚོའི་དྭངས་གཙང་ལྷད་མེད་ཀྱི་སེམས་པ་དང་། བག་ཡོད་བཟང་སྤྱོད་ཀྱི་བསམ་བློ། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས། ད་དུང་ཕ་ཡུལ་དང་མི་རིགས། སྔོན་བྱོན་མེས་པོ་དང་མཁས་པ། སློབ་གྲྭ་དང་དགེ་རྒན་སོགས་ལ་བཅངས་པའི་དུང་ཞེན་ལྷོག་ལྷོག་ཏུ་ཁོལ་བས། ལྟད་མོ་བ་དག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད། ང་ཚོས་ཁོང་ཚོའི་རྩོམ་ཡིག་ཐེངས་རེ་བཀླགས་པ་དེ་ཙམ་གྱིས་ཀྱང་། ཁོང་ཚོ་ལ་སྐུལ་འདེད་ཆེན་པོ་ཐེབས་པ་ནི། སྐབས་དེའི་ཁོང་ཚོའི་བཅོས་མིན་གྱི་ཉམས་འགྱུར་དག་ལས་མཐོང་ཐུབ་པ་བྱུང་ངོ་།།

༄༅།།མདོ་ལས་གསུངས་པའི་ཨ་མའི་དྲིན་ལན་འཇལ་སྟངས་སྐོར།
 ཤཱ་རིའི་བུས་སྟོན་པ་ལ། ད་ལྟ་ངའི་ཨ་མ་རྒས་ཤིང་ནད་ཀྱིས་མནར་ནས་ཉལ་སར་རུ་ལྷུང་ཡོད་པས་ཁྱེད་ཀྱིས་ང་དགེ་འདུན་གྱི་ཚོགས་ནས་གནང་བ་ཞིག་སྟེར་རོགས། ངས་ཨ་མའི་ཞབས་གཡོག་བྱེད་དགོས། མོ་ལ་ང་མ་གཏོགས་བྱིས་པ་མེད་ཞེས་ཞུས།  སྟོན་པའི་ཞལ་ནས། ཤཱ་རིའི་བུ། རང་གི་དྲིན་ཆེ་བའི་ཨ་མའི་ཞབས་གཡོག་བཟོ་བ་ནི་ངའི་ཆོས་དང་ཡང་མཐུན་པ་ཞིག་ཡིན་པས་ཁྱེད་ཀྱིས་གནང་བ་མ་ཞུས་ཀྱང་ཆོག་ཞེས་བཀའ་བསྩལ་ཏོ། ། 
   ཡང་ཤཱ་རིའི་བུས། ངས་ཨ་མའི་དྲིན་ལན་ཇི་ལྟར་བྱས་ན་མཇལ་ཐུབ་ཞེས་ཞུས་པས།  སྟོན་པའི་ཞལ་ནས། ཚེ་འདིར་ཁྱེད་ཀྱིས་ཨ་མའི་དྲིན་ལན་ངོ་མ་ཞིག་འཇལ་འདོད་ཚེ། ཨ་མའི་ཐུགས་དགྱེས་ཐུབ་པའང་ཨ་མ་དགའ་ཐབས་བྱོས། ད་དུང་ཁྱེད་རང་དགེ་སློང་དང་དགེ་འདུན་མང་པོའི་ཚོགས་ནས་དགེ་རྩ་ཅི་ཞིག་བསྒྲུབ་པ་ཐམས་ཅད་མར་གྱུར་པའི་སེམས་ཅན་ཀུན་གྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་ཡག་པོ་གྱིས་དང་། དྲིན་ཆེ་བའི་ཨ་མ་གསོན་པོ་ཡིན་ན་ཚེ་རིང་ཞིང་ནད་མེད་པ་ལ་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ཨ་མ་ཚེ་ལས་འདས་ཟིན་ཡང་ཕྱི་མའི་འཕྲུལ་སྣང་གི་འཇིགས་སྐྲག་ཞི་བ་ལ་ཕན་ངེས་ཡིན། དེ་ལས་ཨ་མ་སེམས་ཕམ་ཚར་རྗེས། ཟས་གོས་དང་སྟོབས་འབྱོར་སོགས་གང་གིས་ཀྱང་ཨ་མའི་དྲིན་ལན་འཇལ་ཐབས་མེད།

༄༅།།དེ་རིང་ཕྱི་དྲོར་ལོ་རིམ་གཉིས་པའི་གསོ་རིག་འཛིན་གྲྭ་སྟེ་༢༠་༡་འཛིན་གྲྭའི་སློབ་གྲོགས་ཚོས་སློབ་གྲྭའི་ཐོག་ཁང་དམར་པོའི་ཐུ་མིའི་ཐང་ཆེན་དུ། ཏོག་གསར་གློ་ཚད་སོགས་རིམས་ནད་སྔོན་འགོག་རྒྱུན་ཤེས་ངོ་སྤྲོད་ཚོ་ཆུང་དང་། ནད་པ་མྱུར་སྐྱོབ་རྒྱུན་ཤེས་ངོ་སྤྲོད་ཚོ་ཆུང་དང་། རྒྱུན་ལྡན་ནད་རིགས་སྔོན་འགོག་རྒྱུན་ཤེས་ངོ་སྤྲོད་ཚོ་ཆུང་དང་། བོད་སྨན་གྱི་ཐུན་མིན་ཁྱད་ཆོས་ངོ་སྤྲོད་ཚོ་ཆུང་སོགས་ཚོ་ཆུང་ཁག་འགར་བགོས་ཏེ། དགེ་སློབ་རྣམས་ལ་ཁ་ཚ་དགོས་གཏུག་ཆེ་བའི་འཕྲོད་བསྟེན་རྒྱུན་ཤེས་ངོ་སྤྲོད་བྱས་པར་གྲུབ་འབྲས་མི་དམན་པ་ཐོབ་བོ།།


发布     👍 0 举报 写留言 🖊   
✋热门推荐
  • 清华大学美术学院庆祝活动标志发布,运用了时尚简约的视觉形象,体现出在新时代对工美精神的追忆与创新。这个主题与他在巴黎制作的夏令花束有着某种和谐的关系。
  • 只是,很多人此前没有看到,甚至在2016-2017年,很多人发了疯的去买远郊的概念区域,自认为自己眼光高人一等,提前入场占座的的时候,悟空就说主城才是王道。早在
  • 而她本人也大公无私的,将冒险带回的半导体特殊材料,捐献给了祖国。而这家公司也让,林兰英发挥了自己的天赋。
  • !因为没有听到完整的剧集,暂时不发表太多评论了。
  • ✔♥2、有没有副作用?而痘坑、痘印等也会因为皮肤的紧致而得到改善。
  • 怎么说呢,创作是自由的,可是写作的人不是,对他有这么大的恶意,报应都在路上了。这么漂亮的又是北大的硕士,为什么没有人愿意继续接触呢?
  • 3.我永远会做自己,直到我s了为止,如果你不喜欢 ,你可以比我先s。5.我们不合适,你适合更好的,而不是我这种最好的。
  • ᴀᴘʀɪʟ 15-18 | ᴇᴠᴇʀʏᴛʜɪɴɢ ᴡɪʟʟ ʙᴇ ᴏᴋ ☼❶✐足以见到我是多么喜欢这个眼镜❷✐都没有太关注过校运会 但是 皮卡丘也太可爱了叭(
  • 与旧日朋友畅叙别离之情也只能在那虚幻的梦境。话还没有说完,却被窗外鸟儿的啼声惊醒了。
  • 饭局结束后,前辈和我说,他不过是想急于证明自己,在场有一半的人都知道那是我的作品,大家都没发话,你何必让他难堪呢?一个人基本的界限感,就是做好自己份内的事,不对
  • 古代军事筑垒的始建年代和长宽高的测量,那是考古工作者的的专业。而当年它建在此的军事意义,则是历史军事地理的研究范畴。
  • 从当时的不被人看好 再到现在被很多人认可 我一直都在所以我认为 我遇到他的时候就是最好的时间 再早我还在幼儿园呢哈哈!我们的一生,所有人都是过客,只有自己才是故
  • 听着前方战友一个个倒下的消息、看着一个个熟悉的名字在花名册上抹去,他也想拿起机枪冲到最前沿为牺牲的战友报仇,但作为军人,听从命令是天职,他只有更好地坚守自己的岗
  • @HelloDance黄潇晚上老弟打电话问候病中的我,最后问我想不想听大家一起说姐姐晚安,愣了一下,想到他在宿舍,于是说要听,等待一会儿后,先是传来了一声“妹妹
  • #宋亚轩[超话]##宋亚轩 治愈笑颜# #宋亚轩 以戏绘星海# 正在播放 《 》: ━━━━━●━─────── 3:04 ⇆ ◁ ❚❚ ▷ ↻ @时代
  • 小神龙俱乐部《艺术创想》的尼尔叔叔,在外网一直被谣传已经死了[费解] 目前谣传的死亡时间和死因包括: 2008年3月21日死于结肠癌 2020年9月7日死于结
  • #我们坐在高高的虾壳上听老虾讲过去的故事[超话]##向全世界安利肖战##肖战如梦之梦# 这是我亲哥[嘻嘻]上次去北京在地铁上给他看战战人物杂志的五分钟采访,看完
  • 太暖了,也没有别的秘诀。并且是超级笔直的大直男。
  • ”如果不是业障尽了,凡情全空,断除了一切贪嗔痴等烦恼,证悟了宇宙人生的真理,就没有出离此三界的希望。#大乘佛教[超话]#教育子女五件东西不能丢 追求,没有目标,
  • 人生那么短,不必计较太多,与其在纷扰中度日如年,不如让自己在舒适中度过余生ᴰᵒⁿ'ᵗ ˡᵉᵗ ˡⁱᶠᵉ ʳᵃᵛᵃᵍᵉ ᵗʰᵉ ᵗᵉⁿᵈᵉʳⁿᵉˢˢ ᵇᵉᵗʷᵉᵉ