༺ དེ་རིང་བཟུང་སྐར་མ་རྀ་ཥི་འཆར་རྒྱུ་རེད།༻
從開始出現藥王星為期7天

སང་ཉིན་ནས་བཟུང་སྟེ་ཉིན་བདུན་གྱི་རིང་ལ་སྐར་མ་རི་འདོར་ཏེ། བོད་ཟླ་བདུན་པའི་ཚེས་ གསུམ་འབུམ་ནས་ཟླ་བདུན་པའི་བརྒྱད་ཚེས་དྲུག་བར་འཆར་རྒྱུའི་རྒྱུ་སྐར་ཞིག་ཡིན་ལ་འདིའི་འོད་ཟེར་ཕོག་ཚད་ཀྱི་རྩ་ཆུ་ནག་གསུམ་ཚང་མ་སྨན་ཆུར་གྱུར་པས་བོད་ཀྱི་ཆབ་ཞུགས་དུས་ཆེན་ཟེར་བའི་སྲོལ་རྒྱུན་ཞེས་པའང་འདི་ལས་བྱུང་། དེས་ན་ཀུན་གྱིས་འདིའི་ཉིན་བདུན་བར་ཆུས་ལུས་བཀྲུ་བ་དང་སྨན་ཆུར་འཐུང་བ་སོགས་བྱེད་ན་ཕན་ནུས་ཧ་ཅང་ཆེ་ཞིང་སངས་རྒྱས་སྨན་བླ་ལ་དད་སེམས་ཀྱིས་གསོལ་འདེབས་བྱེད་ནས་ལུས་བཀྲུ་བ་སོགས་བྱེད་ན་ལས་ངན་སྡིག་སྒྲིབ་དག་པར་ཡང་འགྱུར་རོ།།
今年的9月6日~9月12日(藏歷七月三十日~八月六日),藥王星(棄山星、澄水星)開始出現,為期7天。藥王星當空的7天內,江河湖海等一切水源皆具藥性,是沐浴、清凈病障業障的好時機。此時雨水也具同樣加持力,7日內宜淋雨。大家可以勤洗澡、多淋雨,淋雨洗澡時觀想藥隨著水流下來,身上的病和業障順著手指腳底以及汗毛孔排泄出去。(藏文名叫: '嘎瑪熱喀'。)

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།
頂禮供養皈依出有壞如來應供真實圓滿正等覺藥師琉璃光佛

ཨོཾ་བྷཻ་ཥ་ཛྱེ་བྷྱཻ་ཥ་ཛྱེ། མ་ཧཱ་བྷྱཻ་ཥ་ཛྱེ།རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ།
嗡 貝卡匝耶 貝卡匝耶 瑪哈貝卡匝耶 染匝薩麼嘎得娑哈

ཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ༎
唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 帕啦 吽 阿
Om Ah Hum Varja Guru Padma Beikenjaye Shava Siddhi Pala Hum Ah

ཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཧཱུྃ༎
唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 吽
Om Ah Hum Varja Guru Padma Beikenjaye Shava Siddhi Hum

ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཧྲཱིཿ༎
唵阿吽啥 唄咔咋耶 娑哇 悉地 啥
Om Ah Hum Shri Beikenjaye Shava Siddhi Shri

ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ༎
唵阿吽啥
Om Ah Hum Shri

མདོ་སྡེ་མྱང་འདས་ཆེན་པོ་ལས།
《大涅槃經》中云

བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་དེས།།
願力法術無邊者,
བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དེ་ལ།།
大悲南無藥師佛,
སྨོན་ལམ་མཐུ་ཡིས་འདི་སྐད་ཅེས་སྨྲས་པ།།
對著天寶菩薩說:
ཐམས་ཅད་ནད་ལས་ཡོངས་སུ་ཐར་ཕྱིར་དུ།།
為了一切脫離病,
སྨན་དང་བདུད་རྩིའི་ཆར་བ་ཕོབ་ཅིག་གོ།
願我藥雨甘露下。

ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་དཔྱད་ཡན་ལག་བརྒྱད་པ་ལས།

龍樹菩薩所寫的《醫學判斷八分支》中:

ཉི་མའི་འོད་ཀྱིས་གདུངས་པ་དང་།།
太陽曬的苦惱中,
ཟླ་བའི་འོད་ཀྱིས་བསིལ་བྱས་ལ།།
月亮光影涼涼時,
རྀ་ཥྀ་ཤར་བས་དུག་མེད་པ།།
無毒熱喀顯來了,
ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་།།
日日夜夜喝藥水。

འགྲོ་བའི་ནད་རྣམས་སེལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པར་སྨོན།
願一切眾生遠離病魔、圓滿幸福

གནམ་གྱྀ་ནྀ་དབུས། ས་འྀ་དཀྱྀལ། ཆུ་ཐམས་ཅད་ཀྱྀ་འགོ། རྀ་མཐོ།
ས་གཙང་།

ཡུལ་གངས་ཅན།

གངས་འདྀ་སུམ་ཕུ་གངས་རྀ།
ཡུལ་ནྀ་སུམ་པ། རྒྱལ་ཤོད་སྟག་པ་ཚལ་གྱིས་ཕུ།

༄༅༅། །རྒྱ་གར་སྐད་དུ། པི་ཏྲྀ་མ་ཏྲྀ་སུ་ཏྲ།  བོད་སྐད་དུ། །ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་ དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་།  ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བསྐུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ནའང་མཐོ་རིས་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕ་མའི་མདོ་རྫོགས་སོ།། །།


发布     👍 0 举报 写留言 🖊   
✋热门推荐
  • 医生斥责我怎么拖了一个礼拜才看,搞得我莫名产生把事情搞砸了的挫败感,但也庆幸自己没拖更晚,起码现在还只是一般糟糕。 有时候觉得,一辈子单着也挺好,人生为自己而活
  • 今早读书心得: 希言自然,故飘风不终朝,骤雨不终日,孰为此者,天地。越是轻浮的人估计是他内心越不强大,表现得特别急躁,与之相反的是内心强大的人表现得特别沉稳,不
  • 5月下旬的时候,邓超发了一篇这样的微博:明星减肥食谱 “管住嘴,迈开腿”五个月减掉72斤的瘦身女王五个月减掉72斤的瘦身女王郭思是邓超孙俪夫妇共同的经纪人,创造
  • 有网友认为这些年这对夫妻上综艺节目没完没了炒作,直言:“上综艺秀恩爱的不一定爱老婆,但一定很爱钱”。2022年秋图选网络沈城留墨#秋月新诗新词##情感[超话]#
  • 工作不稳定真的让人工作2个月就想着1年以后的事情[泪]看完电影感觉后面的7天又可以坚持了#studyaccount[超话]# 这个国庆设置的任务大部分没完成尤其
  • 今天听的都是钢琴曲,虽然没有歌词,却很有魔力,心情愉悦或者享受孤独的魔力,好想再看一遍《海上钢琴师》再感受一次1900的孤独,我的和他相比,算是一个天上一个地下
  • 在言冰云严厉的眼神下,魏无羡还是先把兔子给了疾冲,小声说道,“帮我把兔兔看好了,我等会来找你。 昨晚之事,让他确定先前醉仙楼背后的人就是北堂墨染,言冰云望
  • ”[doge]1:《错世》作者:狂上加狂(连载中)2—3《穿成狗血文中的大反派》《柳暗花明》作者:丹青手4:《女恩师》作者:天如玉5:《不要乱碰瓷》作者:红刺北
  • 拒绝追星浓度过大 拒绝游戏拉踩 拒绝嘴我爱的cv 毛毛 路路 拒绝秒关没两天就双的❗❗❗一定要慎重❗没有当我○| ̄|_=3 我爱左然[虎爪比心]#闪耀暖暖[超
  • 我嘿嘿笑笑,傻不拉几地回复:没有,就是穿反了现在想想:他的情商真高事情...是这样开始的我们一起点外卖,我就打算点麻辣香锅,马上下单了,在付款前一秒chw叫住我
  • 纵棹趁夜风小眠载一舟江烟晚来揽星归摘片柳叶吹彻天边展开泛黄的纸鸢回首旧人间江灯飘摇远往事随波如又一篇高台倚栏前衔杯观花满长街玄武洞天也曾浇血洗剑讥评堪过耳心本勇
  • 黄秋燕应该非常期望,看着女儿们比自己幸福,李思和妹妹两个人,应该勇敢一点,找到自己的幸福,证明给那些不相干的人看看,黄秋燕的女儿非常优秀。两个人携手走进了婚姻的
  • 如果你也有这种想法请和我联系,我告诉你欧瑞莲是怎么让我为之着迷,并下定决心去经营的最近看了很多别人的事迹,发觉,如果真的要下定决去改变自己的人生轨迹,那些所有的
  • 10.“我还好,你也保重”11.总有一片晚霞会经过你的头上,总有一个人在的等着爱你一场。26.要长大,要可爱,但不要变成各种奇奇怪怪的不可爱的人。
  • 理想化的父母在孩子出生后的几个月就消失了,孩子本来是“上帝”我们负责他们吃饱穿暖,可是久了就多了很多要求,这些要求的标准还都是按照成年人的标准。要多说爱,做错了
  • 只不过近年来,人们越来越重视它,医生也能做出更精确的确诊2、使用手机会造成癌症这种常见的癌症误区起源于手机散发出电磁辐射的事实。》不知道算不算Bug,但自从更新
  • #s联赛[超话]##全国车队公开赛S5#⭐全国车队公开赛S5线上赛经过三天的紧张比拼,各大车队奋勇向前,不断刷新自己的成绩。最新的车队积分排行榜单现已出炉,快来
  • 不作善事,不积阴德,则恶道无所不入矣!”阴德深厚,子孙才能昌盛,而积累阴德的方法有不殄天物,不肆盗淫,不毁正教,救死扶伤,急人患难。”如果人想修道,但是缺少阴德
  • #旅游资讯# 【[围观]狮城旅游可以“从家飞”啦!去新加坡旅游,可以从家门口乘坐飞机出发,真是太方便啦!
  • #肖战[超话]##与肖战的同行印记# [心][心]#肖战的人生关键帧# 角色打卡第一天是羡羡啊[抱一抱]“管他熙熙攘攘阳关道,我偏要一条独木桥走到黑。”少年人独