࿐མཁན་བརྩོན་འགྲུས་མཐར་ཕྱིན་མཆོག་གིས་འཇུ་ཉུང་དགོན་མི་ཕམ་ལྔ་རིག་ནང་བསྟན་སློབ་གླིང་གི་དཔེ་ཁང་ལ་གཟིགས་ཞིབ་དང་། དེ་རུ་གསོལ་ཇ་བཞེས་ཏེ་དཔེ་ཁང་དོ་དམ་ཕྱོགས་ནས་བཀའ་སློབ་ཟབ་རྒྱས་གནང་། [合十][合十][合十]
རྐྱེན་རླུང་བུ་དེ་ནམ་ལྡང་ཤེས་ནི་མི་ཤེས།།
སེམས་ལོ་མ་འདི་ནམ་འཁུར་ཚོད་ནི་མི་དཔོག།
ལུས་སྡོང་པོ་འདྲ་དབང་མེད་ཤུལ་ཏུ་ལྷག་ནས།།
གནས་གར་འཁྱམས་འདི་ཚོད་ཀྱིས་ཐུག་པ་མི་འདུག།
དགུང་ཨ་སྔོན་གྱི་ཁ་ཞེང་གཞལ་ཐུབ་མི་འདུག།
སྒྲོ་གཤོག་དཀར་དེས་མཐའ་ཡང་ཆོད་ཚོད་མ་རེད།།
བྱ་རྒོད་པོ་ཁྱོད་འཕུར་མཚམས་གང་ནས་འཇོག་གམ།།
ཡུལ་བྲག་དཀར་གྱི་ཐེམ་པ་གང་ལ་འབབ་བམ།།
ཚེ་འདི་ལ་ང་ཁྱོད་དང་འཕྲད་པའི་གཏམ་རྒྱུད།།
ཡིད་མེ་ལོང་འདྲའི་ཤོག་དཀར་ངོས་སུ་བརྐོས་ཀྱང་།།
ཞེ་དར་སྐུད་ཀྱི་མདུད་པ་ནམ་ཞིག་མི་གོ།
ཡིད་དྲན་འཛིན་གྱི་རི་མོ་ནམ་སུབ་ཅི་གོ།
ལམ་ཀྱ་ཀྱུ་འདི་བརྒྱུད་ནས་གང་ལ་ཐུག་གམ།།
ལས་ཆུ་བོ་འདིའི་བཞུར་ཐག་གང་ནས་འཆད་དམ།།
སེམས་ལོ་མ་འདི་ནམ་འཁུར་ཚོད་ནི་མི་དཔོག།
ལུས་སྡོང་པོ་འདྲ་དབང་མེད་ཤུལ་ཏུ་ལྷག་ནས།།
གནས་གར་འཁྱམས་འདི་ཚོད་ཀྱིས་ཐུག་པ་མི་འདུག།
དགུང་ཨ་སྔོན་གྱི་ཁ་ཞེང་གཞལ་ཐུབ་མི་འདུག།
སྒྲོ་གཤོག་དཀར་དེས་མཐའ་ཡང་ཆོད་ཚོད་མ་རེད།།
བྱ་རྒོད་པོ་ཁྱོད་འཕུར་མཚམས་གང་ནས་འཇོག་གམ།།
ཡུལ་བྲག་དཀར་གྱི་ཐེམ་པ་གང་ལ་འབབ་བམ།།
ཚེ་འདི་ལ་ང་ཁྱོད་དང་འཕྲད་པའི་གཏམ་རྒྱུད།།
ཡིད་མེ་ལོང་འདྲའི་ཤོག་དཀར་ངོས་སུ་བརྐོས་ཀྱང་།།
ཞེ་དར་སྐུད་ཀྱི་མདུད་པ་ནམ་ཞིག་མི་གོ།
ཡིད་དྲན་འཛིན་གྱི་རི་མོ་ནམ་སུབ་ཅི་གོ།
ལམ་ཀྱ་ཀྱུ་འདི་བརྒྱུད་ནས་གང་ལ་ཐུག་གམ།།
ལས་ཆུ་བོ་འདིའི་བཞུར་ཐག་གང་ནས་འཆད་དམ།།
བཟོད་སྒོམ་ལྷུན་པོ་དང་འགྲན་དུ་བཟོད་ན།།
སྤོབས་པའི་གོ་ཁྲབ་འདི་ཐེད་དགོས་མི་འདུག།
རེ་བའི་སྒྲོན་མེ་ཡིས་འཇིག་རྟེན་གསལ་ན།།
བསམ་པའི་འཁྱེར་སོ་འདི་དཀྱེལ་ཡངས་ལོས་ཡོད།།
སྤོབས་པའི་གོ་ཁྲབ་འདི་ཐེད་དགོས་མི་འདུག།
རེ་བའི་སྒྲོན་མེ་ཡིས་འཇིག་རྟེན་གསལ་ན།།
བསམ་པའི་འཁྱེར་སོ་འདི་དཀྱེལ་ཡངས་ལོས་ཡོད།།
✋热门推荐