༄༅།།སྐབས་རེར་སློབ་མའི་ཁྲོད་དུ་བློ་ཡུལ་ལས་འདས་པའི་གནད་དོན་རེ་བྱུང་སོང་བསམས་ཀྱང་། དོན་དུ་དེང་གི་སློབ་གསོའི་གནས་བབ་འདིར་བསམས་ན་བློ་ཡུལ་དུ་མི་ཤོང་བ་གང་ཡང་མ་རེད། དེར་བརྟེན། སྐབས་རེར་གནད་དོན་ཅུང་ཆེ་ཙམ་རེ་འབྱུང་དུས་སུ་དཔེ་མི་སྲིད་པའི་ཧ་ལས་མདོག་བྱེད་པ་ལས། ནམ་རྒྱུན་གནད་དོན་དེ་འདྲ་མང་པོ་མི་འབྱུང་བ་ནི་ཅི་འདྲའི་བཟང་བ་ལ་ཨང་བསམས་ཐུབ་པ་ནི་ཧ་ཅང་གལ་ཆེན་པོ་རེད་སེམས་བཞིན་ཡོད། མིག་གིས་ཆེས་མཐོ་ས་ཞིག་ལ་བལྟ་ཆོག་ཀྱང་། གོམ་པ་ནི་ཆེས་དམའ་ས་ཞིག་ནས་རེ་རེ་བཞིན་སྤོས་ཏེ་མདུན་དུ་བསྐྱོད་དགོས། བག་ཕེབས་པའི་གཟའ་མཇུག་རེ་རེ་བཞིན་དུ་འུ་ཅག་ནི་མང་པོ་ཞིག་དྲན་བཞིན་བསྡད་དགོས་པ་འདི། དགོས་མེད་ཀྱི་དཀའ་ཚེགས་ཤིག་ཡིན་ལ་སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་ཅིག་ཀྱང་ཅི་ལ་མིན།

༄༅།།དེ་རིང་ཕྱི་དྲོར་སློབ་གྲྭའི་ཐོག་ཁང་དམར་པོའི་ཐུ་མིའི་ཐང་དུ། གཉིས་ཐིག་གཉིས་པའི་འཛིན་གྲྭ་སྟེ་ལོ་རིམ་གཉིས་པའི་བཟོ་རིག་འཛིན་གྲྭའི་སློབ་གྲོགས་ཚོས་སློབ་གྲྭའི་དགེ་སློབ་ཡོངས་ལ། སོ་སོའི་སློབ་སྦྱོང་གི་གྲུབ་འབྲས་ཞུ་འབུལ་ཞིག་དང་། རང་རང་ལ་སྐུལ་འདེད་ཅིག་གི་ཚུལ་དུ་དེ་སྔོན་སློབ་གསེང་ཁག་ཏུ་བྲིས་པའི་གནའ་དེང་གི་རི་མོ་མི་ཉུང་བ་ཞིག་དང་། ཚོན་ལྡན་འགྱིག་འདམ་གྱིས་བཟོས་པའི་འདྲ་བརྙན་སྣ་ཚོགས་ཤིག་བཤམས་སྟོན་བྱས་པར་ལྟད་མོ་བ་མང་པོ་འདུས་སོ།།

༄༅།། མིར་སྐྱེས་པའི་རིན་ཐང་ཡོད་པར་འཚལ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 མཚམས་ལན་རེར་བློ་ཁ་ནང་བསྐོར་ནས། །

ངའི་མི་ཚེའི་ཤུལ་ལམ་ལ་བལྟས་ན། །

ནང་བསམ་བློར་བཀོད་སྒྲིག་མ་ཐེངས་པའི། །

དགོད་བྲོ་བའི་བྱ་བ་མང་ཞིག་མཆིས། །

ཁ་བཟའ་བཏུང་རྒྱབ་ལ་གྱོན་གོས་སོགས། །

འབད་མི་དགོས་འོངས་པ་བྱིས་པའི་དུས། །

ཡུལ་ཕ་མའི་དྲིན་ལན་མ་ཤེས་ཟིག །

དྲིན་ཚོར་དུས་ཕ་མ་གང་ན་ཡོད། །

གསེར་སེར་བོ་ལས་ལྷག་དུས་ཚོད་དེ། །

རྩ་ཆེ་ཚུལ་མ་ཤེས་འཛད་དུ་བཅུག །

ཞེ་གཏིང་ནས་ཚོར་དུས་འགོར་ནས་གདའ། །

ཡལ་ཟིན་པའི་ལང་ཚོ་ཕྱིར་འོངས་མེད། །

ནོར་རིན་ཆེན་འབུམ་གྱིས་མི་ཁུག་པའི། །

གཉེན་ཉེ་དུ་ལྷན་འཛོམས་བྱུང་དུས་སུ། །

སེམས་དུང་ཞེན་མ་བརྗོད་ཁོག་ནས་བསྐུང་། །

བཤད་འདོད་དུས་ལྷན་ཅིག་འཛོམས་པ་དཀའ། །

སྐྱབས་ཀུན་འདུས་བླ་མ་བཞུགས་པའི་དུས། །

ཆོས་ཟབ་མོའི་གདམས་པ་མ་ཞུས་ཟིག །

ཞུ་བསམ་དུས་བླ་མ་མི་བཞུགས་པས། །

སེམས་འགྱོད་པས་གདུང་ཡང་འགོར་ནས་འདུག །

མི་ང་དང་ང་འདྲའི་སོ་སྐྱེ་རྣམས། །

གོང་དམ་པས་གཟིགས་ན་བྱིས་པ་འདྲ། །

ཡིད་རེ་བ་ཀུན་སྐོང་ཡིད་བཞིན་ནོར། །

རྙེད་ཟིན་དུས་མ་གཅེས་ཤོར་དུས་འགྱོད། །

ཐོབ་ཟིན་པའི་ནོར་བུ་གང་ཡོད་རྣམས། །

བསྲུང་མ་ཤེས་རྐུ་ལ་ཤོར་ནས་འདུག །

བཀོལ་དགོས་དུས་གཅིག་ཀྱང་མི་དབང་བས། །

སེམས་སྡུག་ཀྱང་རང་གི་སྡུག་གྱོང་རེད། །

དོན་དེ་ཕྱིར་ཡིད་གཅུགས་གྲོགས་པོ་ཚོ། །

ནོར་རང་ལ་ཡོད་དུས་གཅེས་སྤྲས་བྱོས། །

འགྱོད་མི་དགོས་ཐབས་ཤིག་ཅིས་ཀྱང་འཚལ། །

མིར་སྐྱེས་པའི་རིན་ཐང་ཡོད་པར་འཚལ། །

ཞེས་བཛྲ་ཚུལ་རྒྱ་མཚོས་༢༠༡༧ལོའི་ཟླ་༧པའི་ཚེས་༧ལ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་སློབ་གླིང་ནས་སེམས་ལ་ཤར་ཚུལ་ཐོལ་བྱུང་དུ་བྲིས་པའོ།། https://t.cn/R2WxDPj


发布     👍 0 举报 写留言 🖊   
✋热门推荐
  • 在成长中,能做好事情的第一步,不过就是咽下苦,藏起累,控制好自己的负面情绪和尖刺语言,一步一个脚印,走到自己想去的地方。在成长中,能做好事情的第一步,不过就是咽
  • 【贝颜】新花萃裸装BB霜 锁水保湿 40g原价39.9元,券后【9.9元】秒杀【拍就送玫瑰面膜2片】实际评测,见证持久妆力,修颜保湿,持久滋润遮瑕~复制本消息,
  • / 雪音クリス(CV:高垣彩陽)09. デンジャラス・サンシャイン / 暁 切歌(CV:茅野愛衣)10. はっぴー すまいる ばけいしょん / 暁 切歌(CV
  • #情感# 爱一个人就是这样,隔着万水千山,途径人潮汹涌,也会迫不及待地想要见面。见面前的精心打扮和迫不及待的心情,见面时的满心欢愉和全世界只剩下你们的快乐,见面
  • 婚姻宫午火被月和时争合,你的人际关系搞的不错,喜欢欣赏的人多,但年上子冲午,自己情绪不稳定,时好时坏,幸福指数不高。丁酉运,伤官见官克夫运,不再有利于结婚的年头
  • 我知道人总有取舍,你取了自己认为重要的东西,舍弃了我,这只是你的选择而已。"以前遇到真心不被善待,总还会觉得很难过,有怨心。
  • 好了,我的眼光看到了境界,我从这些看的境界当中苏醒过来了,我的眼光能看一切却不染一切,我的眼光能见一切而不染一切,我的眼光在境界当中却脱离境界,渗透在境界当中却
  • “所以,小影——今天的任务也绝对不能够偷跑哦——”“打死我我也不去!“所以,小影——今天的任务也绝对不能够偷跑哦——”“打死我我也不去!
  • 作为帝国权贵的傲娇雷先生发现了她没心没肺这点,非常的火大,作为惩罚,直接娶了回家慢慢教,“老婆,今晚是先走心还是先走肾。 作为帝国权贵的傲娇雷先生发现了她没心
  • 每种创伤都是一种成熟, 它使人思索,使人坚强,使人更懂珍惜 。 每种创伤都是一种成熟, 它使人思索,使人坚强,使人更懂珍惜 。
  • 19年至今总是做着同样的噩梦 梦境内容大差不差 上网查阅了很多资料 硬说是肌肉记忆好像也没什么毛病 就觉得真的挺惨的吧 又优又劣 每次惊醒都会有一段特别恍惚的时
  • 24小时开足马力,超负荷运行,主动放弃假期,这群隐形的战士,在大家看不到的战场上,努力做好疫情防控工作的“前哨兵”。“天使白”的身影出现在省城的大街小巷,深入到
  • 兴趣爱好:听歌、运动、旅游择偶要求:身高不低于155 年龄18/25 不能太瘦 脾气不能太倔最讨厌冷战(闹矛盾了我会先认错,但希望你也能见好就收) 无不良嗜好
  • 新开个备注楼,在上一个微博留过名字的老婆可以忽略啦顺便说一下属性,要双的赶紧,以后专注养竞圈只有杨涛,他是底线,除了他谁都骂,雷iku各种团粉,但凡粉丝骂过他的
  • 【成都武侯:“防疫泡泡”护安全,闭环管理抓生产】#四川城市服务台# 突如其来的新一轮疫情,让企业生产经营面临考验。活动现场,华西“一校四院”有关专家带来了涉及高
  • 在此,我们必须明白,佛法与外道,在人天法的许多观念中,是可以相同的,外道虽不如佛法的深广博大,外道在人天法中所见境界,有许多在佛教是可以承认的。绝不是说:唯有此
  • 之前采访apo就有说想去世界各地和粉丝见面昨晚发布会采访mile也说他问pond能不能帮他们搞个小节目吗想一边工作一边环游世界 apo说mile提了一点ppon
  • 要努力呀,为了想要的生活,为了人间的烟火气,为了今天的风和月得当别离时发的案牍1.没紧要啦,最少我晓得你的名字,听过你的声音,也陪你聊过天,感觉过你的温顺,我们
  • 【玫莉蔻淑曼拉套盒介绍】产品分为:1️⃣柔肤水+2️⃣精华乳液+3️⃣精华液+4️⃣洁面乳产品特点:清爽不油腻,修复受损肌肤,滋养角质层,增强皮肤免疫力、舒缓、
  • 3.动力充沛通过性好,年轻人爱玩,开到河边露个营是基本要求。主要分四个方面:1.设计或者美或者酷或者有个性,平庸肯定是不行,配色也要丰富夺目。