༄༅།། མིར་སྐྱེས་པའི་རིན་ཐང་ཡོད་པར་འཚལ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 མཚམས་ལན་རེར་བློ་ཁ་ནང་བསྐོར་ནས། །

ངའི་མི་ཚེའི་ཤུལ་ལམ་ལ་བལྟས་ན། །

ནང་བསམ་བློར་བཀོད་སྒྲིག་མ་ཐེངས་པའི། །

དགོད་བྲོ་བའི་བྱ་བ་མང་ཞིག་མཆིས། །

ཁ་བཟའ་བཏུང་རྒྱབ་ལ་གྱོན་གོས་སོགས། །

འབད་མི་དགོས་འོངས་པ་བྱིས་པའི་དུས། །

ཡུལ་ཕ་མའི་དྲིན་ལན་མ་ཤེས་ཟིག །

དྲིན་ཚོར་དུས་ཕ་མ་གང་ན་ཡོད། །

གསེར་སེར་བོ་ལས་ལྷག་དུས་ཚོད་དེ། །

རྩ་ཆེ་ཚུལ་མ་ཤེས་འཛད་དུ་བཅུག །

ཞེ་གཏིང་ནས་ཚོར་དུས་འགོར་ནས་གདའ། །

ཡལ་ཟིན་པའི་ལང་ཚོ་ཕྱིར་འོངས་མེད། །

ནོར་རིན་ཆེན་འབུམ་གྱིས་མི་ཁུག་པའི། །

གཉེན་ཉེ་དུ་ལྷན་འཛོམས་བྱུང་དུས་སུ། །

སེམས་དུང་ཞེན་མ་བརྗོད་ཁོག་ནས་བསྐུང་། །

བཤད་འདོད་དུས་ལྷན་ཅིག་འཛོམས་པ་དཀའ། །

སྐྱབས་ཀུན་འདུས་བླ་མ་བཞུགས་པའི་དུས། །

ཆོས་ཟབ་མོའི་གདམས་པ་མ་ཞུས་ཟིག །

ཞུ་བསམ་དུས་བླ་མ་མི་བཞུགས་པས། །

སེམས་འགྱོད་པས་གདུང་ཡང་འགོར་ནས་འདུག །

མི་ང་དང་ང་འདྲའི་སོ་སྐྱེ་རྣམས། །

གོང་དམ་པས་གཟིགས་ན་བྱིས་པ་འདྲ། །

ཡིད་རེ་བ་ཀུན་སྐོང་ཡིད་བཞིན་ནོར། །

རྙེད་ཟིན་དུས་མ་གཅེས་ཤོར་དུས་འགྱོད། །

ཐོབ་ཟིན་པའི་ནོར་བུ་གང་ཡོད་རྣམས། །

བསྲུང་མ་ཤེས་རྐུ་ལ་ཤོར་ནས་འདུག །

བཀོལ་དགོས་དུས་གཅིག་ཀྱང་མི་དབང་བས། །

སེམས་སྡུག་ཀྱང་རང་གི་སྡུག་གྱོང་རེད། །

དོན་དེ་ཕྱིར་ཡིད་གཅུགས་གྲོགས་པོ་ཚོ། །

ནོར་རང་ལ་ཡོད་དུས་གཅེས་སྤྲས་བྱོས། །

འགྱོད་མི་དགོས་ཐབས་ཤིག་ཅིས་ཀྱང་འཚལ། །

མིར་སྐྱེས་པའི་རིན་ཐང་ཡོད་པར་འཚལ། །

ཞེས་བཛྲ་ཚུལ་རྒྱ་མཚོས་༢༠༡༧ལོའི་ཟླ་༧པའི་ཚེས་༧ལ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་སློབ་གླིང་ནས་སེམས་ལ་ཤར་ཚུལ་ཐོལ་བྱུང་དུ་བྲིས་པའོ།། https://t.cn/R2WxDPj

 

ངའི་མི་ཚེ་དང་ལོ་ཟླ། 人生和年月

རྡོ་ངག་ཡངས།

ཆར་བ་འབབ་རྒྱུ་ཕྱི་སོང་བས། །
གཞུང་ཤིང་སྨིན་ཚད་ཉམས་རེ་ངན། །
ཙག་རླུང་གཡུག་རྒྱུ་སྔ་སོང་བས། །
ལོ་མ་སེར་ཚོད་གང་ལས་ཐུ། །

མིག་ལ་ཐོགས་ཚད་ཚོན་ཁ་བཟང་། །
ལག་ཏུ་ཐོབ་ཚད་རྙིང་ཞིང་སྐྱ། །
ཁ་ལ་ཤར་བའི་འཇའ་རིས་དེ། །
དོན་ལ་མིག་ཆུ་གྲང་མོ་ཞིག །

རེ་བ་ཤིང་སྐམ་ཡལ་ག་ཅན།  །
འབྲས་བུ་ཐོགས་པ་རྨི་ལམ་ནང་། །
ཙད་དང་སེར་བ་སྦམ་ཁ་མཐུག །
ལྗང་མདོག་ལོ་མ་ཤི་འདྲེས་ཟིན། །
 

ལོ་ཟླ་གང་མང་དངན་པས་བཙའ།  །
དུས་ཀྱི་ཟིན་ཐོ་ཆུ་ལ་བྲིས།།
ཚེ་ཡི་ལྗོན་པ་གཞི་ནས་སྙིད།།
སྐྲ་ཡི་ལོ་མ་རླུང་ལ་བསྐུར།།

སེམས་པ་སྟོན་གྱི་ཟླ་སྨད་ན།།
ཁ་ཆར་འདྲེས་མ་ཟད་མཐའ་ཅི།།
ཡིད་སྐྱོ་ཁྲུང་ཁྲུང་རྨས་མའི་ཁྱུ།།
ལྷོ་མཐའི་རི་ལ་གཤོག་རྡང་སྒྲིག །

བཞིན་གྱི་དཀར་ཤ་ཀུ་མུ་ད།།
དུས་ཀྱི་ཉི་འོད་ཚ་བས་སྐམས།།
དཀའ་སྡུག་ཉམས་མྱོང་རི་མོ་ཡིས།།
ཡ་ཐོད་ཐེམ་པའི་ཞིང་ལ་བསྒྱུར།།

ལོ་དང་ཟླ་བའི་མུན་ཁང་དུ།།
ཚེ་ཡི་མཆོད་མེ་སྦར་བ་དེས།།
ཆགས་སྡང་ཟློས་གར་བལྟ་བ་ལས།།
བདེ་དགེའི་ལམ་བུ་ག་ཙམ་གསལ།།

དུང་འདུན་གཙང་བ་ལྷ་ཆུའི་རྒྱུན།།
བློ་ཡི་རྐ་རུ་ཤག་ཤག་བཞུར།།
རེ་འབྲས་སྦྲང་རྩི་མངར་མངར་བ་མོ།།
མངོན་གྱུར་ལྕེ་ལ་རེག་མྱོང་ངམ།།

ལྗང་མྱུག་དུས་ཀྱི་རྐང་ལམ་ནས།།
ཚོན་ཁ་ཅན་གྱི་ལམ་བྲོ་ཟད།།
སྡོང་ལོ་སྐྱ་བའི་གོ་རིམ་ནང་།།
བྱང་ཁོག་དགུན་ཟླ་བར་མས་ཟིན།།
༡༠
རྩམ་དྲི་ཡལ་བའི་དུས་འགྱུར་ལས།།
མིག་ཆུ་དག་མ་སྙིང་ལ་བླུགས།།
གདོང་བ་ཟད་པོའི་ཁང་སྟེང་དུ།།
སྐྲ་ཡི་འཇག་སྐྱ་ཐར་ཐོར་བབས།།
༡༡
དྲན་ཤེས་ཡ་ལད་མ་བགོས་པས།།
ཅོལ་ཆུང་གཞོན་དུས་ལེ་ལོས་རྨས།།
ཡོད་ཚད་ཤོར་བའི་ཕམ་གདུང་གིས།།
སྣང་བ་ཁྲིམས་ལ་ཡང་ཡང་སྦྱོར།།
༡༢
གྲྭ་གྲོང་བཅད་པའི་རྣང་ཚིགས་ན།།
འདུན་མ་ལྗང་མྱུག་ནད་པ་ཞིག །
དངན་པ་རེ་དང་མིག་ཆུ་རེས།།
ཡིད་ཀྱི་ས་ཆེན་སྒུལ་ཞིང་བརླན།།
༡༣
མྱི་རྐྱང་སེམས་ཀྱི་བརྩེ་གདུང་དྲོད།།
དགའ་མའི་བྲང་ལ་མ་གླན་པར།།
སྣལ་མ་གྲུ་བཞིའི་ཐུ་འོག་ནས།།
ལྔ་ཟུང་རིག་པའི་འཛུམ་ལ་འཁྲེང་།།

(མུ་འགོད་དང་པོ།)

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༧-༨ ཉིན་གཉིས་རིང་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་གོ་སྒྲིག་ཞུས་པ་ལྟར་་ཀུན་མཁྱེན་འཇིགས་མེད་གླིང་པའི་འདས་མཆོད་༢༢༣ པ་རྗེས་དྲན་ཞུ་ཆེད་སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བདུན་པ་ཚོགས་ཡོད་པ་དང་། ཉིན་དང་པོའི་སྔ་དྲོའི་ཆར་རྣམ་གྲོལ་གླིང་བཤད་གྲའི་མཁན་ཐོག་དང་པོ་འཇིགས་མེད་བསྐལ་བཟང་མཆོག་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་། དེའི་རྗེས་བགྲོ་གླེང་དངོས་གཞི་ཚོགས་པའི་བརྙན་པར་ཟུར་ཞིག[合十][合十][合十]ཡུན་དུ་བརྟན་པར་ཤོག [玫瑰][玫瑰][玫瑰] https://t.cn/z8idUPK


发布     👍 0 举报 写留言 🖊   
✋热门推荐
  • 我跟你说我后悔了,我就不应该嫁给你这么没有担当的男人,我就应该嫁给对我和孩子用心的男人,我倒是爱你啊,你为我做过什么?嫁你的时候我什么都不懂,以为你会为我遮风挡
  • 謝謝@殷诗裕喜欢创作音乐 熱心的幫忙開一個群,想加入的朋友們歡迎加入[加油],讓我們像一個溫暖的大家庭吧[加油][心],不用一定要很快速的龐大起來,但希望我們用
  • 明明那个玩意看到我的时候距离我大概五米的样子,完全有时间来的及刹车,我还没有在他直线行驶的距离上走,特意往外走了两步要绕开他,结果TMD还撞到了我。索性就在座位
  • #人生感悟# 生命的轨迹,无疑是一条蜿蜒起伏的曲线,且毫无规律可言。6月30号到7月19号生肖牛他们喜事连连,姻缘上甜蜜多,收入涨横财多,能够过上优越的生活,将
  • [鲜花] ​​​#潮州游 凤凰山#看到原本应该绽放得漂漂亮亮的白色杜鹃花开成这个样子了我一时间想哭,大老远特意到山上来看它们,不曾想看到的是这番惨兮兮的惨状;
  • 屏屏来给大家送福利啦[开学季]之前大家心心念念的墨燃生贺无料,屏屏整理后还有一些余量,在国庆节抽送给大家[赢牛奶][赢牛奶]关+抽1本画本❗️关+1个文本❗️关
  • .一年一度提前陪奥利奥过生日环节从我的二十岁陪伴至今✨转眼七年每次我回家尾巴都像直升机螺旋桨希望你可以一直健健康康能吃能睡是敲级重要的家庭老成员啦‍‍
  • !!
  • 也许我希望自己只专注自己的路,不要被他人的喜悦冲昏了头,毕竟是他们的,我还什么都没有。我说,现在的我可能在那时会有点无法面对这些喜讯,毕竟我的征程还远未结束。
  • 母亲说『以前打你,都能忍受,今天为什么哭』韩伯愈说『过去母亲打的我很痛,所以知道母亲身体健康,现在母亲的力量很小,不能打痛我了,所以哭泣』没人说的话没有这么强的
  • (写于9月21日下午6点46分)1、今天大盘已经第三天收出了地量级别的十字星,底部特征明显,目前主力不动,第一还是想等一下加息结果落地,第二俄乌冲突今天再次升级
  • 用AI超级收益率量化策略全自动交易替代传统落后的手工交易,这是技术的必然趋势,既能获得远远超越手工操作和大盘指数涨幅的收益率,又能彻底的解放广大投资者的生产力,
  • 纯干货!巧用布林带拐头进行哇塞买卖。建议收藏 众所周知,布林带由三根线组成。上轨为压力位,下轨为支撑位,中间是平均价。正常情况下,股价就在三根线之间来回波动。
  • 中央十三台播放,中国将进入乳腺癌高峰期,到2014年底,中国已有250万人患乳腺癌,保养胸部不是你喜不喜欢,也不是你需要不需要,在未来的日子里乳腺癌预防是每个不
  • 吐槽四:从来不碰微博,因为你~任嘉伦,我装上了微博,当上了一个嘉人,好不容易微博玩得得心应手了,《乌鸦小姐和蜥蜴先生》的播出,你又逼着我开始玩起了抖音~你为什么
  • 常常覺得晚間車窗外流動的風景總帶著一點無奈,配合這個場口林若君心中的迷思,和音樂總監黃艾倫共識要有弦樂襯托已經入睡的城市,旋律完成後再找來郭薾多先生把關於成長的
  • 好久没做饭了,做个小时候最喜欢吃的炸鸡蛋酱,放了四个鸡蛋,三勺酱,我还记得小时候,那是8几年,家里条件不好,鸡蛋都留着卖了换钱,炸酱的时候,妈妈只放一个鸡蛋,放
  • #3N温馨的家# 终于凌晨2:20儿子在白衣天使的护送下上了自家的车[心]从晚上7点降落浦东机场,在飞机上等待了6小时后终于下飞机了…下飞机后的手续还蛮快,大约
  • 这会是我永远永远的宝贝 第一次公开你的存在了 每次产检听到你的胎心像小火车似的就会觉得这三个多月的孕吐和孕反都很值得 之前产检你有在挥挥手 也有安安静静的睡着觉
  • 草莓熊抱枕套,第一次拿出来给套上房东沙发上的抱枕,他的颜色很艳丽,和我家格格不入,好刺眼好特别赐名:草莓熊大叔抱枕(很直接的名字毛短短的大概是天鹅绒面他看起来很