༄༅།།བརྗེད་ཐོ།
དེ་རིང་དགོང་དྲོར་སྐས་ཐེམ་སློབ་ཁང་དུ་སློབ་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་ཚན་ཁན་སོ་སོའི་འགན་འཁུར་བ་འདེམས་བསྐོའི་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་སློབ་ཚོགས་ཀྱི་ཁོངས་མི་རྒན་གཞོན་ཚང་མ་དང་འཛིན་གྲྭ་ཁག་གི་འཛིན་གཙོ་རྒན་པ་རྣམས་ཞུགས། སློབ་ཚོགས་ཀྱི་ཚོགས་གཙོ་འདེམས་བསྐོའི་གཞི་རྩའི་རྩ་དོན་གཞིར་བཟུང་སྟེང་། དམངས་གཙོའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། སློབ་གྲྭའི་སྐབས་ཉེར་གསུམ་པའི་སློབ་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་གསུམ་དང་། ཚན་ཁག་སོ་སོའི་འགན་འཁུར་བ་དག་བདམས་ཐོན་ལེགས་གྲུབ་བྱུང་། སློབ་གྲྭའི་ལས་ཀར་ཞབས་ཕྱིའི་ནུས་པ་ལེགས་པར་འདོན་བཞིན་པའི་སློབ་མའི་ཚོགས་པ་འདི་ནི། ང་ཚོར་ཡོད་ན་དེས་ཆོག མེད་ན་ཐབས་ཆག་ཅིག་ཡིན་ནོ།།

༄༅། །དབྱངས་ཅན་མའི་བསྟོད་པ།

#རྗེ་ ༸ བློ་བཟང་གྲགས་པས་མཛད།#

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།
རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། ། 

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། །
མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།
རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ།།
ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།། 

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།། 
མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ།།
མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག།།
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། 
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། 
ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།། 
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།

༄༅།།བསླབ་བྱ་དྲང་སྲོང་རྒན་པོའི་བདེན་ཚིག

 ༧རྗེ་འཇམ་དབྱངས་རྒྱ་མཚོས་མཛད།
ལམ་བཟང་སྟོན་པའི་བཤེས་གཉེན་དེད་དཔོན་དང་།།
དལ་འབྱོར་རྟེན་གྱི་གྲུ་གཟིངས་ལ་བརྟེན་ནས།།
ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ།།
ཐོས་བསམ་སྒོམ་གསུམ་བྱེད་རྣམས་འདུན་མ་བཟང་།།

ཡིད་ཀྱི་མུན་པ་སེལ་བའི་ཐབས་ཀྱི་མཆོག།
དྲི་མེད་ཤེས་རབ་སྒྲོན་མེ་སྦར་འདོད་ན།།
རིག་པའི་སྒོ་འབྱེད་བསྡུས་གྲྭའི་རིགས་ལམ་ལ།།
སྔོན་བྱོན་མཁས་པའི་རྣམ་ཐར་བཞིན་དུ་སྦྱོངས།།

སྨྲ་ངན་ཚར་གཅོད་ཕྱོགས་གླང་གྲགས་པའི་གཞུང་།།
སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་དོན།།
རིགས་སྨྲ་མཁས་པའི་མདུན་སར་བརྒལ་ལན་གྱིས།།
གཏན་ལ་འབེབས་པ་གནད་ཀྱི་དོན་པོར་ཟུངས།།

དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ།།
ཡུམ་གྱི་སྦས་དོན་མངོན་རྟོགས་རིམ་པ་ལ།།
ངོ་བོ་དྲང་ངེས་སྔ་ཕྱིའི་རིམ་པ་ཀུན།།
ཕན་ཚུན་འགལ་མེད་གྲོགས་སུ་ཆར་ལ་སློབས།།

གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི།།
ལུགས་བཞིན་ཀླུ་སྒྲུབ་དགོངས་དོན་ལྟ་བའི་མིག།
སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བའི་གཞུང་།།
ཇི་བཞིན་ཤེས་པར་འདོད་རྣམས་དབུ་མར་སློབས།།

ཁྱད་ཆོས་བཞི་ལྡན་མངོན་པའི་སྡེ་སྣོད་ཀྱི།།
བརྗོད་བྱ་རང་སྤྱིའི་མཚན་ཉིད་རྟོགས་འདོད་དག།
མངོན་པའི་སྡེ་སྣོད་གསོ་ཕྱིར་བསམ་བཞིན་དུ།།
བྱོན་པ་སྐུ་མཆེད་གཉིས་ཀྱི་གཞུང་ལ་སློབས།།

དམ་ཆོས་འདུལ་བ་རྒྱ་མཚོ་ལྟ་བུ་ལས།།
བྱུང་བའི་བླང་དོར་ཚུལ་བཞིན་བྱེད་འདོད་ན།།
རྩ་བཤད་སྡེ་བཞིའི་གཞུང་དོན་མ་ལུས་པ།།
བསྡུས་པ་ཡོན་ཏན་འོད་ཀྱི་གཞུང་ལ་སློབས།།

སྒྲ་རིག་བཟོ་གསོ་སྙན་ངག་སྡེབ་སྦྱོར་དང་།།
མངོན་བརྗོད་ཟློས་གར་སྐར་ནག་རྩིས་ཀྱི་གཞུང་།།
སྐད་ཡིག་ཀུན་དང་སྣ་ཚོགས་རིག་པའི་གནས།།
བསླབས་ནས་རྒྱལ་སྲས་རྣམ་ཐར་བདག་གིར་ཟུངས།།

བཀའ་གདམས་གོང་མའི་རྣམ་ཐར་ཇི་བཞིན་དུ།།
ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་དང་།།
རྒྱུད་ཆེན་རིམ་བྱོན་དམ་པའི་རྣམ་ཐར་བཞིན།།
གསང་ཆེན་རྒྱུད་སྡེ་བཞི་ལ་མཐར་ཕྱིན་བྱོས།།

ཐོས་ལོ་ཤེས་ལོའི་གྲགས་སྐམ་དོན་གཉེར་ངང་།།
འདིར་སྣང་ཞེན་པའི་ཐང་ལ་རྒྱུག་དྲགས་པས།།
མི་ཚེ་སྟོངས་པར་ཟད་པ་ཙམ་མིན་པར།།
དལ་འབྱོར་དོན་ཡོད་བྱེད་པ་མཁས་པའི་གཤིས།།

བསམ་པ་བཟང་བོས་རང་གི་མཆིལ་ལྷམ་ཟུང་།།
ཐུབ་སྐུའི་དབུ་ལ་བཞག་དང་བསལ་བྱས་པ།།
གཉིས་ཀའང་རྒྱལ་སྲིད་ཐོབ་པའི་རྒྱུར་གསུངས་ན།།
བསམ་པ་བཟང་བོས་སྨྲས་ལའང་ཉེས་པ་ཅི།།


发布     👍 0 举报 写留言 🖊   
✋热门推荐
  • #九州缥缈录##九州缥缈录[超话]#息衍你怎么又抢白毅台词[跪了][跪了][跪了]你俩是要互换人设吗[二哈][二哈]明明向来是你迟到,毕竟你这么懒散,白毅那么认
  • 看泰国G class俱乐部发的,路遇一台野生4 x4[允悲]以前也有很多粉丝朋友问,为什么不买4 x4,主要还是不方便,G63有很多商场都停不了,主要因为限高,
  • #韩剧推荐# 孤单又灿烂的故事今年再次一刷——孤单又灿烂的鬼怪再看多少次都无法说服自己最后结局是happy ending,反而一直觉得是悲伤的故事…如剧中有台词
  • “金猪岂有郎”的辛亥日,亥乃丙火绝地、丁火胎位,同样也是婚姻宫是丈夫的绝地、婚姻宫夫星无力之地,因此也无法受到丈夫的庇荫与照顾。1、比如这个女命,坤造己酉庚午辛
  • 37.再往后许多年,他偶然间听到别人轻哼了一句,“我说今晚月光那么美”蓦然出现在他眼前的,也是那日的一弯月色。7.少年隔着雨雾看他,眼里有珍宝一般的东西,闪着光
  • 这时,客店主人悄悄地叫来郝文俊,对他说:“您一定是从京城来的,口袋中一定有银子,否则的话,这和尚怎么会和你一起来?”郝文俊听了以后,惊慌失措不知怎么办才好,客店
  • 还有很多女生会问的特别直白:“他都这么对我了,还值得我挽回吗?还有很多女生会问的特别直白:“他都这么对我了,还值得我挽回吗?
  • !不然你傻乎乎的去贡献一波,把别人养成超话大咖,人家就直接顶着粉籍出去搞事情了。
  • (我还在看缪苏帕的直播[偷笑][偷笑][偷笑][偷笑])我追星是喜欢,他结婚,他有男友,我也喜欢,我喜欢他不代表我要进入他的生活,我喜欢一朵花,就慢慢陪着它就行
  • ⭐ 低至8折,$280收La Mer神奇面霜,Creed也参与![给你小心心]@任嘉伦Allen^_______^^[给你小心心][给你小心心]^^_____
  • 该馆位于郑州市花园路55号河南省文化馆市区分馆内,是河南省文化馆深入挖掘黄河文化蕴含的时代价值,为讲好“黄河故事”而精心打造的公益性文旅融合项目。来源:宁夏广电
  • 挂上刚一小时就遇到三个了,看我挂的价格刀了100,别人都要打包或者至少是原价,就赶紧拍下,结果没有瑕疵,状态这种详情写得很全的东西又问过一遍之后又觉得“被骗怕了
  • 健康管理师[冰墩墩][冰墩墩]市场需求:健康管理师是国家新增职业,可以从事医 疗机构、疾病预防机构、社区健康管理、健康监测、健康评估、健康维护等相关工作。健康管
  • 后来我才知道 他放在了二斋和五斋中间的铁门[并不简单][并不简单][并不简单][并不简单][并不简单]我要列表的所有你们走过路过的全部人来看这个萧逸和夏鸣星这是
  • 让我对比到青环里的大哥,有玲姐的选择里大哥也只会选择玲姐,对于玲姐也有着独一无二的偏爱,在玲姐面前胜负欲为0,只会对着玲姐宠溺并看着玲姐傻笑,一直跟在玲姐身后。
  • #俄乌冲突对金融市场有什么影响#【西方国家宣布制裁俄罗斯 #金价创8个月新高#】因俄乌紧张局势进一步升级,全球资本市场避险情绪再度紧绷,国际金价不到一周再次突破
  • 至此,价格均线体系确认完成多翻空,此时构成从10~20~40~80~160日均线形成同步下跌的“五雷轰顶”形态,这是跌势的象征,也是持续再压低下跌的价格演变,其
  • 可最终,他选择了开价并不高的大地公司,签约的条件只有一个:他的歌,必须老狼来唱。从长远来看,你的善举,就是给自己积累的福气;你的善行,就是给自己攒下的运气。
  • 【美的浪漫与风骨】春节假期,有很多事件很多话题与往年大不相同,比如北京冬奥会的开幕式,比如春晚的舞蹈节目《只此青绿》美不胜收,占尽风流,它们对中华文化的阐释与表
  • 知识篇:患‮白上‬内障有‮么什‬表现呢?1、老‮眼花‬的症状减轻有‮患些‬者患‮老有‬花眼,只‮以可‬看到远处‮东的‬西,近‮的处‬东西看不清,像是一些‮年老‬