དགེ་འདུན་ཆོས་འཕེལ།

࿐དྷཱིཿཟེར།DS

༡༩༠༣ལོར།
ཡུལ་མདོ་སྨད་རེབ་ཀོང་དུ།
གནམ་སའི་མཚམས་ལ་མི་ཤོང་བའི།
རྣམ་དཔྱོད་ཀྱི་མེ་ཏོག་ཞིག་འབུས་མགོ་བརྩམས།

དེ་ནི།
ཚུལ་གསུམ་གཏན་ཚིགས་ཀྱི་མདུང་རིང་གིས།
རྒོལ་ངན་འོལ་ཚོད་ཀྱིས་སྟུག་པའི་རྟོག་གེ་པ་དག་གི་དམ་བཅའི་བྲག་རི་བསྙིལ་མཁན་ཏེ།
དགེ་འདུན་ཆོས་འཕེལ་རེད།

དེ་ནི།
ངག་རིག་མཛེས་སྤྲས་ཀྱི་བཀྲག་མདངས་ཀྱིས།
དོན་ནོར་ཚིག་འཆོར་གྱིས་གནག་པའི་སྙན་ངག་པ་ཁ་ཅིག་གི་ཚིག་གི་འཆོར་གོས་འཕྲོག་མཁན་ཏེ།
དགེ་འདུན་ཆོས་འཕེལ་རེད།

དེ་ནི།
བདེན་དོན་གནས་ལུགས་ཀྱི་དེབ་ཐེར་གྱིས།
ངོ་སྲུངས་ཟུར་ཟ་ཡིས་སྦགས་པའི་ལོ་རྒྱུས་སྨྲ་བ་འགའ་ཞིག་གི་གནད་ཀྱི་རྫུན་ཁུངས་བསྟོར་མཁན་ཏེ།
དགེ་འདུན་ཆོས་འཕེལ་རེད།

དོ་དམ་པར་དེ་ནི་དགེ་འདུན་ཆོས་འཕེལ་ཏེ།
ཕྱི་དཀར་ནང་དཀར་ཀྱི་རིག་པའི་དཔའ་བོ་དེ་རེད།

དོན་དམ་པར་དེ་ནི་དགེ་འདུན་ཆོས་འཕེལ་ཏེ།
འཛམ་གླིང་རིག་པས་སྐོར་བའི་འཁྱམ་པོ་དེ་རེད།
མ་རེད།


དེ་འཁྱམ་པོ་མ་རེད།
རེད།
དེ་འཁྱམ་པོ་རེད།
དོན་དམ་པའི་གནས་ལུགས་བཙལ་མཁན་གྱི་འཁྱམ་པོ་ལྡོམ་པོ་ཞིག་རེད།

དགེ་འདུན་ཆོས་འཕེལ།
རིག་པའི་སེང་ཆེན།
ཁྱེད་ཕོ་ལོ་བཞི་བཅུར་འབུད་ཁར།
ཟུར་ཁང་པའི་རྫུན་ཆས།
ཀ་ཤོད་པའི་འཁོན་སེམས།
མདོར་ན་མི་དཀར་པོར་ཞྭ་ནག་པོ་བཀོན་ཞེས་པའི་དཔེ་ལྟར།
ཁྱེད་ལ་མི་འོས་ཤིང་མི་འཚམས་པའི་མནར་གཅོད་གང་མང་ཞིག་གིས་ཡོངས་སུ་བཀབ།

ཀྱེ་མ།
ངུས་ན་མི་ཚིམས་ལ།
བགད་ན་མི་འོས་པའི་གཏམ་དེ།
ནམ་ཡང་བརྗེད་ཐབས་བྲལ།
བརྗེད་ཐབས་བྲལ……

གང་ལྟར།
༡༩༥༡ལོར།
རྣམ་དཔྱོད་ཀྱི་མེ་ཏོག་དེ།
བཙན་གྱིས་བརྙེས་ཤིང་ཟུར་ཟས་འཁོན།
ཕྲགས་དོགས་ཀྱིས་བསྣུན་ཞིང་ང་རྒྱལ་གྱིས་བརྟུལ། བསད།

བཅོམ། མེད་པར་བྱས།

2021:8:20

#࿐ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།❤️‍࿂|藏曆期㊆月初十


Whenever on this very day, I promise, Will come in person, my blessings to bestow.

—— Guru Padmasambhava https://t.cn/RI7nYAL

རྦབ་ཆུ་ངའི་སེམས་དང་འདྲ་བར་ཁྱེད་ཕྱོགས་སུ་བཞུར་གྱིན་འདུག

     
   

࿐དྷཱིཿཟེར༑【DS】

རླབས་ཀྱིས་ཟེགས་མ་གཡོ་བའི་ངང་ཚུལ་དེས། ། 

དྲན་པའི་གཤོག་ཟུང་ཁྱོད་སར་འཕུར་བར་རྩེན། ། 

ཟེགས་མས་བཞིན་རས་བརླན་པའི་ཆོ་འཕྲུལ་གྱིས། ། 

སྣང་བའི་དྲི་གཞོན་རླུང་དང་སྡེབས་ནས་ཕྱིན། ། 

ནགས་ཀྱིས་ལྗོན་པས་སྤྲས་པའི་རི་སུལ་གྱི། ། 

ལྷོ་བཞུད་བྱེའུའི་ཚོགས་ཀྱི་མགྲིན་ངོགས་ནས། ། 

རྣ་བར་སིམ་པའི་གཞས་ཀྱང་མང་དུ་ཐོས། ། 

དེ་དག་རེ་རེར་ཚོར་བའི་ཟོམ་དུ་ཐིམས། ། 

ཉི་འོད་ཕོག་པའི་སྤྲིན་གྱི་དུམ་བུ་འགའ། ། 

བསིལ་རླུང་དག་གིས་ལྷོ་རུ་འདེད་བཞིན་མཆིས། ། 

སྤྲིན་གཞོན་མེ་ཏོག་དལ་གྱིས་འཕུར་བ་ལ། ། 

སེམས་གཏམ་ཚོར་བའི་མཆིད་ཀྱང་ལན་མང་ཕུལ། ། 

དུས་ཀྱིས་བསྙལ་ཞིང་འདང་གིས་སྐྱོངས་བ་ཡི། ། 

ལས་ཀྱིས་འབུས་པའི་དྲན་འཛིན་་མེ་ཏོག་ཀྱང་། ། 

རྩ་ལྗང་ཟིལ་བ་བཀླུབས་པའི་གཡུ་ཐང་གི། 

མེ་ཏོག་ཞིག་གི་སྐྱེ་བ་ཡིན་ན་སྙམ། ། 

ང་འང་དེ་གར་འཁོར་བའི་གཡུ་སྦྲང་སྟེ། ། 

ངལ་བའི་རྩ་བ་བོར་བས་གུ་ཡངས་ཤིང་། ། 

སྡིག་པའི་ཟུར་ཟ་དབེན་པས་བློ་བདེ་བཞིན། ། 

གེ་སར་འཛུམ་པའི་དཀྱིལ་དུ་སྐྱེས་ན་བསམ། ། 

ཁྱོད་ཅེས་བསལ་ཞིང་ང་ཞེས་བཞག་པ་ཡི། ། 

གཉིས་སུ་ཕྱེ་བའི་རང་འདོད་ཡེ་ནས་བྲལ། ། 

རབ་ཟབ་གནད་ཀྱིས་གྲོལ་བའི་ཆོས་མིན་ཡང་། ། 

ཁྱེད་ཀྱིས་བསླང་བའི་ཚོར་བའི་དེ་ཉིད་ལགས། །


发布     👍 0 举报 写留言 🖊   
✋热门推荐
  • 沈梦辰当天的妆容有些白,再加上表情严肃,有网友直言,第一眼完全没认出是沈梦辰,有着网红脸的既视感。沈梦辰早年参加过湖南当地的选美比赛,获得了最佳上镜奖,但她以前
  • 而翻看之前粉丝为贾静雯拍下的工作路透,真的有被她的绝美容貌以及绝佳状态给惊艳到,完全不像是年满48岁的样子有木有,太养眼了。毕竟这些年来,大家都是看贾静雯拍的戏
  • #阳光信用[超话]#每天不断的坚持才能涨涨涨☞极好7⃣3⃣4⃣ ⛓️快 ☜坚持坚持再坚持❗❗❗ 转蹭大家一起涨涨涨=͟͟͞͞➳ 【不吞必回】以热爱祖国为荣,
  • 然而,他们认为这种电压可能不会阻碍这项技术的发展,因为有许多商业微芯片在更高的电压下工作,例如,最先进的3D-NAND闪存在大约20伏的电压下编程,所有用于汽车
  • 如果世界对你不温柔,可以让我试试,做你的世界吗?#日行一善[超话]##日行一善[超话]##日行一善[超话]##日行一善[超话]#生活中的不期而遇,都是你努力后的
  • 我老向你抱怨生活的不如意,你就给我讲佛法的义理,让我相信因果,了缘了债之类的话。每当我遇到困难的时候,你就经常给我力量,对我说:“你好好学佛,好好修行,福报将来
  • 虎是虎了点~跑到10km左右,左鞋开始磨脚,检讨 没有仔细检查袜子~有点大意了~通过这2年健身的经验,本次跑步全程都有提醒自己核心和臀部发力,事实证明,方法有用
  • 只投家•肥汁米线除了螺蛳粉之外又一美食征服了我[doge]对只投的爱❤️叒更深了[羞嗒嗒]吃螺蛳粉不爱臭味的盆友可以试试这个!⚠️没有买到票的乐迷朋友们,以后也
  • 《法华经》222个未曾有法         43——44 #正能量,##健康##读书# 43:尔时, 佛告舍利弗: 吾今于天、人、沙门、 婆罗门等大众中说,
  • 这两件单品,都是愉悦自己,不讨好迎合别人的单品,所以组合在一起更有漫不经心的高级感。真正的贵气,见素抱朴,喜欢天然的事物与面料。
  • 这位40岁的河南汉子,值得一次霸屏与热搜2014年,张志磊31岁,很多与他同龄的体制内运动员已经退役,而他却做了一个令很多人认为疯狂的决定——放弃过去荣誉,走上
  • 在加你的时候,我就说过了,女生没必要为难女生,不管怎么样,都没错,什么契机来加了你的微信,是你发了你和他的抖音,然后专门来访问我,就在你发抖音的那个上午,你是
  • 我认为对世界的状态唉声叹气没什么意义,除非你能想到什么方式来改进它,否则别劳神写书了,去找个热带海岛,躺着晒太阳吧。#680读书计划# 210[心][心][心]
  • #肖战[超话]#0⃣️4⃣️⏺️1⃣️7⃣️换(只hu虾宝)肖战顺顺利利肖战健健康康肖战自在快乐肖战万事顺遂#肖战Gucci品牌代言人# 肖战Gucci品牌代言
  • 来到了小蓝人国,每一个人都是蓝色的,他们的身上布满各种各样的蓝星星,他们发出透蓝、亮色晶莹的光,一个又一个小蓝人正在建一座宏光蓝顶的蓝城堡,累了就吃一玫蓝月果,
  • 一直有朋友说照顾一下高个子啦…呐,这次来咯,这款就更适合高个子或者腿长的女生(我认为160以上更合适)我觉得这个微喇裤型就是店家的拿手好菜,这几年不管面料、颜色
  • 我怕太过火,平常语气都是没有暧昧成份的,怕太主动把他吓自闭…之前有一次稍微浮夸一点开玩笑说我会想你的,他僵硬住了,和我说cpu烧了,真的觉得有可能是我误会了[泪
  • 每览昔人兴感之由,若合一契,未尝不临文嗟悼,不能喻之于怀惟江上之清风,与山间之明月,耳得之而为声,目遇之而成色,取之无禁,用之不竭,是造物者之无尽藏也,而吾与
  • 微信这头和一直叮嘱的丫爸报了平安,窗外雷声响起,雨点有节奏的拍打在窗户上,那些过往积攒到顶的失望抽掉了所有的情绪,唯有对陌生人的“善意”让我觉得还在爱着这个世界
  • 虽然今天是超级大雨️天,很不适合拍照,但是太开心啦[羞嗒嗒]我画了好多款,之后都会做成贴纸或者贴纸包,还有一些其他的东西(可爱的小东西)嘿嘿,一切都在进行中!估