࿑ སྐར་ཆ་རེ་རེ་བཞིན་ང་ཚོ་ནི་རྒས་པའི་ཕྱོགས་སུ་ཆས་ཀྱིན་ཡོད། སྐར་ཆ་རེ་རེ་བཞིན་འུ་ཚོ་ནི་འཆི་བ་དང་བར་ཐག་ཇེ་ཉེ་རུ་འགྱུར་གྱིན་ཡོད། བདེ་ཐང་ནི་རྩྭ་རྩེའི་ཟིལ་བ་བཞིན་དུ་གནས་པར་ལྟ་བའི་མི་རྟག་པའི་ལྟ་བ་འདི་ཡོད་ཚེ། ཐེངས་མ་རེ་རེའི་བཏུང་ཇ་དེ་ཡང་མི་ཚེ་ཡི་ཆེས་མཐའ་མཇུག་གི་ཇ་ཕོར་བ་གང་དང་འདྲ་བ་ཡིན། དེ་བས་ན་མི་ཚེ་ལ་ཡང་གཅེས་སྤྲས་ཆེས་ཆེར་བྱ་སྲིད་དོ།།

每一刻我们都在老去,每一刻我们都距离死亡更近,健康就像是草上的露珠。有了这种无常观,每次品茶,都好像是品人生的最后一杯茶,因而会倍加珍惜。 https://t.cn/R2Wx150

࿑ སྣང་ཚུལ་ཐོར་བུ།

༡༡
ཁྱེད་ཀྱིས་མཐོང་ངམ། མི་ཚེའི་ལམ་ཕྲན་སྟེང་བགྲོད་བཞིན་པའི་མི་རེ་རེས་རང་ཉིད་དང་རང་ཉིད་ཀྱི་མི་ཚེ་མཚོན་པའི་རི་མོ་རེ་རེ་འབྲི་ཡི་ཡོད། དེའི་ཕྱིར། ཁྱེད་ཀྱིས་ཁོས་ཅི་ཡང་བྲིས་མེད་ཅེས་མ་འུར་མ་གཏོགས། ཁྱེད་ཀྱིས་ཅི་ཡང་བྲིས་མེད་པ་དེ་ག་རང་གིས་ཀླད་གོར་བྲིས་བཞག་པ་རེད།

༡༢
རྩིས་གཉེར་བས་ཉི་མ་རེ་རེ་བཞིན་རྩིས་ཐོ་བྲིས་པས་ལོ་མཇུག་གི་དུས་སུ་དཀའ་ངལ་ཅི་ཡང་མེད་པའི་སྒོ་ནས་རང་གི་བྱ་བར་བསྡོམས་རྩིས་རྒྱག་ཐུབ་པ་ལྟར། དཔེ་ཆ་ཀློག་མཁན་གྱིས་ཀྱང་ཉི་མ་རེ་རེ་བཞིན་ཟིན་བྲིས་བཏབ་ན་དཔེ་ཆའི་མཇུག་བྱང་ལ་སླེབས་ཚེ་རང་ཉིད་ལའང་མཇུག་བསྡོམས་ཤིག་ཡོད་ངེས།

༡༣
མཐོང་ཐོས་ལྟར་ན། ལན་མ་བཏབ་པ་ལན་དང་། རྣམ་འགྱུར་མ་བསྟན་པ་རྣམ་འགྱུར་དུ་སོང་བ་ཤིན་ཏུ་མང་བས། ནམ་ཞིག་དགའ་བའི་ཉམས་ཀྱིས་དྲངས་པའི་འཛུམ་དཀར་ཡང་སྡང་བའི་མིག་ཟུང་བསྒྲད་པའི་དོན་དུ་འཇུག་ཀྱང་སྲིད་དོ།།

༡༤
ག་ལེར་བལྟས་ན། ཆེས་དགོད་བྲོ་བའི་གནས་ཤིག་ཡོད་པ་ནི།ཆེད་དུ་དགོད་ཁ་སློང་བའི་བརྙན་ཐུང་དག་མིན་པར། རང་གིས་རང་ལ་བཙན་གྱིས་ཚུལ་འཆོས་འཁྲབ་ཏུ་བཅུག་པའི་སྟངས་ཀ་རེད།

༡༥
དོན་དམ་པའི་བརྩི་བཀུར་ནི། ཁྱེད་རང་མཐོང་དུས་སུ་མགོ་བོ་སྒུར་ཏེ། ལུས་ཀྱིས་གུས་པའི་ཉམས་ཤིག་དོད་པ་ཙམ་གྱིས་མཚོན་ཐུབ་པ་ཞིག་མིན་པར།དེ་ནི་ཕ་རོལ་པོའི་ནང་སེམས་ཀྱི་ངོས་ནས་ཁྱེད་ལ་གོ་གནས་ཇི་ལྟར་སྤྲད་ཡོད་མེད་ཀྱིས་གཞལ་དགོས་པ་ཞིག་རེད།

༡༦
བསྡོམས་ཚིག་ནི། ཤེས་རབ་སྨིན་ལ། ན་ཚོད་རྒས་ཤིང་ཉམས་མྱོང་དང་ལྡན་པའི་སྐྱེས་བུ་ཞིག་གིས་རང་གི་ཉམས་མྱོང་དང་སྦྱར་ཏེ། སྐད་ཆ་མང་པོ་ཉུང་ངུར་བཏང་བའི་ཟབ་བཤད་ཅིག་ཡིན་འོས་པ་ལས། ལག་ལེན་ཅི་ཡང་མེད་པའི་ང་དང་ང་ལྟ་བུས་“ས་བཤད་རྡོ་བཤད་”བྱས་པ་ལྟ་བུ་ཞིག་ཏུ་ནམ་ཡང་འགྱུར་མི་འོས།

༡༧
སྐབས་ལན་རེར།ཅི་ཡང་མི་སྨྲ་བ་ནི། སློབ་གསོ་གཏོང་སྟངས་ཆེས་ལེགས་པ་ཞིག་ཡིན་ཏེ། འཆད་ཀྱིན་འཆད་ཀྱིན་རང་ཉིད་ཀྱང་ནང་དུ་མི་ཚུད་པ་ལྟ་བུ་ཞིག་ཏུ་གྱུར་ནས་མི་རྣམས་ཁྲེལ་ཞིང་དགོད་པའི་གནས་སུ་མི་འགྱུར་བའི་ངེས་པའང་ལར་ནས་མི་འདུག

༡༨
མི་རྣམས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ། རང་ཉིད་ཕ་རོལ་པོས་ངོས་འཛིན་འབྱུང་བར་ཤུགས་ཀྱིས་འབད་པ་བྱེད། ང་ནི་དེ་ལས་ལྡོག་སྟེ།རང་ངོས་ཟིན་པ་ཙམ་གྱི་ཕྱིར་ཡང་འབད་ཐུབ་ཀྱིན་མི་འདུག

༡༩
ང་རང་རྫོང་སར་མཁྱེན་བརྩེའི་ཞེན་མི་ (粉丝) ཞིག་ཏུ་ཆགས་དོན། ཁོང་གིས་བྱེད་ཐབས་གསར་བ་སྤྱད་དེ།ནང་ཆོས་ཀྱི་སྙིང་དོན་ངོ་སྤྲོད་བྱེད་ཀྱི་སྐད་ཆ་དག་ལ་གཞན་དང་མ་འདྲ་བའི་ཁྱད་ཆོས་གསུམ་ཡོད་པ་མཐོང་བས་ཡིན། དེ་ནི། ཚིག་ཉུང་། གནད་བསྡུས། གོ་སླ་བ། བཅས་རེད།

༢༠
སུན་སྣང་སྐྱེ་ཡུལ་གྱི་ཁྱད་པར་ཙམ་ཡོད་པ་མ་གཏོགས། “ངེས་འབྱུང་གི་བསམ་པ་”ཟེར་ཡང་། མདོར་དེད་ན། ཡིད་སུན་པའི་སྣང་བ་འབའ་ཞིག་རེད། སུན་སྣང་དེ། ཕྱི་རྐྱེན་ཕྲན་བུ་ཙམ་ལ་བརྟེན་ནས་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེ་སླ་བའི་ངོ་བོར་ནམ་ཆགས་ན། དེ་ལ་ད་གཟོད་“བཅོས་མ་མ་ཡིན་པའི་”ངེས་འབྱུང་གི་བསམ་པ་ཟེར།

2022/1/15/ཉིན།
མུ་འགོད། https://t.cn/R2Wx1ZH

སྐད་ཆ་ནི་ལྷ་བཞེངས་པ་ལྟར་ཅི་ཙམ་ཡག་པོར་བརྗོད་ཀྱང་དོན་ལ་མ་གནས་ན་ནི།

ཆུ་ཤིང་གི་སྙིང་བོ་བཞིན་རྒྱུ་མཚན་གཞན་མ་མཆིས་ཏེ། མང་པོ་ཞིག་གིས་སྐད་ཆ་ཡག་པོ་བཤད་ཤེས་པ་ལས་དོན་ལ་གནས་མཁན་ནི་ཉིན་གྱི་སྐར་མའོ།། ད་དུང་རང་ཉིད་ནི་མཆོག་དང་གནས་ལུགས་རྒྱུད་བཟང་སོགས་མཛེས་པའི་ཐ་སྙད་ཀྱིས་རྒྱན་དུ་སྤུད་དེ། རྣམ་ཀུན་བདག་འཛིན་གྱིས་ཀུན་ནས་བསླངས་ཏེ་གཞན་གྱི་མིག་ནང་ནས་རང་ཉིད་ཁོ་ན་མཛེས་པར་བྱེད་པའི་གཟིག་ལྤགས་གྱོན་པའི་བོང་བུའི་དཔེ་ལས་གཞན་གང་། ''དོན་དང་ལྡན་པའི་གཏམ་སྨྲ་བ། འཇིག་རྟེན་འདི་ན་ཤིན་དུ་དཀོན།།'' ཞེས་པ་བཞིན། ཁ་བཤད་དོན་ལ་གནས་མཁན་ནི་ཤིན་ཏུ་དཀོན་པ་སོ་སོས་རང་ཉིད་ཀྱི་རང་ཉིད་ངོས་ཟིན་པ་ལྐོག་ཏུ་མ་གྱུར་བ་ཞིག

འོན་ཏེ་འགའ་ཞིག་བཤད་པ་ལས་སྒྲུབ་པ་གཙོ་ཞིང་དོན་ལ་གནས། དེའི་རིགས་ཀྱང་འགའ་ཞིག་ལས་མང་བོར་ཡོད་མི་སྲིད་དེ།

དེ་དག་ནི་རང་ཚུགས་ལྡན་ཞིང་བྱ་བ་གང་ཞིག་ཀྱང་དོན་ལ་གནས་པར་བསམ། https://t.cn/R2WxDVJ


发布     👍 0 举报 写留言 🖊   
✋热门推荐
  • 诗瑶吃饭了,天蝎座会和你吵架,但不会轻易离开你;天蝎会故意气你,就想看你吃醋;天蝎会粘着你,但不会死缠你;天蝎会取笑你,但不会嫌弃你;天蝎会管着你,但不想有机会
  • 第三、不持续挣钱的母亲怎么给孩子价值观? 第四、不注重灵魂品质生活品质提升的母亲,怎么能给孩子正确的审美观?
  • 有以下困惑的也可以【私信】找博主@整牙就问小仙女 兔费解答哦,还可以在评论区自助查询的 #重庆 金航口腔屠金瑞/亿佰口腔杜跃华 /重庆南川区做牙齿纠正/牙齿
  • #迪士尼扭曲仙境[超话]#出扭曲仙境setp1 一共 55r 需要带走p2p4p5jade floyd 双子式典服小娃,azul金属卡 azul食玩贴纸 海寮
  • 白苔就是刚喷是柠檬味+洗衣粉味+皂香,然后就一直是淡淡的很舒服的一股皂香或者是我说不出来的味道,白苔达到了我最开始想象的清新的效果,不过是古龙水所以都懂的,扩散
  • 【小轿车高速违停竟被查出无证驾驶+有证教无证 夫妻双双被处罚】#交通安全##fm1006~银川交通音乐台##高速# 众所周知,只有在取得驾驶证后驾驶人才能
  • 水义水素水科普水知识: 核心提示:“水质决定体质”,但真正能领悟到水对生命、健康的重要性的人并不多,因此,有人称水是“被遗忘了的营养素”。世界卫生组织(WHO
  • 社会主义的社会就是人民,社会主义实质是人民主义,社会主义的精髓是公有,公平,公正,公心,社会主义与中华文化高度吻合,中华文化和与之息息相同的社会主义加网络大数据
  • 小瞳基础教程之指示灯篇。 小瞳桌面云台除了4个用于动态图像采集的矩阵摄像头以及顶部放置手机的U型卡槽外,整个机身仅设置了一个按键,用户需要通过这个按键与遥控器配
  • Pater noster,qui es in coelis. sanctificetur nomen tuum;ad vemiat regnum tuum;fi
  • 【重磅!科学家发现中子星合并产生的新型引力波】北京时间16日晚10点,美国激光干涉仪引力波天文台(LIGO)在官网宣布,LIGO和Virgo探测器及其他合作伙伴
  • 礼物送的对,情敌没机会。七夕送男/女友的礼物安排上~ DW大小方表,复古方形表盘,搭配古希腊麦穗式金属编织表带,简约两针,质感满满,适合日常或通勤穿搭搭配。女生
  • #金鍍我[超话]# 科普一下【换】 目前是可以投3个不同小组➕9个不同个人 注意⚠️个人票为:3C➕3K➕3J共9票 为了保住小组票数我们需要投: :(镀我所在
  • Zaman ele geçirildiğinde altındır ve akan su boşa harcanır. İdeal, sıkı çalışmay
  • #AC建筑# #AC建筑[超话]# 【Space Guy Môquet青年中心, Oeco architectes】Espace Guy Môquet是一个集休
  • #每日一善[超话]#[心]#阳光信用# [心]#熊猫守护者# 〖要互动的指路,指路不吞必hui 点赞即己hui ♡ 极好740 hu较好及以上,带,带hui
  • #美国白人数量建国以来首次出现下降# 据国会山报报道,当地时间12日,美国人口普查局公布的最新数据显示,过去10年,美国白人数量在美国历史上首次出现下降,美国的
  • #粉打速报# 15年来,荷兰摄影师Liv Liberg一直在用相机记录妹妹Britt的成长。当时Liv也没有想到,照片一拍就是15年,最终以《Sister S
  • #据媒体近日报道,自民党“规则形成战略议员联盟”于28日举行会议,决定向日本政府提议,要求立法对中国的手机APP进行限制,这其中就包括在日本年轻人中很受欢迎的短
  • 一直覺得天下無不散之筵席,總會坦然面對!最神奇的是我發現原來我這個學渣倒是很喜歡上學?