#手机摄影# ༄༅།། དབང་ཆེན་ས་གཞིར་ཁ་བའི་འདབ་མའི་ལྭ་བ་གྱོན་ཞིང་། ཞོགས་པའི་ཉི་ཟེར་མཁའ་ནས་འཚེར་བཞིན་པའི་སྐད་ཅིག་འདི་ན། ཁོ་བོས་ཡོད་ཚད་ཀྱི་ཡོད་ཚད་སེམས་ནད་རྒྱབ་ཏུ་གཡུགས་ཤིང་མགོ་བོ་ཡར་ལ་བཏེགས་ཏེ་དྭངས་གཙང་གི་མཁའ་དབུགས་འབྱིན་ཞོར་ཕྲ་ཆུང་མིག་ཟུང་ཟིམ་ནས་སྐབས་འདིའི་དགའ་བདེའི་ཚོར་བ་མྱོངས་བཞིན་ཡུད་ཙམ་ཕྱིན།། https://t.cn/EXa6oBp
༄༅།།རྔ་ཁུལ་དུ་ཁེ་ལས་ལྟ་སྐོར་ཕྱིན་པའི་ལེའུ་རེ་ཞིག་མཇུག་རྫོགས་ཟིན། རང་གི་རིག་གནས་ལ་འགན་འཁུར་བའི་ཤེས་ཡོན་པ་དང་རང་གི་ས་གནས་ལ་སྲི་ཞུ་སྒྲུབ་པའི་ཁེ་ལས་པ་ཚོའི་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་སྙིང་ནས་འདེབས། https://t.cn/R2Wx1ZH
༄༅། །སྔོན་བྱོན་གྱི་མེས་པོ་དམ་པ་རྣམས་ཀྱིས་ང་ཚོ་ལ་ཤུལ་དུ་བཞག་པའི་ཆེས་ལེགས་སྐྱེས་བཟང་ཤོས་ནི་དཔེ་ཆ་ཡིན། རྩ་ཆེན་གྱི་དངོས་པོའང་དཔེ་ཆ་ཡིན། ཚེ་སྲོག་གི་རྒྱུ་བ་མ་འགག་བར་དུ་དཔེ་ཀློག་དང་འགྲོགས་ཏེ་མི་ཚེ་རྫོགས་ཐུབ་ན་ཁྱེད་ཀྱི་མི་ཚེ་ལ་ཤེས་རབ་ཀྱི་འོད་སྟོང་ལྡན་ཡོང་།
#གཅན་ཚ་རྫོང་དཔེ་མཛོད་ཁང་ལ་ཐུགས་རྗེ་ཆེ།#
☕️
#གཅན་ཚ་རྫོང་དཔེ་མཛོད་ཁང་ལ་ཐུགས་རྗེ་ཆེ།#
☕️
✋热门推荐