རེ་དོགས་འགག་འཕྲང་དོག་པའི་མི་ཡུལ་འདིར༎
གཞན་དབང་ལྕགས་སྒྲོག་བཅིངས་པའི་ངལ་བ་མང་།།
ཁེར་གནས་ལྷོད་བག་དབེན་པའི་རི་སུལ་དུ།།
རང་དབང་ཏིང་འཛིན་ཟས་ཀྱིས་འཚོ་ན་འདོད།།
___ཤེས་རབ་མེ་ལྕེ་ནས་༢༠༢༢-༢-༢༦-ཉིན

ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །
དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །
འདི་དང་བར་དོ་ཕྱི་མའི་མཐར་ཡང་ཐུགས་རྗེའི་ལྕགས་ཀྱུས་གཟུང་མཛོད་ལ། །
སྲིད་ཞིའི་འཇིགས་སྒྲོལ་དངོས་གྲུབ་ཀུན་སྩོལ་གཏན་གྱི་གྲོགས་མཛོད་བར་གཅོད་སྲུངས། ། ༡-༢༦[鲜花] https://t.cn/R2WxDvV

སྤྱི་ཚེས་༢༥ཉིན་ཨུ་རུ་སུའི་དམག་དཔུང་ཡུག་རེན་གྱི་རྒྱལ་སར་འཛུལ་ཞིང་། ཕན་ཚུན་དབར་ཛ་དྲག་གི་འཐབ་འཁྲུགས་བྱས། ཨ་རིའི་གསར་ཁང་འགས་བཤད་ན་མཚན་མོ་འདིར་ཡུག་རེན་གྱི་རྒྱལ་སའི་མཐའ་སྐོར་ཉེན་ཡོད་ཅེས་བཤད། དམག་མི་ཤི་རྨས་ཀྱི་ཁ་གྲངས་སོགས་མ་གོ་ཡང་། རྒྱལ་སར་འཛུལ་བའི་དམིགས་འབེན་མཐར་ཐུག་ནི་ཡུག་རེན་གྱི་སྲིད་འཛིན་ཚུར་ལེན་སེང་ཆེན་དང་ཁོང་གི་ནང་མི་དང་སྲིད་གཞུང་ཡིན་འདུག་ཅེས་སྲིད་འཛིན་རང་གིས་ཁར་སང་བཤད་འདུག། མ་ཟད་ཉེ་ཆར་ནས་ཨ་རིའི་སྲིད་འཛིན་ཇོ་དཔལ་ལྡན་གྱིས་ཡུག་རེན་སྲིད་འཛིན་ཁྱོད་རང་བདེ་འཇགས་ཆེད་ས་ཆ་གཞན་དུ་གཡོལ་ན་བཟང་ཞེས་ཡང་ཡང་བསྐུལ་མོད་ཚུར་ལེན་སེང་ཆེན་གྱིས་སྣང་མེད་བྱས་པར་མ་ཟད། མདང་ནུབ་སྟེ་ཡུག་རེན་རྒྱལ་སའི་ཉེན་ཁ་ཆེ་བའི་མཚན་མོ་དེར་ཡང་ཚུར་ལེན་སེ་ཆེན་གྱིས་ཁ་པར་བརྙན་ལམ་དུ། “མི་དམངས་མཐུས་མིའི་གཙོ་འགན་འདི་ན་ཡོད། སྲིད་འཛིན་ཕོ་བྲང་གི་བློ་འདྲི་དང་སྲིད་འཛིན་གཞུང་ལས་ཁང་གི་གཙོ་འགན་པ། སྲིད་འཛིན། སྲིད་བློན་བློ་འདྲི་དང་སྲིད་བློན་བཅས་ཚང་མ་འདིར་ཡོད། ང་ཚོ་ཚང་མ་འདིར་ཡོད། ང་ཚོའི་དམག་མི་འབྱོར་སོང་། མི་དམངས་འདིར་ཡོད། ང་ཚོས་རང་རེའི་རང་བཙན་བརྩན་སྲུང་བྱེད་ཀྱིན་ཡོད། དོན་དག་འདི་ལྟར་རེད། གཟི་བརྗིད་ནི་ང་ཚོ་སྲུང་སྐྱོབ་མཁན་གྱི་ཕ་མོ་ཚོར་དབང་། གཟི་བརྗིད་ནི་ཡུག་རེན་ལ་དབང་། གཟི་བརྗིད་ནི་ང་ཚོ་དཔའ་བོ་རྣམས་ལ་དབང་།” ཞེས་གསུངས་ནས། གནད་འགག་དང་ཉེན་ཁའི་མདུན་དུ་ད་གཟོད་སུ་ཞིག་དཔའ་བོ་ཡིན་མིན་གོ་རྒྱུ་འདུག་ཨང་།
ཚེས་པ་༢༦ཉིན་ཨ་རིའི་ཝ་ཧྲིང་ཐོན་སྦྲགས་སྲིད་ཚགས་པར་སོགས་སུ་སྤེལ་དོན་ལྟར་ན། ཨ་རིས་ཡུག་རེན་གྱི་སྲིད་འཛིན་ཚུར་ལེན་སེ་ཆེན་རྒྱལ་ས་ནས་བྲལ་ཏེ་གཞན་དུ་བསྐྱལ་རྒྱུའི་རོགས་རམ་བྱེད་ཟེར་ཡང་སྲིད་འཛིན་ནས་ད་ལྟའི་བར་དུ་དང་ལེན་བྱས་མ་སོང་ཞེས་བརྗོད།
དེ་རིང་ཞོགས་པའི་བར་དུ་ཡག་རེན་རྒྱལ་ས་དང་སྲིད་འཛིན་ཕོ་བྲང་སོགས་ཨུ་རུ་སུའི་ལག་ཏུ་ཤོར་བའི་གཏམ་ངན་ཐོས་མ་སོང་བས་སྲིད་འཛིན་དང་དམག་སྡེས་མུ་མཐུད་འཐབ་འཁྲུག་དྲག་པོ་དཀྱེ་བཞིན་ཡོད་ཚོད་ཡིན།
རེ་བའི་མེ་སྟག་ཆུང་ངུ་ཞིག་མཆེད་ཀྱིན་པ་ནི་ཁར་སང་ཨུ་རུ་སུའི་(འུ་ཐུག་སང་)ངོས་ནས་གྲོས་བསྡུར་བྱེད་པའི་ཚོགས་ཆུང་ཞིག་བྷེ་ལ་རུ་སི་བརྒྱུད་མངགས་གཏོང་བྱེད་འཆར་བརྗོད་ཅིང་། དེ་རིང་སང་ཉིན་ཙམ་ལ་ཡུག་རེན་གྱི་སྲིད་འཛིན་དང་གྲོས་བསྡུར་ཞིག་ཡོང་རེ་ཡོད་པ་དེ་ཡིན་ལ། རྩ་བའི་ཆ་ནས་གྱོད་མ་འགྲིག་ཀྱང་གནས་སྐབས་ཙམ་ཕྱིར་འཐེན་བྱེད་རྒྱུ་བྱུང་ནའང་མི་དམངས་ཀྱི་ཚེ་སྲོག་དང་ཕྱོགས་གཉིས་ཀའི་དཔལ་འབྱོར་སོགས་ཀྱི་གྱོང་རྒུད་ཅུང་ཆུང་དུ་འགྲོ་སྲིད།


发布     👍 0 举报 写留言 🖊   
✋热门推荐
  • 几乎每次刷到这样的提示都会错看成博主今天生日…原本想把这句话发在这条微博的评论里,结果点开评论看到热评说庆三才发现啊是王倦老师,我想发评论的时候是看成了王春彧老
  • 阅读环境的光照、气味、声音、字词,颜色都会高频地触发联想,一段文字不只是一段文字,更是爆炸般信息的载体,再在时间里被浓缩成一种抽象的感觉,那是在潜意识里无法用语
  • 3、材料题(可参考北师大23年真题)一般是给一段材料,问材料体现了杜威的什么观点,评析该教育观念或者结合教育思想阐述某个问题。1、综述题教育即生活、教育即生长、
  • #刘忻[超话]# [泪]#刘忻乘风2024# [开学季]#刘忻浪姐# [可怜]这一次有以少打多的勇气,有了无胜算但坚持到最后一秒的毅力;下一次也要有遥遥领先的规
  •   2020年新冠肺炎疫情期间,王美玲积极响应国家“停课不停学,停课不停教”号召,除完成本班线上教学任务外,还义务指导其他班级的线上教学方法,2019年曾获得宿
  • 牛油多士咸味突出,配上一杯港式奶茶,看着楼下的车水马龙,真的不要太惬意了! 在寸金寸土的香港,真正的优才计划不需要中介,自己可以申请,像我这种粤语听力无障碍的,
  • 好平淡的日常,但是变成回忆之后好像泛着光今天终于把我最爱的纯粹燕麦拿铁喝腻了,数了一下今年喝了60多杯,现在都不知道我当初为什么那么上头了[悲伤]可能有的人也和
  • 心态当若兰,凡事都能看得通透;性情当似梅,学会在命运的冬季艳丽地盛开;意志当如水,你能包容多少,终会收获多少。为啥要提于适,因为我也质疑若兰,理解若兰,成为若兰
  • 不管是大人还是小孩,他们都在热闹。我喜欢[嘻嘻],你不好看我也不喜欢你,十个勤天不好看呀我喜欢,这不得分人嘛哥们,十个勤天就不会像你一样在网上中伤别人,这一点就
  • 具体而言,上市券商方面,20家上市券商合计收到75张罚单。吴清履新三个月券商收近百张罚单 本周又有四家券商被罚 中信证券保荐的明星项目爆雷新“国九条”落地之后,
  • 线上免税店,让家庭与事业双赢成为可能,让你的每一天都充满自信和活力!心现在,就让我们一起踏上这个闪耀的旅程吧!加入我们的线上免税店,开启你的创业新篇章!618预
  • 整体记录是我的一个面诊前期到选择医生再到终决定的一个思路历程吧,整理完这个思路之后发现我还是很厉害的,跑了这么多,想了这么多,后的医生我相信肯定不会错的至于我没
  • #星星英语小课堂# 【英文好书推荐】书名:Everything Is Beautiful, and I'm NotAfraid[心]作者是一名中国90后作家,2
  • 小视频大号【Dior迪奥】爆款booktote购物袋,网纱白刺绣,这款BookTote手袋灵感来自女装创意总监玛丽亚·嘉茜娅·蔻丽(MariaGraziaChi
  • 了解活动详情:#影觅心理#生日(集中性贴秋膘)活动终于快告一段落了..已经到了再吃下去真的吃不动了的状态生日活动1: 看完了许光汉的屁股电影 谁能不喜欢许光汉
  • 网购买的枇杷和伦晚(伦晚差评 有点酸)用发的超市卡买了个小金枕 61块钱的出肉率 上个星期买个美都看外婆 5块钱一斤 这两天馋西瓜了去超市看到美都打对折 可开心
  • 在此,我恳切地希望各位同学能够深刻认识到这一点,明确交易成功的核心在于稳健的防守策略。相信自己,相信未来,在追逐梦想的道路上不断前行,让正能量充满我们的每一天!
  • 很多自己出身不是很好的女的就经常这样,看到谁有点什么钱地位就去脑补,明明是xsr,她觉得自己可以交换到啥资源,结果就是被白劈。小陈说他晚上回来躺沙发上睡着了被一
  • 在这里,福州的古老文化与现代活力相互交织,形成了一种独特而迷人的魅力,让我不由自主地沉浸其中,感受着这座城市的蓬勃脉动,仿佛自己也成为了这繁华热闹场景中的一份子
  • 因为心中有梦,所以暗里有光,遥遥无期,那又怎样,踮起脚尖,就更接近阳光。日子过的是心情,生活过的是质量,哪怕生活不宠你,你也要懂得善待自己。