དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།
རྗེ་ཙོང་ཁ་བ།
རྗེ་ཙོང་ཁ་བ།
རྒྱལ་ཁམས་ཡུད་ཙམ་ཉུལ་བའི་མགྲོན་པོ་ངས། །
གྲོང་མི་ཡོངས་ལ་གྲོས་ཤིག་མ་ཐེབས་ཀྱང་། །
བྱམས་ལྡན་ཨ་མའི་ཞལ་རས་ཐེངས་གཅིག་ལ། །
མཇལ་བའི་སྐལ་བ་ལྡན་པས་རབ་ཏུ་འཚེངས། །
དེ་ནས་དབྱར་ནང་གི་གུང་སེང་མཇུག་རྫོགས་སོ།། །།
བོད་ས་ཕག་ལོའི་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་རྒྱ་ཡན་པས་བྲིས་པའོ།།
2019/7/16
གྲོང་མི་ཡོངས་ལ་གྲོས་ཤིག་མ་ཐེབས་ཀྱང་། །
བྱམས་ལྡན་ཨ་མའི་ཞལ་རས་ཐེངས་གཅིག་ལ། །
མཇལ་བའི་སྐལ་བ་ལྡན་པས་རབ་ཏུ་འཚེངས། །
དེ་ནས་དབྱར་ནང་གི་གུང་སེང་མཇུག་རྫོགས་སོ།། །།
བོད་ས་ཕག་ལོའི་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་རྒྱ་ཡན་པས་བྲིས་པའོ།།
2019/7/16
འཛམ་གླིང་སྤྱི་བསང་ཟེར་ནས།།
དར་ཚོན་སྣ་ལྔ་སྲེག་ཐལ།།
ནམ་མཁའི་ལྷ་དང་ལྷ་མོ།།
ཆོས་སྐྱོང་སྲུང་མའི་འཁོར་ཚོགས།།
དྲི་ངན་དུ་བའི་ཁྲོད་ནས།།
གར་སོང་ཆ་མེད་གྱུར་ཐལ།།
བྱམས་ལྡན་བོད་པ་རྣམས་ཀྱིས།།
ཀླུང་རྟ་དགུང་ལ་གཡུག་ནས།།
ཁོར་ཡག་འབག་བཙོག་བཟོས་ཐལ།།
ནམ་མཁའི་ལྷ་དང་ལྷ་མོ།།
ཆོས་སྐྱོང་སྲུང་མའི་་ཚོགས་ཀྱིས།།
ང་ཚོར་མགོན་སྐྱབས་གནང་ངམ།།
དར་ཚོན་སྣ་ལྔ་སྲེག་ཐལ།།
ནམ་མཁའི་ལྷ་དང་ལྷ་མོ།།
ཆོས་སྐྱོང་སྲུང་མའི་འཁོར་ཚོགས།།
དྲི་ངན་དུ་བའི་ཁྲོད་ནས།།
གར་སོང་ཆ་མེད་གྱུར་ཐལ།།
བྱམས་ལྡན་བོད་པ་རྣམས་ཀྱིས།།
ཀླུང་རྟ་དགུང་ལ་གཡུག་ནས།།
ཁོར་ཡག་འབག་བཙོག་བཟོས་ཐལ།།
ནམ་མཁའི་ལྷ་དང་ལྷ་མོ།།
ཆོས་སྐྱོང་སྲུང་མའི་་ཚོགས་ཀྱིས།།
ང་ཚོར་མགོན་སྐྱབས་གནང་ངམ།།
✋热门推荐