ཅེས་པ་སོགས་ལས་པཎ་ཆེན་འདི་རྒྱ་གར་འཕགས་པའི་ཡུལ་ན་རྩོད་པའི་ཟླ་དང་བྲལ་བ་ཞིག་ཡིན་པས། མུ་སྟེགས་པ་རྣམས་ཀྱིས་ཁོ་ཚོའི་བསྟན་པ་བསྣུབ་པར་དོགས་ནས་ངན་སྔགས་སྤྲད་དེ་ཤར་རྒྱ་མཚོ་ཐུག་པའི་བར་བསྐྲད་དོ་ཟེར་བ་པཎ་ཆེན་འདི་ལ་འཁོར་ནས་ས་མཐར་འཁྱམ་དགོས་བྱུང་བ་ཤེས་ཐུབ། དེ་བས་ན་ཁོང་ལ་མུ་སྟེགས་པས་ངན་སྔགས་འཁོར་བའི་ཚེ་ཁོང་གི་ཡུམ་བོད་དུ་ཉི་ཚེའི་དམྱལ་བར་སྐྱེས་ཡོད་པ་མཁྱེན་ནས་བོད་ལ་ཕེབས་པར་སྟ་གོན་བྱེད་པའི་སྐབས་ལ་བལ་བོ་ལོ་ཙཱ་བ་རྨེ་རུ་རྩེས་ཀྱང་རྒྱལ་པོའི་བཀའ་བཞིན་གདན་དྲངས་པས་རྐྱེན་སུམ་བརྩེགས་ཀྱི་དབང་གིས་བོད་གངས་ཅན་གྱི་ལྗོངས་འདིར་ཕེབས་པ་མིན་ནམ་སྙམ་མོ།། དེ་བཞིན་ཚངས་གླུ་ལས་དྲངས་པའི་ལུང་ཚིག་དེ་གཉིས་ནི་རྣམ་ཐར་དོན་བསྡུས་ཀྱི་ཤོ་ལོ་ཀ་དེ་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཡིན་ལ། དེ་ལས་པཎ་ཆེན་འདིས་མ་ཡུམ་མཐོ་རིས་ལ་དྲངས་རྗེས་རྒྱལ་ཁམས་འགྲིམས་ཏེ་ཙི་ནའི་ཡུལ་དུ་བྱོན་པ་དང་། དེ་རུ་མུ་སྟེགས་ཀྱི་ངན་སྔགས་འཁོར་བ་མཁྱེན་ཏེ་ཏིང་ངེ་འཛིན་གྱིས་བཀུགས་རྗེས་ཡང་བསྐྱར་ཞབས་ཟུང་བ་བོད་ཡུལ་ལ་བསྒྱུར་བ་དཔག་ཐུབ། འདིར་ཅུང་ཟད་འཕྲོས་ནས་རིགས་འདེད་བྱས་ན། འབའ་ཡུལ་གྱི་སྨྲྀ་ཏིའི་དགོན་ཤུལ་གཉིས་པོ་དང་མཆོད་རྟེན་གྱི་ཤུལ། ད་དུང་མཚོ་སྔོན་མགོ་ལོག་གི་ཡུལ་དང་མཚོ་སྔོན་པོའི་རྟ་ནག མཚོ་ལྷོའི་ཧང་ང་རྫོང་(兴海县)གི་ཧོལ་ཁ་སོགས་ནས་པཎ་ཆེན་འདིས་རྫི་བོ་མཛད་ཚུལ་གྱི་ངག་རྒྱུན་མང་པོ་ཞིག་ཡོད་པ་དེ་ལའང་དཔྱད་པར་བྱ་བ་འདི་ཡོད་དེ། ས་གནས་འདི་དག་ནི་སྐབས་དེར་རྒྱའི་ཡུལ་ལ་འགྲོ་སའི་ལམ་ཁ་གཙོ་བོ་ཞིག་ཡིན་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་ཚོང་ལམ་གཙོ་བོ་ཞིག་ཀྱང་ཡིན། དེ་བས་སྐབས་དེའི་མཁས་པ་རྣམས་ཀྱང་ཚོང་པ་ལ་འགྲོག་ནས་ཕེབས་པ་དང་ཚོང་ལམ་བརྒྱུད་དེ་མདོ་དབུས་ཁམས་གསུམ་ལ་ཞབས་སོར་བཀོད་ཀྱིན་ཡོད་དེ། རྒྱ་གར་ཕྱོགས་ནས་ཕེབས་པའི་པཎྜི་ཏ་དང་ལོ་ཙཱ་བ་སོགས་ཀྱང་ཚོང་ལམ་དང་ཚོང་པ་ལ་བརྟེན་ནས་བོད་ལ་ཕེབས་བཞིན་ཡོད་པ་ཁོ་ཚོའི་རྣམ་ཐར་ལས་ཤེས་ལ། ཇོ་བོ་རྗེ་ཡང་ཚོང་པ་དང་ཚོང་ལམ་ལ་བརྟེན་ནས་བོད་ལ་ཕེབས་པའོ།། འབྲོམ་སྟོན་པ་ཡང་ཚོང་པ་དང་ཚོང་ལམ་ལ་བརྟེན་ནས་ཁམས་སུ་ཕེབས་པའོ། ། དེ་བཞིན་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་སྐབས་ཀྱང་ཡུལ་ཤུལ་དང་མགོ་ལོག མཚོ་སྔོན་པོའི་ཉེ་འདབས་ཀྱི་རི་བོ་ཉི་ཟླ་སོགས་བརྒྱུད་མྱོང་བའི་ལོ་རྒྱུས་ཡོད་པ་སོགས་ཀྱིས་ཀྱང་ས་གནས་འདི་དག་ནི་རྒྱ་བོད་ཀྱི་འབྲེལ་འདྲིས་བྱ་སའི་ལམ་ཁ་གཙོ་བོ་ཞིག་ཡིན་པ་ཤེས་ཐུབ། དེ་བས་ན་ངག་རྒྱུན་དེ་དག་ནི་པཎ་ཆེན་སྨྲྀ་ཏི་ལམ་ཁ་འདི་དག་བརྒྱུད་དེ་ཙི་ནའི་ཡུལ་དུ་བྱོན་པའི་སྐབས་སམ་ཕྱིར་བོད་ལ་ཕེབས་པའི་དུས་སུ་བཞག་པ་ཡིན་སྲིད་ལ། འབའ་རྫོང་ན་ཡོད་པའི་དགོན་ཤུལ་དང་མཆོད་རྟེན་གྱི་ཤུལ་སོགས་ཀྱང་དུས་པཎ་ཆེན་འདི་ཉིད་ཙི་ནའི་ཡུལ་དུ་བྱོན་པའི་དུས་སམ་ཕྱིར་བོད་ལ་ཕེབས་པའི་སྐབས་སུ་བཞེངས་པ་མིན་ནམ་སྙམ་ལ། འབའ་རྫོང་གི་དགོན་ཤུལ་སོགས་ནི་ཡུལ་ཤུལ་གྱི་འཛོམ་ཉག་མཆོད་རྟེན་ལས་སྔ་བར་སྣང་སྟེ། ཁོང་གི་རྣམ་ཐར་སོགས་ལས་འཛོམ་ཉག་མཆོད་རྟེན་བཞེངས་རྗེས་དྲན་དུ་ཕེབས་ནས་དེ་རུ་སྐུ་གཤེགས་པར་གསུངས་པ་དང་། ཡུལ་གྲུ་གཞན་ལ་ཕེབས་པའི་ལོ་རྒྱུས་མེད།  སྒ་འཛོམ་ཉགཆོད་རྟེན་ནི་སྤྱི་ལོ་༡༠༣༠ལོར་བཞེངས་པར་ནང་ཆེན་རྒྱལ་རབས་སུ་གསུངས་ཡོད་དེ། དེ་ལས།“རབས་ལོ་༥༠༢༥། ཕྱི་ལོ༡༠༣༠། ལྕགས་ཕོ་རྟ༤། པཎ་ཆེན་སྨྲྀ་ཏིས་ཁམས་སྟོད་ལྷ་སྒྲར་འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ་བཞེངས།”ཞེས་སུ་བཀོད་ཡོད་པ་དང་། སྨྲྀ་ཏིའི་དགོན་ཤུལ་དུ་བཞེངས་པའི་འབའ་ཡུལ་པོ་ཏ་ལའི་པར་རིས་ཀྱི་འོག་ཏུ་སྤྱི་ལོ༡༠༢༩ནས་སྤྱི་ལོ་༡༠༡༢ཞེས་པའི་ལོ་ཚིགས་ཤིག་བྲིས་ཡོད། འབའ་ཡུལ་པོ་ཏ་ལའི་ལོ་ཚིགས་དེ་ལ་གཞི་འཛིན་ས་ཞིག་ཡོད་ངེས་མོད། ལོ་རྒྱུས་ཡིག་ཆ་དག་ལ་བལྟས་ཚེ་པཎ་ཆེན་སྨྲྀ་ཏི་དེའི་སྔོན་ནས་ཁམས་འདན་ཁོག་ཏུ་ཕེབས་ཏེ་འགྲོ་དོན་མཛད་བཞིན་པ་འདྲ་བས་དཔྱད་པར་རིགས།

࿐མཁས་བཙུན་བཟང་གསུམ་གྱི་སྐྱེས་མཆོག་དམ་པ་ཨ་མཆོག་པཎྜི་ཏས་མཛད་པའི་ཤེས་རབ་སྙིང་པོའི་ཚིག་འགྲེལ་བྱ་རྒོད་ཕུང་པོའི་རི་རྩེའི་རྟེན་འབྱུང་གི་སྒྲ་དབྱངས། ༼༢༠༢༢-༡/༡༥༽ [鲜花][鲜花][鲜花][心][心][心]

བརྒྱུད་པ་ཁུང་དག་ནཱ་རོ་མེ་ཏྲིར་ཐུག །
བླ་མ་འགྲན་བྲལ་མན་ངག་ལག་ལེན་ཚང་། །
སློབ་མ་བུ་རྒོད་ཚེ་གཅིག་སངས་རྒྱས་ཐོབ། །
དུས་ཚོད་གལ་ཆེ་འདས་དུས་མཆོད་པའི་ཉིན། །

བཀའ་བརྒྱུད་པའི་གྲལ་མཐར་འཛིན་པ་རིག་པའི་ལང་ཚོས། ༢༥༦༠/༡/༡༤ཉིན།


发布     👍 0 举报 写留言 🖊   
✋热门推荐
  • 拥有五百多个小炸的表情包[可爱]哈哈哈哈哈哈哈哈哈哈哈哈哈我好快乐[偷笑]学学表情管理吧哈哈哈哈哈哈哈[笑cry]明天下午最后一个presentation今天背
  • 梦里的我有意识的时候,我(对于现实的我来说应该称之为灵魂)已经到了已知宇宙的边际,欣赏着每一颗星球,一片星系,不经意间和宇宙之墙发生了碰撞,回头那一瞬间,我仿佛
  • 当然,老天爷讲平衡,我包饺子不灵,怎么练出来的都是小肚子大裙边,而队友恰好有从小练就的包饺子手艺,你说巧不巧[笑而不语][笑而不语]山东青岛,一男子从二手车行买
  • 有网友表示,这两名女子是吃饱了撑得闲得没事干,这种事还找消防员,严重的浪费了公共资源,应当让她们为此买单。超声炮的效果是一个能量的累积效果,超声炮的面部五个探头
  • 今‭‮是‍天‬‬农历十月十五,为下元水官‭‮帝‍大‬‬圣诞 志心持诵‭‮诰‍宝‬‬、圣号,以祈‭‮消‍求‬‬灾减厄,解冤释结‭‮福‍,‬‬生无量[作揖] 水‭
  •   市场资金是聪明的,也许会有我们想象不到的考验因素。后面的走势也不会很复杂,如果收盘的这个高点无效,短期就会过趋势,趋势做为最后防线是不能违背的。
  • 完结小说大结局热推/AS3D45 苏佳禾邬君《苏佳禾邬君》 《岑心邬辰》岑心邬辰 《岑心邬辰》岑心邬辰 《苏矜北周时韫》苏矜北周时韫 《林楚虞程燃》林楚虞程燃
  • 原来,陈都灵在11月11日发文称要回家过“光棍节”本来网友们也觉得没什么,谁想到于正突然跳出来在汪汐潮评论区留言说:见光死的爱情不牢靠,不要也罢!(面 试 通
  • 几根小小的青椒,经过几步简单的烹饪,便可以成为一款万能、百搭、让人魂牵梦萦、欲罢不能的烧椒酱。被国内收藏界玩出天花板的日本江户切子水晶杯,因其由大师纯手工制作,
  • 答案也只有一个:孩子离开时,只对舒适的体验铭记于心,对父母的各种“好”几乎都忘了。这颠覆了我们的传统认知,在传统文化背景下的观念中,无论如何都不能相信孩子只是一
  • "같이 눈을 보호하자!" 이게 정말 구호뿐 아니라.. 햇빛 눈부신 오후에.. 우리도 함께 푸른 식물들 많이 보자! 우리의 눈동자도 정화와 휴식이
  •    ​简‎单‎的‎​节‎​食​减肥​是​陷‎井‎,​节掉了​​营养‎,​叫减​肌肉‎,​饿‎​肚子​,脂肪不​会走,走掉​​的是肌​肉和‎水,​因​为节食​缺
  • 为更好地表达“临川四梦,梦世间事,梦万般情”的意境,专辑的每首歌曲配有水墨背景与人像结合的画作,其创作者是广东青年画院画家、中国美术家协会会员林于思。他不断在亲
  • 爸爸听了很生气,想立刻马上冲到现场去教训那几个孩子似的[允悲]我倒是觉得还好,这样调皮的小孩挺多的,爸爸妈妈不在身边,可儿表现的挺镇定的也没有哭。一进屋,感觉满
  • 随机播放又播到《敬酒曲》 一翻自己的puq在去年十月底成团夜之后分享的这首歌 一晃居然过去了小半年 盼着烫快点播出的日子好像还在昨天 可是居然就要收官了一个下饭
  • #王者荣耀陪玩团[超话]##王者陪玩[超话]##王者荣耀陪玩团[超话]##王者陪玩[超话]#看看我吧,脾气超级好,价格低,话也算多的吧,接王者以下的陪玩,代打接
  • 欲知最新展览信息,请看:广州市海珠区副区长苏明庆通报:在广大市民朋友的支持和配合下,海珠区连续3天加强全域管控取得一定成效,但是疫情传播风险尚未完全阻断。#广州
  • 某平台主播带货招商那些事儿 事情从8月21晚开始,商家发送产品招商信息给某主播,主播回应了招商商家,表示对此招商产品感兴趣,于是交换了联系方式,商家看到招商信息
  • #崔胜澈尹净汉生日礼物交接仪式#coupshan大邱酷哥华城甜妹永远热恋中表达真挚的感情会害羞☺️没说出口的话是我爱你欲擒故纵是无用的感情浪费互相确信“他喜欢我
  • 喝红茶撬开罐子,那么多不锈钢结实的的工具不用,竟然拿自己最喜欢的一个小木勺子去撬…真的,我也是服气我自己了!我正要生气,他转口说:复古、也很好看!