འཛམ་གླིང་འཁྲུགས་ཆེན་དང་པོ་ནི་ཕྱི་ལོ།༡༩༡༤-༡༩༡༨ལོའི་བར་དུ་འཁྲུགས་ཤིང་།

འཛམ་གླིང་འཁྲུགས་ཆེན་གཉིས་པ་ནི་ཕྱི་ལོ།༡༩༣༩-༡༩༤༥ལོའི་བར་དུ་འཁྲུགས་པ་རེད།

བོད་ཆུ་སྟག་ལོ།

༡-༡༣
དེ་རིང་ནི་ཉིན་བཅོ་ལྔའི་རིང་ལ་འཚོགས་པའི་སློབ་གླིང་གི་“འཕགས་པ་གར་དབང་ལྷ་དགུའི་སྒྲུབ་པ།”སང་ཉིན་ཞོགས་པའི་རྗེས་ཆོག་ཙམ་མ་གཏོགས་མཇུག་གྲོལ། ད་ནི་ཆུ་སྟག་ལོའི་སློབ་འཚོགས་ཡོངས་སུ་རན་ཞིང་། གུས་པར་འོས་པའི་མཆེད་པོ་དག་ཕྱོགས་ཕྱོགས་མཐའ་ནས་འཛོམས་ཀྱིན་གདའ།

བོད་ཆུ་སྟག་ལོ།

༡-༡༤ https://t.cn/R2Wx150

འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་བཀའ་བཞིན་ཀུན་གཟིགས་མ་ཧཱ་པཎྜི་ཏ་ཆེན་པོ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དང་མཇལ་འཕྲད་མཛད་པས། ཁོང་ལ་མཁྱེན་བརྩེ་དབང་པོས་གཏེར་སྟོན་གྲུབ་ཐོབ་ཡིན་ཟེར་བ་མང་དུ་བྱོན་ཀྱང་། ཨ་འཛོམ་འབྲུག་པ་ལྟ་བུའི་རྫོགས་ཆེན་རྣལ་འབྱོར་པ་མ་བྱོན་གསུངས་པས། ཁྱེད་མཉམ་བཞག་ཅིག་ལ་བཞུགས་ནས་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྲིད་བསྡུས་ཤིག་གསུངས་རོགས་གྱིས་གསུངས། ཁོང་གིས། མཉམ་བཞག་ལ་བསྡད་རུང་མ་བསྡད་རུང་། ངེས་ཚོད་འདི་ལྟར་ལགས། ཞེས་བསྡུས་དོན་གསུངས་པས།

དེ་མ་ཐག་སྐུ་བཞེངས་ཏེ། དར་རིང་པོ་ཞིག་མདུན་དུ་བརྐྱངས་ནས་ཞབས་སྤྱི་བོར་བཞག་པ་དང་། ཕྱིས་སུ་སྡུད་པ་རྒྱན་སྦྱར་གྱི་པར་བྱང་སྨོན་ཚིག་ཏུའང་།

ནང་གི་རྣལ་འབྱོར་ཟབ་མོའི་སྟོབས་ཁོ་ནས། །ཆོས་ཚུལ་འདི་ལ་ཡིད་ཆེས་མཆོག་ཐོབ་པ། །ཡེ་ཤེས་སྤྱན་དང་ལྡན་པའི་རིག་འཛིན་ནི། །འགྲོ་འདུལ་དཔའ་བོ་རྡོ་རྗེ་ ༡༨༤༢ - ༡༩༢༤ཞེས་བྱ་བ། །ཞེས་དང་། འདི་ནི་སྔ་འགྱུར་རྫོགས་པ་ཆེན་པོ་ཡི། །དོན་བརྒྱུད་སྙིང་ལ་ཐོབ་པའི་རྣལ་འབྱོར་པ། །སྣ་ཚོགས་རང་སར་གྲོལ་བའི་རིག་འཛིན་ནི། །བསྟན་འགྲོར་ལྷག་བསམ་ཁུར་ཆེན་ཁྱེར་བ་དེས། །ཞེས་སོགས་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་ཞིང་། སྦྱོར་སྒྲོལ་ལ་བསྔགས་པ་སོགས་གསུང་ཆོས་དུ་མ་གསན། https://t.cn/z8YdYRj

༡༩༡༤~༡༩༡༨ལོའི་བར་དུ། འཛམ་གླིང་སྟེང་དུ་དེང་རབས་ཀྱི་རྒྱལ་སྤྱིའི་གཡུལ་འཁྲུག་ཆེན་པོ་ཞིག་བྱུང་ལ། དེ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་དུ་བྱུང་བའི་འཛམ་གླིང་ཡོངས་སུ་ཁྱབ་པའི་དམག་འཁྲུག་ཆེན་པོ་ཞིག་རེད། འཁྲུག་ཆེན་ལ་ཞུགས་པའི་རྒྱལ་ཁབ་ནི་འཇར་མན་དང་ཨོ་ཧང་བཙན་རྒྱལ་གཙོ་བྱས་པའི་མནའ་མཐུན་རྒྱལ་ཁབ་དང་། ཧྥ་རན་སི་དང་དབྱིན་ཇི་དང་ཨུ་རུ་སུ་གཙོ་བྱས་པའི་ཆིངས་བཞག་རྒྱལ་ཁབ་ཕྱོགས་གཉིས་ཀ་རེད། རྒྱལ་ཁབ་༣༣དང་མི་ཐེར་འབུམ་༡དང་དུང་ཕྱུར་༥གཡུལ་འཁྲུག་དེའི་ནང་དུ་ཞུགས་པ་དང་མི་བྱེ་བ་༢ལྷག་ཤི་རྨས་སུ་སོང་། མཐའ་མར་མནའ་མཐུན་རྒྱལ་ཁབ་ཕམ་པར་བརྒྱབ་ནས་མཇུག་རྫོགས། འཁྲུག་ཆེན་གྱིས་འཛམ་གླིང་གི་ཆབ་སྲིད་མངའ་ཁོངས་བསྒྱུར་བྱུང་བ་སྟེ། འཇར་མན་དང་ཨོ་ཧང་། ཨུ་རུ་སུ། ཐུར་ཁེ་བཅས་བཙན་རྒྱལ་ཆེན་པོ་བཞི་ཐོར་ནས་རང་བཙན་རྒྱལ་ཁབ་གསར་བ་སྐོར་ཞིག་འབྱུང་དུ་བཅུག

File:WW1 TitlePicture For Wikipedia Article.jpg
སྐུ་སྲས་ཧྥེར་ཏེ་ནན་ལྐོག་གསོད་བྱས་པ།
File:སྐུ་སྲས་ཧྥེར་ཏེ་ནན་ལྐོག་གསོད་བྱས་པ།.jpg
༡༩༡༤ལོའི་ཟླ་༦པར། ཨོ་ཧང་བཙན་རྒྱལ་གྱིས་པཱ་ཟི་ནེ་ཡ་དབང་དུ་བསྡུས་རྗེས། ཡང་སེལ་ཝེ་རུ་ཡ་དབང་དུ་བསྡུ་རྩིས་བྱས། ཟླ་༦པའི་ཚེས་༢༨ཉིན། ཨོ་ཧང་བཙན་རྒྱལ་གྱི་རྒྱལ་རྒྱུད་འཛིན་མཁན་སྐུ་སྲས་ཧྥེར་དེ་ནན་དང་ཁོའི་ཆུང་མ་གཉིས་སེ་རེའུ་ཡེ་ཝོལ་དུ་དམག་དཔུང་ལ་གཟིགས་ཞིབ་གནང་དུ་ཕེབས། ཁོ་རང་ཀླད་ཁེབས་མེད་པའི་རླངས་འཁོར་ཞིག་ཏུ་བསྡད་ནས་ཁྲོམ་ཚོགས་བརྒྱུད་དུས། སེལ་ཝེ་རུ་ཡའི་ན་གཞོན་ཞིག་གིས་ལྐོག་མདའ་འཕངས་ནས་བསད། དོན་རྐྱེན་དེ་འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པའི་རྒྱུ་རྐྱེན་དུ་གྱུར། ལོ་དེའི་ཟླ་༧པའི་ཟླ་མཇུག་ཏུ། ཨོ་ཧང་གོང་མའི་རྒྱལ་ཁབ་ཀྱིས་སེལ་ཝེ་རུ་ཡ་ལ་བཙན་འཛུལ་བྱས་པ་དང་། ཟླ་༨པའི་ཟླ་མགོར་མནའ་མཐུན་རྒྱལ་ཁབ་དང་ཆིངས་ཡིག་བཞག་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀ་དམག་འཁྲུག་ནང་དུ་ཞུགས།

གཡུལ་འཁྲུག་གི་གནས་ཚུལ་དང་དུས་རིམ།
འཛམ་གླིང་འཁྲུག་ཆེན་དང་པོའི་སྐམ་སའི་གཡུལ་འཁྲུག་གཙོ་བོ་ཤར་ནུབ་ཕྱོགས་གཉིས་སུ་བརྒྱབ་པ་རེད། མནའ་མཐུན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཀྱི་འགྲན་ཟླ་གཙོ་བོ་ནི་ཧྥ་རན་སི་ཡིན་པ་དང་། ཤར་ཕྱོགས་ནི་ཨུ་རུ་སུ་རེད། མཚོ་སྟེང་དུ་གཙོ་བོ་ཨིན་ཇི་དང་འཇར་མན་བར་དུ་གཡུལ་བཀྱེས། ༡༩༡༦ལོར། མནའ་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་ཙམ་བྱུང་། ༡༩༡༧ལོར། ཨ་མེ་རི་ཁ་གཡུལ་འཁྲུག་ནང་དུ་ཞུགས་པ་དང་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པས། གཡུལ་འཁྲུག་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ནས་མཇུག་མཐར་མནའ་མཐུན་རྒྱལ་ཁབ་ཕམ།

མཚོན་ཆ་དེང་རབས་ཅན་དུ་གྱུར་པ།
གཡུལ་འཁྲུག་གིས་མཚོན་ཆའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་། གཡུལ་འགྱེད་ཕྱོགས་གཉིས་ཀས་མཚོན་ཆ་ཆེས་གསར་བ་དག་བཀོལ་སྤྱོད་བྱས། རྒྱལ་ཁབ་སོ་སོར་བསྡོམས་པས་མེ་སྒྱོགས་ཁྲེ་༩ཡོད་པ་དང་། ཁ་ཆེ་བ་དང་འཕེན་ཐག་རིང་བའི་མེ་སྒྱོགས་ཀྱི་འཕེན་ཐག་སྟོང་སྨི་༢༠ལྷག་ལ་སླེབས་ཐུབ་པ་བྱུང་།

བར་སྣང་ཁ་ལོ་སྒྱུར་དབང་བརྩད་པ།
༡༩༠༣ལོར་ཨ་མེ་རི་ཁ་པས་གནམ་གྲུ་དང་པོ་གསར་སྐྲུན་བྱས་པ་ནས་བཟུང་། འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པའི་བར་དུ། རྒྱལ་ཁབ་སོ་སོའི་གནམ་གྲུའི་སྡོམ་གྲངས་༡༠༠༠ལས་མི་འདའ། གཡུལ་འཁྲུག་གིས་གནམ་གྲུའི་གྲངས་ཀ་ཇེ་མང་དུ་འཕར་དུ་བཅུག་སྟེ། གཡུལ་འཁྲུག་གི་དུས་མཇུག་ཏུ་བསླེབས་དུས། དམག་སྤྱོད་གནམ་གྲུ་སོ་སོའི་བསྡོམས་གྲངས་ཁྲི་༡ལྷག་ལ་བུད་ཡོད། གཡུལ་འགྱེད་ཕྱོགས་གཉིས་ཀས་གནམ་གྲུ་བེད་སྤྱད་དེ་བར་སྣང་ཁ་ལོ་སྒྱུར་དབང་བརྩད་ནས། ས་ངོས་དང་མཚོ་སྟེང་གི་གཡུལ་འཁྲུག་ལ་རམ་འདེགས་བྱས། འགྲོ་བ་མིའི་བློ་གྲོས་ཀྱི་སྙིང་བཅུད་ལྟ་བུའི་གནམ་གྲུ་དེ་དག་ནི་གཡུལ་འཁྲུག་ཁྲོད་དུ། འགྲོ་བ་མི་རང་ཉིད་ལ་གནོད་པ་སྐྱེལ་བྱེད་དང་རང་ཉིད་རྩ་མེད་དུ་གཏོང་བའི་མཚོན་ཆ་གཙོ་བོ་རུ་གྱུར།

མཚོ་ཐོག་གཡུལ་འཐབ།
མཚོ་ཐོག་གཡུལ་འཐབ་ཆེན་པོ་རྒྱག་པ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྱད་ཆོས་རེད། ༡༩༡༥ལོའི་ཟླ་༥བར། དང་ཐོག་མནའ་མཐུན་རྒྱལ་ཁབ་ཀྱི་ཁུངས་སུ་གཏོགས་པའི་དབྱི་ཐ་ལི་མནའ་མཐུན་རྒྱལ་ཁབ་ལས་ཕྱིར་བུད་དེ་ཆིངས་བཞག་རྒྱལ་ཁབ་ཀྱི་གྲས་སུ་ཞུགས། དབྱི་ཐ་ལིའི་ཆུར་འཛུལ་དམག་གྲུ་གཏོར་བའི་དམག་དཔུང་དང་དམག་གྲུའི་སྟོབས་ཤུགས་ཧ་ཅང་ཆེབས། དམག་འཁྲུག་གི་གནས་ཚུལ་འགྱུར་བར་ཤུགས་རྐྱེན་ཆེན་པོ་བཟོས། དེའི་ནང་གི་ཆེས་གལ་ཆེ་བའི་མཚོ་ཐོག་གཡུལ་འཐབ་ཐེངས་ཤིག་ནི་༡༩༡༦ལོའི་དབྱིན་ཇི་དང་འཇར་མན་བར་གྱི་ཇུ་ཐི་ལན་མཚོ་ཐོག་གཡུལ་འཁྲུག་ཆེན་པོ་རེད། སྐབས་དེར་དབྱིན་ཇི་ཕྱོགས་ཀྱིས་དམག་གྲུ་སྣ་ཚོགས་༡༥༡བཀོལ་པ་དང་། འཇར་མན་ཕྱོགས་ཀྱིས་༡༡༠བཀོལ། ཕྱོགས་གཉིས་ཀས་མེ་སྒྱོགས་དང་ཆུ་མདེལ་འཕངས་ནས་དུས་ཚོད་༡༢ཀྱི་རིང་ལ་འཐབ་འཛིང་དྲག་པོ་བྱས་རྗེས་རྒྱལ་ཕམ་ཐག་གཅོད་མ་ཐུབ་པ་དང་། ཕྱོགས་གཉིས་ཀར་གྱོང་གུན་ཚབས་ཆེན་ཐེབས།

ཐེན་ཁི་གཡུལ་འཐབ་དང་འོབས་དོང་གཡུལ་འཐབ།
སྐམ་སའི་གཡུལ་འཐབ་ཀྱི་རྣམ་པ་གཙོ་བོ་ནི་ཐེན་ཁི་ཡིས་རྒོལ་བ་དང་འོབས་དོང་གིས་འགོག་པ་དེ་རེད། ༡༩༡༦ལོ་ནས་བཟུང་། དབྱིན་ཇིས་གསར་གཏོད་བཟོ་སྐྲུན་བྱས་པའི་ཐེན་ཁི་ཤར་ཕྱོགས་ཀྱི་གཡུལ་ངོར་རྒྱང་སྐྱོད་བྱས། ཐེན་ཁི་དམག་དཔུང་གི་རྒོལ་ཤུགས་དང་འགོག་ནུས་ཧ་ཅང་ཆེ་ནའང་། འཇར་མན་དང་ཐུར་ཁེའི་དམག་དཔུང་གིས་དབྱིན་ཇིའི་རྒྱང་སྐྱོད་དམག་དཔུང་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་འགོག་རྒོལ་བྱས། ནུབ་ཕྱོགས་ཀྱི་གཡུལ་ས་རུ་ཧྥ་རན་སེའི་དམག་གིས་འོབས་དོང་ལ་བརྟེན་ནས་འཇར་མན་དམག་ལ་འགོག་རྒོལ་བྱས།


发布     👍 0 举报 写留言 🖊   
✋热门推荐
  • 然后我跟二姐三姐,在一个沙滩上吃饭,吃的是牛排还是什么的,我们就在聊天,突然间lyk出现在我旁边,我们四个在一起吃饭喔!贴上了之湄给我写的歌,看到那句“你不会路
  • 孤独,是作家、文人尤其诗人笔下一个永恒的主题,我背东西喜欢挑特点的,越是不擅长的越是记忆犹新,喜好如下:[可怜][可怜]“路漫漫其修远兮,吾将上下而求索 ,
  • 当我遇到BYREDO DE LOS SANTOS 圣徒之声这个味道 我认定了 这就是我想要的.它是一种向下生长的苦.同时混入了干薄荷的药. 在苦味的吞咽过后涌入
  • 爱刘宇宁的第1407天,老大,感谢你出现在我的生命里,从此我的生活变得充实,也让我有了前进的动力,以后我的世界里只有你。@摩登兄弟刘宇宁    ♡⃛  Lᵒᵛᵉ
  • (啥时候现在古风词能写成这样就好了[苦涩])此词描写的对象,主要是“快哉亭”周围的广阔景象。偷偷看着你可爱的笑容,你就像天上的云朵,我好想变成彩虹做人要像饼干一
  • 一起了解↓(大连发布 文字:宋宇 资料:市文旅局)#美好辽宁欢迎您# 【#一起来大连过夏天# 28条精品线路你pick哪一条?“行游大连”智慧文旅平台正式上线
  • 轻钢别墅的优势很多:1、抗震,除非地陷,否则在地震中绝对不会倒塌;2、舒适,双保温层隔断热传播,非常舒适。泰安轻钢别墅多少钱一平,泰安轻钢别墅多少钱一平轻钢别墅
  • 摩羯座的MM——特色:自制的眼神你内心的热情不易被发现也不易被点燃,但你的务实会让你的爱情也用心规划过,谨慎的散发你的魅力。然而,你似乎忘记爱情是需要热情灌溉的
  • 老奶奶被Cooper和同事接上车时,回望了一眼住了一辈子的老房子,亲切地跟它道别:亲爱的,再见了……急救护送的工作人员看到这幅画面,都颇感心酸,一路上氛围也有些
  • #开福区租房[超话]##长沙市开福区开福寺地铁站附近租房 长沙开福寺地铁站步行7分钟,两室一厅的次卧转租,您搬进来前我会把卧室卫生打扫干净。菜鸟驿站 水果零食超
  • #光遇陪玩##光遇陪玩团[超话]# 声声慢倒计时7⃣️天欢迎板宝们来围观参与板宝我的板宝好想你 求求你出现吧 我在床上哭了9个小时 崩溃了1996次 撞了903
  • ”但数字化转型涉及到企业的方方面面,是机遇也是重大挑战。并转变经销商的组织职能模式,构建用户数字化服务生态,导入社交型的 SCRM,实现“一客一群”的多对一运营
  • 以前住在Arcadia的时候,偶尔会在这里吃一顿,它虽然谈不上美味,但是却有一种情怀,作为怀旧港式西餐的代表,这里的东西从餐前包到甜点都有一种儿时的回忆在其中,
  •   在这宝庄严城中,有些人不知这位婆须蜜多女的不可思议功德智慧,见到善财童子在打听她时,因此作这样想:“现在这位童子,看他很正经老实,诸根都寂静,他的智慧也非常
  • 她可以用52年的时光静静等待一份无望的爱,“宁为玉碎,不为瓦全”而始终幽幽静静、从从容容;她可以旁观时代的起伏跌宕,哪怕因投资不当而家财散尽,哪怕与亲朋决裂而孤
  •  一回家,三毛就找荷西诉苦,她说:“我是疯了,我自从进了你家门,我失去了自己,我也失去了你……” 荷西很不理解。“ 虽然婆婆笑眯眯的,但三毛知道,眼前的女人对她
  • 这个客户是在年前经过一些指导,今年7月中旬要去昆明进行转变运气的活动,主要是为了姻缘啦,但是因为在北京,而且又在国企,就来找我选一个吉日。在此之前,客户说编造了
  • 没有第一时间和你说我们想退出单走的事确实是我的问题,但是也请你搞清楚我们只是合作关系,之后合不合作包括合作期间什么问题都是我们自己在做吧,包括这个决定也不是要通
  • #温网2022# 16号种子哈勒普6-3/6-2横扫去年温网八强穆霍娃,继2019年夺冠后再在这里取得胜利(2020比赛取消,2021未参加)。这是他第7胜TO
  • 所以,佛说,我们只能听佛引领,实修实证,未成佛前佛度我,成佛之后再度人,千万不可,佛说我写,写后成册,照本宣科,凡夫俗子拿书,如是我闻的去传播,难道佛祖比学生傻