རྙོག་པ་མེད་པའི་སེམས།

སྒྱུ་འཕྲུལ་གྱི་འཇའ་གུར་ཕུག་པའི་ནང་དུ།།
རྟོག་བཏཊ་ཀྱི་རྨི་ལམ་སྣ་ཚོགས་གད་ནས།།
ཚོར་བ་ཡི་གསེབ་ལ་འཛུམ་པའི་མེ་ཏོག།
སྣང་བ་ཡི་སྒོ་མོ་ཕྱེས་པའི་བཞད་པ།།

སྲིད་པ་ཡི་མེ་ལོང་ངོས་ནས་མཐོང་པ།།
འཁོར་བ་ཡི་འདམ་དུ་ཟིག་པའི་མེ་ཏོག།
མཉམ་ཉིད་ཀྱི་འཛིན་པའི་མཐར་རུ་གྲོལ་དུས།།
སེམས་ངོས་ན་ཁ་བ་ལྟར་བབས་ན་སྐྱིད་ཨང་།།

གཙང་བོ་དེ་དེད་ནས་ཕར་ཕར་བཙལ་དུས།།
སྤྲིན་པ་བཞིན་ཚུར་ཚུར་རྒྱུ་བ་མེད་པའི།།
ཡོད་མེད་གཉིས་མཐའ་ལས་འདས་པའི་བུ་མོ།།
ཡིད་གསེབ་ན་ཆགས་པ་མེད་པའི་བྱེ་རྡུལ།།

མ་ངེས་པའི་སྣང་བ་ཁྲ་ཁྲ་དེ་དེད་ན།།
ངེས་ཤེས་ཀྱིས་ཟིན་པའི་ལས་ཀྱི་ཕྱེ་ལེབ།།
མ་འཁྲུལ་བའི་ཨ་ལོང་ཡང་ལོང་དུ་སྦྲེལ་ནས།།
མཐར་མེད་ཀྱི་འཁོར་བའི་འཇིག་པ་མ་དྲན།།

འཇིན་རྟེན་གྱི་མཛེས་པ་ཡོད་ཚད་བཏགས་ཏེ།།
མི་ཚོགས་ཀྱི་ཁྲོད་ན་ལྡེམ་ལྡེམ་དུ་ཆས་སྐབས།།
འཛུམ་མདངས་ཀྱི་ཟེཊ་མ་མི་སེམས་ལ་ཟུག་ནས།།
མི་སེམས་ཀྱི་ཁ་དོག་མཛེས་པ་ལ་འཁོར་བྱུང་།།

ནང་སེམས་ཀྱི་དམར་སར་བཞག་པའི་བུ་མོ།།
རྨི་ལམ་གྱི་རྟ་ཕོ་ཞོན་ནས་འཛུམ་དུས།།
ཡིད་སེམས་ལ་རི་མོ་དུ་ཡོད་ཤེས་སམ།།
དེ་མིན་ན་དགའ་མདོག་ཞེ་ནས་མ་སྟོན།། https://t.cn/RqUdkM5

ལང་ཚོའི་ཁོ་ལག་རྒྱས་པའི་ལུས་ཕུང་འདི་བདེ་ཡང་།།
གཡག་རྒོད་སྐེ་མཇིང་འདྲ་བའི་སེམས་རྒྱུད་འདི་མ་དུལ།།
དམར་སེར་ངུར་སྨྲིག་གོས་ཀྱི་དྲོད་ཁོལ་དེ་མྱངས་ཀྱང།།
ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱི་སྤང་བླང་དེ་མ་ནུས།།

_____ཤེས་རབ་མེ་ལྕེ་ནས༢༠༢༢-༣-༣༠ཉིན

རྗེ་བཙུན་རིན་པོ་ཆེའི་བདེན་ཚིག་གྲུབ་པའི་སྨོན་ལམ་གྱི་གསུང་མགུར།

ཕ་སྨོན་ལམ་མཐར་ཕྱིན་འགྲོ་བའི་མགོན། །

སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །

འདིར་ཚོགས་གསོན་ཅིག་བུ་སློབ་ཀུན། །

ཁྱེད་རྣམས་བདག་ལ་བཀའ་དྲིན་ཆེ། །

བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །

བཀའ་དྲིན་ཆེ་མཉམ་དཔོན་སློབ་རྣམས། །

མངོན་དགའི་ཞིང་དུ་མཇལ་བར་ཤོག །

འདིར་བཞུགས་ཡོན་བདག་ཐམས་ཅད་ཀྱང༌། །

ཚེ་རིང་བསོད་ནམས་ལྡན་པར་ཤོག །

བསམ་པ་ལོག་པ་མི་སྐྱེ་ཞིང༌། །

ཆོས་མཐུན་བསམ་པ་འགྲུབ་པར་ཤོག །

ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང༌། །

མི་ནད་འཁྲུག་པ་མེད་པ་དང༌། །

ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་དང༌། །

ཀུན་ཏུ་ཆོས་ལ་སྤྱོད་པར་ཤོག །

བདག་གི་ཞལ་མཐོང་གསུང་ཐོས་དང༌། །

རྣམ་ཐར་ཡིད་ལ་དྲན་པ་དང༌། །

མཚན་ནམ་རྣམ་ཐར་ཐོས་ཚད་རྣམས། །

མངོན་དགའི་ཞིང་དུ་མཇལ་བར་ཤོག །

གང་ཞིག་བདག་གི་རྣམ་ཐར་ལ། །

སྤྱོད་ཅིང་སྒྲུབ་པ་བྱེད་པ་དང༌། །

འདྲི་ཞིང་འཆད་ཉན་བྱེད་པ་དང༌། །

ཀློག་དང་ཕྱག་མཆོད་འབུལ་བ་དང༌། །

རྣམ་ཐར་ཚུལ་བཞིན་སྐྱོང་བ་རྣམས། །

མངོན་དགའི་ཞིང་དུ་མཇལ་བར་ཤོག །

མ་འོངས་གང་ཟག་ཐམས་ཅད་ལ། །

གལ་ཏེ་སྒོམ་པ་ནུས་སྲིད་ན། །

མི་ཁོ་བོས་དཀའ་བ་སྤྱད་སྤྱད་པས། །

གེགས་དང་གོལ་ས་མེད་པར་ཤོག །

ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །

བསོད་ནམས་དཔག་ཏུ་མེད་པ་ཡོད། །

དེ་ལ་འཇུག་ཅིང་བསྐུལ་བ་ལ། །

བཀའ་དྲིན་དཔག་ཏུ་མེད་པ་ཡོད། །

མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །

བྱིན་རླབས་དཔག་ཏུ་མེད་པ་ཡོད། །

དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །

ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །

བསམས་པ་ཙམ་གྱིས་འགྲུབ་པར་ཤོག །

བདག་གི་གནས་དང་གནས་མལ་དང༌། །

དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །

གར་སོང་ཡུལ་དུ་བདེ་སྐྱིད་ཤོག །

ས་དང་ཆུ་དང་མེ་དང་རླུང༌། །

ནམ་མཁའ་འབྱུང་བས་གར་ཁྱབ་པ། །

དེ་བཞིན་བདག་གིས་ཁྱབ་པར་ཤོག །

ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང༌། །

དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །

གནོད་པ་སྐད་ཅིག་མི་སྐྱེལ་ཞིང༌། །

བསམ་པ་ཆོས་བཞིན་འགྲུབ་པར་ཤོག །

སྲོག་ཆགས་སྲིན་བུ་ལ་སོགས་པ། །

གཅིག་ཀྱང་འཁོར་བར་མི་ལྟུང་ཞིང༌། །

མ་ལུས་ང་ཡིས་འདྲེན་པར་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • 我宣布,萧逸这个联动约会在我这里直接封神或许不管多少次,我都会像第一次见到般,为这样耀眼的萧逸心动又回到最初的起点,我爱穿赛车服的他,喜欢他的自信,他的果断,他
  • 虽然是初学的辣鸡剪刀手但是我真的很想说一帧帧去拉动卞演员的片段也没有任何一处拉胯每一帧都在戏里 人物里如果金熙星不是他来演是没有灵魂的看剧的话可能还不明显拼凑片
  • #你安全吗# 我的评分:[星星][星星][星星][星星][星星]#你安全吗# [抱一抱]#檀健次你安全吗# 檀健次每一次都能给我新的惊喜,一开始因为沈翊入坑的时
  • 搭载岚海动力,彰显ESSA原生高端智能电动架构优势岚图梦想家是岚图汽车推出的第二款具有里程碑意义的战略车型,是全球最低碳出行的MPV,也是全球最舒服的MPV。作
  • 有网友私信我,坑了几百人,被杜丽恒 丽恒 杜立恒 立恒骗了那么多钱,微博上为什么揭露他的人不多,但每个人又都是微博认识他的,原因是有人不想暴露自己,有人反思是自
  • #吉网观冬奥# #冬奥在北京嗨翻在吉林# #冰雪吉林e起嗨##吉林小子武大靖太帅了#【吉林省冰雪名宿热评武大靖夺冠 “这枚金牌,名至实归!】2月5日晚,在北京冬
  • 人到中年,渐渐的学会了独处,学会了一个人行走;中年,是一个分水岭,退去幼稚,走向成熟,一路走来,经过风雨,也赏过彩虹,走过宽阔,也爬过高山,慢慢的才知道,总有一
  • 在故事主人公的生活中生动地反应了当下俄国的社会情况,既有社会国情的反讽,也具人心情感的感悟。俄罗斯作家托尔斯泰,一个从充满苦难的民族出来的文字工作者,对苦难的描
  • 【一风堂】日本料理之前在上海吃的时候 发现天朝也有 还是那句话 不能和国外的相提并论 毕竟食材和厨子都在这儿摆着了 好在氛围还是蛮日式的 会有霓虹人来吃 服务员
  • 然而,北京市高级人民法院的蒋强法官就指出,“只要是具有独创性、可复制的智力成果,不论何种作品类型,都属于著作权法保护的作品。还还原了众多的成都老字号的招牌,比如
  • #赫夫生医[超话]#我要强势招呆梨‼️‼️‼️强势招合作伙伴跟我来赚钱欣妹第二个理财余利宝纯利润1⃣️9⃣️6⃣️0⃣️0️⃣0️⃣(19万六千)每天都有新的收
  • 总之这么多年看下来,黑龙江的人是越来越少,产业升级也比较困难,当然好消息也不少,新一轮的东北振兴计划已经在路上,希望这一次一扫颓势,真正复兴吧。与此同时,中诚信
  • 像这样的游戏对一些人来说可能很傻,但它可以是一个很好的方法来重新联系你的伴侣,重新点燃浪漫。你可能认为你知道你伴侣的一切,但机会是,总会有新的东西发现对方。
  • 《锋刃》宣传时,他夸赞师姐:“她的心非常静,像她这样的女明星真的是不可多得,袁泉在戏外也是我的女神。此外,在《一起火锅吧》中,双汇还以“美味推荐官”的身份,将双
  • 那狐狸呢,虽对小兔的话不太相信,但它根本抵制不住鲜鱼的诱惑,不由自住地来到河边,把自己的尾巴伸到河里,忍着刺骨的寒水,静候鱼儿上钓。@华晨宇yu #河-华晨宇[
  • 如何考虑音乐厅的外形李虎:我在金山岭现场考察了很长时间,因为音乐厅这个场所的另一个特点就是选址的自由,没人圈出建筑红线的边界,可以完全地自由发挥。无论西方还是东
  • 丨堆味轻但也可以反过来理解,小堆整体的微生物生长量少,意味着有效菌和杂菌都长得少。大堆发酵跟小堆发酵相比,微生物的生长量容易积累起来,这是体量决定的,这也是大堆
  • ” 独树一帜的“未来感”设计理念,阿维塔11惊艳亮相现场,阿维塔科技旗下首款情感智能电动汽车——阿维塔11同步亮相,它由位于德国慕尼黑的阿维塔全球设计中心操刀
  • 明星也是人,也有普通的生活,你可以不喜欢,但请不要伤害。……【DxOMark CEO回应质疑:我们不卖分,也不卖榜[笑而不语]】DxOMark官方做了一个视频,
  • 只要活着就一定能相见都是空气烧这次没有办法摆阵 图是四处搜刮来的 如果有不妥的我立马删掉土下座[单身狗][单身狗][单身狗]想通了心情也好多了[太开心] 没有那