【 ༄༅།།སྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར། སྤྲིན་སྤུང་དཔེ་དེབ་ཚོགས་པ།། 寧瑪文殊 - 雲端藏經閣 Amazon Drive 】新增檔案:( 敬請廣為分享傳閱 )

#非遺保存##学术研究##民族融合#

遍空自解脫傳承全集 ༄༅།།མཁའ་ཁྱབ་རང་གྲོལ་རྒྱུད་པའི་གསུང་འབུམ་བཞུགས་སོ།། 02函 ༄༅།།མདོ་སྔགས་བཀའ་འདུས་དབང་ཆོག་ཀུན་གྱི་ལོ་རྒྱུས་མདོར་བསྡུས་ནི། 顯密教法總集一切灌頂儀軌略史

*寧瑪文殊 - 雲端藏經閣 Amazon Drive:
https://t.cn/A6fGhMS8
( 佛法無版權:點擊下載或複製網址貼上,下載儲存後開啟可閱。)

摘錄內容:

༄༅།།ད་ལམ་རང་ཅག་རྣམས་དལ་འབྱོར་གྱི་རྟེན་བཟང་པོ་རྙེད། དམ་པའི་ཆོས་དང་འཕྲད་བླ་མ་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པ་ལ་དམ་ཆོས་རྣམ་དག་ཅིག་བསྒྲུབ་པ་གལ་ཆེ། དེ་ཡང་ལེ་ལོ་ཕྱི་བཤོལ་དུ་ལུས་ན་འཆི་བ་ནམ་མཁའི་ཐོག་ལྟར་ནམ་འོང་ཆ་མ་མཆིས་ཤིང་། འཆི་བའི་འོག་ཏུ་ལས་ཀྱི་རྗེས་སུ་འབྲང་བའང་གདོན་མི་ཟ་བར་དེ་ཡང་ལས་དགེ་བ་སྤྱོད་པ་ནི་ཉུང་། མི་དགེ་བ་སྤྱོད་པ་ནི་ཤིན་ཏུ་མང་བའི་མཐུས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པའི་དུས་མི་འོང་བས་མྱུར་དུ་དམ་པའི་ཆོས་ལ་འབད་དགོས།

今者我等已得暇滿善妙人身,值遇殊勝妙法,依止上師善知識,於此之際,精進修持清淨正法最為重要!倘若懈怠推延,死時猶如空中之雷,何時來臨無有定期,死後決定隨業流轉。複次,善業妙行極少,不善惡行極多,由此力故,當於輪迴苦海之中解脫無期,故應速疾精進修持正法!

དེ་ཡང་ཐེག་ཆེན་ཐེག་པའི་སྒོར་ཞུགས་ནས་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་བགྲོད་པ་ལ་དཀའ་ཚེགས་མེད་པར་གསང་ཆེན་རྡོ་རྗེ་ཐེག་པར་ཞུགས་ནས་ཉམས་སུ་བླང་བ་ཤིན་ཏུ་གནད་ཆེ། དེའི་ཚུལ་ཡང་གངས་ཅན་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་ལས་ད་ལན་སྐབས་སུ་བབ་པའི་སྨིན་བྱེད་འདི་ནི་སྔ་འགྱུར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་གི་བབ་སོ་གསུམ་ལས་ཁྱད་འཕགས་གཏེར་བྱོན་གྱི་སྐོར་ལགས། དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་རྒྱལ་བའི་ཆོས་མཛོད་རྒྱ་མཚོའི་མངའ་བདག་ཏུ་གྱུར་པས་བོད་ཡུལ་མུན་པའི་གླིང་འདིར་དམ་ཆོས་ཀྱི་ཉི་མ་ཡོངས་སུ་ཤར་བར་མཛད་པའི་ཟབ་ཆོས་མཐའ་དག་རྗེ་འབངས་འདུས་པ་རྒྱ་མཚོར་ཡང་ཡང་དུ་གསུངས།

複次,趣入大乘門後,一生趣往金剛持果位並非難事,趣入大密金剛乘而修持極為重要!其之方式,在此雪域新密舊密之中,此之能成熟者屬於前譯寧瑪。此於教傳、伏藏、本淨觀修三者之中,屬於殊勝掘伏藏類。複次,三世諸佛菩薩總集鄔金大阿闍黎貝瑪瓊乃(蓮花生),成就佛法寶藏大海之教主,於此雪域暗洲,普現正法昊日,為君臣聚集海眾,數數宣說無邊深法。

སྙིགས་མའི་འགྲོ་བ་ལ་དགོངས་ནས་བོད་ཁམས་མཐའ་དབུས་ཐམས་ཅད་ཞབས་ཀྱིས་བཅགས། འབྲེལ་ཚད་དོན་དང་ལྡན་པའི་གནས་ཆེན་གནས་ཕྲན་དུ་མར་བྱིན་གྱིས་བརླབས། ཟབ་མོ་གཏེར་གྱིས་བཀང་། སྤྲུལ་པའི་གཏེར་སྟོན་དུ་མས་བཏོན་ཏེ་འགྲོ་དོན་འབྱུང་བར་སྨོན་ལམ་བཏབ་པ་བཞིན་གཏེར་ཆེན་བརྒྱ་རྩ་སོགས་རིམ་པར་བྱོན་ཏེ་གཏེར་གྱིས་འགྲོ་དོན་མཛད་པ་ལས།

垂念濁世眾生故,足履康藏一切處,加持無數有緣具義之大小聖地,遍滿甚深伏藏,發願無量化身伏藏師適時掘出伏藏,利益無量眾生。如是百大伏藏師次第出興,以伏藏饒益眾生。

ད་ལམ་སྙིགས་དུས་འདིར་རང་དོན་ཆོས་ཟད་བློ་འདས་ཆེན་པོའི་དགོངས་པ་མངོན་དུ་གྱུར་པས་ཟག་མེད་འཇའ་ལུས་རྡོ་རྗེའི་འོད་སྐུར་གཤེགས་པ་གཏེར་འབྱིན་གྲུབ་ཐོབ་ཡོངས་ལས་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་འཆང་པ་ཉང་ཏིང་འཛིན་བཟང་པོ་ལོ་ཆེན་བཻ་རོ་ལྷ་སྲས་དམ་འཛིན་རྣམས་ཀྱིས་ཡེ་ཤེས་སྒྱུ་འཕྲུལ་གཅིག་ཏུ་བསྡུས་པ་འཁྲུལ་ཞིག་བྱང་ཆུབ་གླིང་པའམ་མཁའ་ཁྱབ་སྐུ་གསུམ་རྡོ་རྗེ་ཕན་བདེའི་འོད་ཟེར་སྟོང་འབར་གྲུབ་དབང་ཉི་ཟླ་ཀུན་མཛེས། པདྨ་བདུད་འདུལ་གྱིས་ལྷང་ལྷང་ནོར་བུའི་ཡང་རྩེ་སོགས་ནས་ཟབ་གཏེར་མང་དུ་བཞེས་དགོངས་པའི་ཀློང་ནས་བརྡོལ་ཏེ་གཏེར་ཆོས་ཟབ་མོ་རྩ་གསུམ་དགོངས་འདུས་མཁའ་ཁྱབ་རང་གྲོལ་དང་མདོ་སྔགས་བཀའ་འདུས་མཁའ་མཉམ་རང་གྲོལ་གྱི་ཆོས་སྡེ་གཉིས་ལས་འདིར་ཇི་སྐད་དུ།
སོ་སོའི་ལོ་རྒྱུས་ཕན་ཡོན་འདིར་འཛུད་ནས། ༧ ཞེས་ཆེད་དུ་བསྔགས་པའི་ཟབ་ཆོས་དང་འབྲེལ་བར་དབང་བསྐུར་བ་ལ་ཐོག་མར་ཞུ་པའི་ཡོན་དུ་མཎྜལ་ཕུལ།

此則於此濁世,自利現前法盡離思之意趣,成就無漏虹身金剛光身,於得大成就掘伏藏師中最極希有,總集娘頂增桑波、大譯師貝若、拉色當增等智慧幻化於一身,名為楚喜強秋林巴,或名遍空三身金剛利樂千光熾燃成就自在尼達袞澤,或名白瑪鄧登者,於朗朗摩尼頂峰等中,由密意界中湧出無量甚深伏藏。伏藏法甚深三根本密意總集遍空自解脫及顯密教法總集等空自解脫此二法類之中,如是說言:“各自歷史功德趣入已。”於此最極稱讚之深法相關灌頂中,首先為求灌頂而獻曼紮供養。

-------------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!

- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

鄔金庫松林巴全集 第24函 པོད་༼ཡ༽ནས་ཕྱུང་བའོ། །【 ༼ ཧཱིུཿ ༽ ཟབ་གསང་མཁའ་འགྲོའི་སྙིང་ཁྲག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་མངོན་རྟོགས་གྲིབ་གདོན་འཇོམས་པའི་ཐོ་ལུམ་བཞུགས༔ 深密空行心血 · 密主金剛手現證 · 摧毀煞魔之炮彈 】

#非遺保存##学术研究##民族融合#

ཧྲཱིཿ ཀ་དག་གཉུག་མ་ལྷན་སྐྱེས་བདེ་བ་ཆེ༔ ཆོས་དབྱིངས་མཐའ་བྲལ་དྲི་མེད་རིག་པའི་གཤིས༔ ཀུན་སྣང་མ་འགགས་ཆུ་ལས་ཉ་འཕར་བཞིན༔ སྐད་ཅིག་དྲན་རྫོགས་བདེ་གཤེགས་ཡོངས་འདུས་དཔལ༔

舍!
本淨原始俱生最勝樂,法界離邊無垢覺性體,
普明無滅如魚躍出水,刹那念圓善逝妙總集,

རྒྱལ་བ་ཀུན་ཀྱི་གསང་བའི་མཛོད་འཛིན་པ༔ རྡོ་རྗེ་གཏུམ་པོ་ཕྱག་ན་རྡོ་རྗེ་འཛིན༔ མཐིང་ནག་གར་དགུའི་ཉམས་ལྡན་འཇིགས་གཟུགས་འབར༔ ཕྱག་གཡས་རྡོ་རྗེ་གཡོན་པའི་མེ་ཁྱུང་བསྣམས༔

受持一切勝王秘密藏,金剛忿怒大力金剛手,
深藍九舞之姿熾燃怖,右手金剛左手持火鵬,

ཁྲོ་བོའི་ཆས་ཀུན་མ་ལུས་ཡོངས་སུ་རྫོགས༔ ཡེ་ཤེས་མེ་དཔུང་འཁྱིལ་བའི་ཀློང་ན་འགྱིངས༔
སྤྱི་བོར་རིགས་བདག་དབང་ཆེན་རྟ་མཆོག་དཔལ༔ དམར་ནག་མེ་ཕྲེང་རྟ་མགོ་ལྗང་ཞུར་འཚེར༔

忿怒裝束無餘悉圓滿,智慧火堆漩聚中傲立,
頭頂部主吉祥馬頭尊,深紅火鬘綠色馬頭鳴,

............(中略)............

ཧཱུྃ༔ རྒྱལ་བ་ཀུན་ཀྱི་གསང་བའི་མཛོད་འཛིན་པ༔ ཕྲིན་ལས་རྣོ་མྱུར་མངའ་བའི་ཧེ་རུ་ཀ༔
མ་རུངས་གྲིབ་གདོན་འབྱུང་པོའི་གཤེད་མ་ཆེ༔ ཕྱག་ན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔
དགེ་བས་འགྲོ་རྣམས་སངས་རྒྱས་མྱུར་ཐོབ་ཤོག༔

吽!
受持一切勝王秘密藏,事業猛利速疾嘿如嘎,
凶猛煞魔部多之殺手,大力金剛手尊讚頂禮!
善根願諸眾生速成佛!

ས་མ་ཡ༔

三昧耶!

མ་གཡེང་ཏིང་འཛིན་ལྡན་པའི་ངང་༔ བསྙེན་གྲངས་བྱེ་བ་བཅུ་གསུམ་ཙམ༔ གྲུབ་པས་མཆོག་ཐུན་དངོས་གྲུབ་ཐོབ༔ རྡོ་རྗེ་གཏུམ་པོའི་ཞལ་མཐོང་ནས༔ ཕྱི་མ་རིག་འཛིན་ཞིང་མཆོག་མཐོང་༔ སྡེ་བརྒྱད་དྲེགས་པ་བྲན་དུ་བཀོད༔ གདོན་བགེགས་འབྱུང་པོའི་གླགས་མི་རྙེད༔ ཚེ་འདིའི་རྐྱེན་ངན་སྨོས་ཅི་དགོས༔

無散具足三摩地,念修十三俱胝量,如是勝共悉地得!親見金剛忿怒面,當來持明勝刹見,八部傲慢役為僕,魔障部多無隙入,何況今生之惡緣!

ནོར་བུ་ལག་ཏུ་ལོན་པའི་དཔེ༔ བརྒྱ་སྟོང་ཙམ་གྱི་ཆར་མི་ཉེ༔ ཆོས་འདིའི་སྒོ་ནས་འགྲོ་བ་འབུམ༔ བླ་མེད་ཐོབ་པའི་སྐལ་བ་ཡོད༔ པདྨ་ང་ཡི་ཟབ་ཆོས་འདི༔ གོང་སྨྱོན་སྐྱེ་བའི་བནྡེ་ཡི༔ དགོས་ཆེད་དབང་གིས་དག་པར་ཕབ༔ དགེ་བས་འགྲོ་ཀུན་སངས་རྒྱས་ཤོག༔

譬如手持如意珠,不及彼之百千分,由此法門無量眾,具足善緣證無上,貝瑪(蓮師)我此甚深法,工濃(工布瘋子)出生之僧人,大所為故清淨著!善根願眾成正覺!

དགེའོ༔ བཀྲ་ཤིས༔

善哉!吉祥!

---------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,
一切劣見獸眾皆驚恐,
勝乘獅子吼音遍三地,
蓮師大寶教法願興盛!
聖教圓滿殊勝妙旗頂,
光明金剛藏要寶珠嚴,
勝伏一切法幢高聳立,
蓮師大寶教法願興盛!

- 彌龐蔣揚南傑嘉措(不敗妙音尊勝海)

* 寧瑪文殊,讓世界更多華人能以自己的母語接觸佛法!

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

白瑪鄧登全集 第 04 函【 ༄༅༔ ཆོས་སྐྱོང་དགོངས་འདུས་ཀྱི་བསང་མཆོད་བུམ་པའི་གཏེར་མཛོད་ལགསཿ 護法密意總集淨煙供·妙瓶寶藏 】

རཾ་ཡཾ་ཁཾཿ ༀ་ཨཱཿཧཱུྃཿ གིས་བྱིན་གྱིས་རླབས་ནསཿ འདི་སྐད་དོཿ

以讓、楊、康,及嗡、阿、吽加持,然後念誦:

ཨེ་མ་ཧོཿ ངོ་མཚར་ལྡན་པ་ཌཱཀྐིའི་ཞིང་༔ རིན་ཆེན་གསེར་གྱི་ས་གཞི་ལཿ གྲུབ་པའི་ཤིང་མཆོག་སྨན་གྱིས་བརྒྱནཿ འབྱུང་བ་ཡུམ་ལྔའི་མེ་འབར་བསཿ སྟོང་ཆེན་ཡབ་ཀྱི་དུད་པས་བསང་༔ ཤེས་རབ་ཟུང་འཇུག་ཟེགས་མ་ལསཿ འདོད་དགུ་ཕུན་ཚོགས་གཏེར་དུ་བསྒྱུརཿ འཁོར་འདས་སྲིད་ཞིའི་མགྲོན་རྣམས་མཆོདཿ

誒瑪吙!希有殊勝空行刹,大寶黃金地基上,成就勝木妙藥嚴,大種五母火熾燃,大空佛父妙煙淨,智慧雙運微粒中,化為圓滿妙欲藏,供養輪涅有寂賓!

ཧཱུྃཿ རྩ་གསུམ་བརྒྱུད་པའི་དཀྱིལ་འཁོར་དང་༔ གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགསཿ ཡེ་ཤེས་བདུད་རྩི་བསང་གིས་བརྔནཿ དུག་གསུམ་འཁོར་བ་ཡེ་གྲོལ་ནསཿ

吽!三本傳承妙壇城,上師空行財神眾,智慧甘露淨煙供,三毒輪迴本解脫。

རྟ་ནག་ཡབ་ཡུམ་འཁོར་དང་བཅསཿ ཡེ་ཤེས་བདུད་རྩི་བསང་གིས་བརྔནཿ མ་འགགས་བདེ་ཆེན་རྒྱལ་བའི་ཡུམཿ ཌཱཀྐི་ཞིང་སྐྱོང་བཀའ་འཁོར་བཅསཿ

黑馬父母及眷屬,智慧甘露淨煙供!不滅大樂勝者母,空行護刹眷屬眾,

............(中略).............

བསྟན་པའི་སྐྱེས་བུ་མཆོག་རྣམས་ཀྱིཿ འགྲོ་བའི་དོན་ལ་བགྱིས་པ་ཡིསཿ འབྲལ་མེད་འགྲོགས་ནས་བྱ་ར་མཛོདཿ ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱིསཿ བསྟན་པ་མི་ནུབ་དར་རྒྱས་མཛོདཿ འདོད་པའི་སྨོན་པ་ཡིད་བཞིན་དུཿ འབད་མེད་འགྲུབ་པའི་བཀྲ་ཤིས་སྩོལཿ

聖教殊勝士夫眾,廣行饒益眾生利,不離為伴勤守望!深法遍空自解脫,教法不沒令興盛!希求大願無勤勇,如意成就賜吉祥!

ཅེས་བསང་མཆོད་འདི་ནི་ཆོས་མཛད་ཀྱི་གྲོགས་པོ་ཨ་སྐལ་གྱིས་བསྐུལ་བ་ལ་རྐྱེན་བྱས་ནས་ཌཱཀྐིའི་བརྡ་ལ་བརྟེན་ནས་ཁོ་བོ་པདྨ་དྷྭ་ཛ་ཞེས་པས་གང་ཤར་ཐོལ་བྱུང་དུ་བྲིས་པ་ཨ་མ་འདོད་ཁམས་བདག་མོའི་སྲུངས་ཤིགཿ རྒྱ་རྒྱ་རྒྱཿ ཨྠྀིཿ ཡི་གེ་པ་ནི་ཞུ་བ་པོ་དེ་ཉིད་ཀྱིས་བགྱིས་པའོ། །མངྒ་ལཾ།། །།

此淨煙供,由修法助伴阿格勸請,依止空行表示,白瑪托匝直筆而成,願欲界主母守護!印印印!由勸請者記成文字。芒嘎朗!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,
勝乘獅子吼音遍三地, 蓮師大寶教法願興盛!
聖教圓滿殊勝妙旗頂, 光明金剛藏要寶珠嚴,
勝伏一切法幢高聳立, 蓮師大寶教法願興盛!

- 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 把挤出来的奶倒了 因为儿子的湿疹已经两个礼拜还没好 所有人都在说 是我乱吃东西导致的 看到他 两侧脸颊 耳朵 小腿 都是疹子 真的是心疼死了 我怎么可能不爱他呢
  • 人人好驾驭,风格不设限,风格活力四射,少年感十足,同时又毫不费力地慵懒显贵~昨天拟合同,一天都埋头在那些条款里,头昏脑胀的,也不知触到哪根弦儿了,晚上竟然做梦看
  • 元宇宙的发展,始终强调科学技术的理念,建立政治哲学数据库服务器,根本目的就是为了让经济发展的逻辑无限趋近于客观,减少主观情绪色彩的各种定性论调。被大的比小了,也
  • 专辑发布霉霉发文感谢制作团队:Midnights 是一张狂野之旅的专辑,在这次冒险中我非常高兴合作飞行员是jack antonoff ,他是我一生的朋友(我知道
  • 但程少商是现实的,她是爱凌不疑的,哪怕她自己都不知道爱的多深,可她一直对凌不疑心动,有花痴、有感佩、有怜惜,凌不疑是看的出来的,不然也不会要与她许两心相知。刚加
  • 视频中,首先出现的是装在柜子里的各种豪华杯具、碗具,接着就是陈列在地面上的一大片化妆品,各色各类,大瓶小瓶,有护肤品、粉底、各种面膜和香水,就那样铺满了一片地板
  • 在你那双又大又亮的眼睛里,我是一尊象牙雕刻的女神,无处不是你的最爱。但你是这样高贵的一个灵魂,你的爱,只给那个真正懂你的女人。
  • [赞啊][音乐][求脱单]我本来是好好的,可我却读到你那本该死的书,它把陈年往事又翻出来了,它让我记起我也曾浪漫过,我曾对世界有那么多的憧憬,而现在的我对爱已然
  • 不是很喜欢给oc太多限制,比如固定的职业和干的事情,再加上喜欢调查员系列,理所当然的就变成了有颜艺的帅哥,感觉当调查员的话 会遇到很多很多有趣的事情,自己也可以
  • 再加上東堂稱呼女兒時,居然加了「醬」(下集預告在葛城面前提起女兒時,還加了「桑」)在日推上掀起不少討論,都覺得這種叫法很不自然,而且若他是受害者父親,再怎麼說葛
  •   绝大多数的人不种田而有饭(菜、果)吃;自己不是裁缝而有衣服穿;不是建筑师、工程师、泥水匠,却有房屋住;自己不会造车,出门就可乘坐交通工具。既可以在数公顷的地
  • 记者登录发现,平台界面清爽,分区合理,几乎涵盖了“吃住行游购娱”旅游全过程,集成了渝中的文旅发展成果和服务资讯,分为“游前必备”“渝中印象”“交通出行”“游玩助
  • 主要是我觉得,我可能要想起来点什么了,最近常常有这种感觉[喵喵][doge]有点好奇那是种什么状态,什么感觉,如果真的冒出某种含义的其他父母,我该怎么办,这个我
  • 3、但是今天赛道股全面启动,这是非常好的盘面,如果能得到后几日确认成有效的底部了,咱进场干活。收盘复盘:1、今天是一个过阴半的次阳,先当刹车去看,是不是真正的底
  • 大家中午好啊[心]...就说说我几年前也就16~7年.....我闺女也就3 4岁那年我女儿没去......[并不简单][思考]#我和那几个亲戚朋友当然现在不联系
  • 已经感觉到高中的紧zang[小黄人不屑]读书笔记 还要读文言文版..没有看的欲望[小黄人委屈]今天有个会操 紧张的咬舌头!意外觉得我家这角度 还挺好看 于是就拍
  • “云顶梦号”上全面升级的防控措施、防疫设备以及流程将为旅客在浩瀚的大海之上打造一方最安全最安心的空间,让旅客可以尽情投入度假旅程。“云顶梦号”打造全新海上假期S
  • 太好看了真的很敢拍 直面死亡特别是第九集 老高去世的时候 他的老婆为了完成他的遗憾 让他与初恋完成最后一支舞蹈 真的很少有这样的格局 老高也很乐观 敢于面对自己
  • 再说了,买完了自己不打开看看么,拎着直接就走了啊?结果不出所料,宝宝生气了,哈哈,反正是也给换了,明明是店员,也没有不给换的理由,形象也真逗,明明买了4袋东西,
  • 事实证明,又夏的第六感真的很准,等顾争声称将26年的“积蓄”全给送给她时,她是真的很后悔。许多人看到雷丽夫妇那么辛苦,劝他们放弃,而雷丽总是微笑着说:“只要孩子