#微博[超话]# ༄༅།།མདང་ནུབ་བདག་གི་རེ་བ་འདི་ལ་དོན་གྱི་འབྲས་བུ་སྨིན་མ་སོང་བའི་རྐྱེན་གྱིས་དེ་རིང་ཞོགས་པ་སླར་ཡང་ཕུལ་བ་ཞིག་པས་འདི་དོན་མཁྱེན་མཁན་ཡོད་ན་ལན་ཞིག་ཡོད་པ་ཞུའོ།།

༄༅། །ལྷ་སྲས་དགྲ་ལྷའི་ཚེམས་ལ་མངོན་པར་བསྟོད་པ།

རྩོམ་པ་པོ།:གཅོད་པ་དོན་གྲུབ། 

སྐུ་གཟུགས་མཚན་དཔེའི་འོད་ཟེར་འབུམ་གྱིས་སྤྲས།།
གསུང་རབ་བདུད་རྩིས་འགྲོ་བའི་སྡིག་སྒྲིབ་བཅོམ།།
ཐུགས་རྒྱུད་བཟང་བོས་ཉམ་ཆུང་མཐའ་ནས་བསྐྱངས།།
སྐྱབས་གནས་གེ་སར་ནོར་བུར་སྙིང་ནས་འདུད།།
ཁམས་གསུམ་བདེ་ལ་བཀོད་པའི་འཕྲིན་ལས་སྤེལ།།
མགོ་ནག་བོད་ལ་ཕན་བདེའི་དངོས་གྲུབ་བསྩལ།།
མཆོག་ལ་རིགས་སྲས་དངོས་སུ་མ་བལྟམས་ཀྱང་།།
སྐུ་ཚ་དགྲ་ལྷ་རང་རྒྱུད་བུ་ལས་ལྷག །
གོང་མ་ལྷ་ཡི་ལུང་བསྟན་གནང་པ་བཞིན།།
ཁོང་གི་རླབས་ཆེན་མཛད་འཕྲིན་མཐར་རྫོགས་དུས།།
གླིང་དཀར་སྟོད་ཀྱི་མི་དབང་རྒྱལ་པོའི་འགན།།
ལྷ་སྲས་དགྲ་ལྷར་སྤྲད་ནས་ཞིང་ལ་གཤེགས།།
གླིང་གི་ཐོག་མའི་རིག་དངོས་རྩ་ཆེན་རྣམས།།
གཟུགས་འཛིན་ལམ་དུ་མཐོང་རྒྱུ་ཡོད་མོད་ཀྱང་།།
གནའ་བོའི་དཔའ་རྟུལ་དམ་པའི་རིང་བསྲེལ་དག །
མཐོང་བ་ཉིན་མོའི་སྐར་མ་བཞིན་དུ་དཀོན། །
ད་ལམ་གླིང་རྗེ་གེ་སར་འཁྲུངས་པའི་གནས།།
ཨ་ཕྱུག་རྩྭ་ཐང་གསེར་གཞོང་རིང་མོ་ལས།།
གླིང་ཚང་རྒྱལ་པོའི་ཁྱིམ་བརྒྱུད་ནོར་བུ་མཆོག །
ལྷ་སྲས་དགྲ་ལྷའི་ཚེམས་བཟང་མཐོང་བ་རྨད།།
གླིང་ཚང་རྒྱལ་རྒྱུད་དགྲ་ལྷའི་གདུང་རྒྱུད་དངོས།།
རྒྱལ་རབས་ཞེ་དགུ་ཡིན་ཞེས་དེབ་ཐེར་ལས།།
གསུང་བ་དན་རྟགས་ལྷུན་པོ་བཞིན་དུ་གནས།།
སྟོབས་ལྡན་སུས་ཀྱང་བཟློག་འདོད་ངལ་བའི་རྒྱུ།།
ཚབ་ཚ་དགོན་པའི་ཉེ་འདབས་མི་རིང་སར།།
གེ་སར་ལྷ་ཁང་བཞེངས་པའི་ནང་རྟེན་མཆོག།
ལྷ་སྲས་དགྲ་ལྷའི་གོ་མཚོན་རིན་ཐང་ཅན།།
མཇལ་བའི་ལེགས་བྱས་སྐྱེ་འགྲོ་ཀུན་ལ་སྨིན།།
རྒྱལ་རབས་ཁུངས་བཙུན་ཀུན་གསལ་མེ་ལོང་ལས།།
མཁས་དབང་དམ་པའི་གསུང་གི་ཉིང་བཅུད་དུ།།
དགྲ་ལྷའི་ཚེམས་བཟང་ངོས་འཛིན་མཛད་པ་འདི།།
དཔྱད་བརྗོད་ལུང་གི་རྒྱབ་རི་དཔང་རྟགས་ལགས།།
ཚེམས་མཆོག་སྟོད་ན་རྡོ་རྗེ་འཇིགས་བྱེད་ཀྱི།།
ཞལ་གདོང་ངོ་མའི་དབྱིབས་དང་མཚུངས་པ་མངོན།།
ཚེམས་བཟང་ཁོང་དུ་ཆོས་སྐུ་རང་བྱོན་འཚེར།།
སྐྱེ་བོ་ཀུན་ལ་གཟི་བྱིན་གཞལ་མེད་སྦྱིན།།
གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་མཆོག །
རྒྱལ་རབས་རིམ་བྱོན་ཐུགས་རྟེན་གཡང་སྒམ་དུ།།
ཚེམས་བཟང་རིན་ཆེན་ནོར་ལྟར་ཉར་མཛད་པ།།
ཕྱོགས་ཀྱི་སྒེག་མོའི་རྣ་བའི་རྒྱན་དུ་གྱུར།།
ལོ་རྒྱུས་རིན་ཐང་ལྡན་པའི་ཚེམས་མཆོག་ཉིད།།
ཕྱི་ནང་གསང་གསུམ་བར་ཆད་ཐོར་རླུང་གིས།།
མཚམས་མེད་གདུངས་ཀྱང་ཨ་ཕྱུག་གནས་བཟང་འདིར།།
སྐད་ཅིག་ཙམ་ཀྱང་རྒྱང་རིང་གྱེས་མ་མྱོང་།།
གླིང་ཚང་རྒྱལ་པོའི་རྒྱལ་རབས་གྲངས་མང་རིང་།།
ཐོད་པའི་མིག་བཞིན་གཅེས་འཛིན་གནང་བ་ཡི།།
ཚེམས་བཟང་འཕྲོ་བརླག་མ་ཤོར་བསྣམས་པ་མཚར།།
སྐྱེས་བུ་དམ་པའི་མཛད་རྗེས་མངོན་པར་བསྟོད།།
ངོ་མཚར་སྟོང་གིས་སྤྲས་པའི་རྫ་ཆུ་ཁར།།
སྐྱིད་སོས་ཡག་གི་ཁ་མདོ་འབོད་པའི་ཡུལ།།
ཨ་ཕྱུག་སྟོབས་ལྡན་ལགས་ཀྱིས་ཉར་བའི་ཚེམས།།
བྱིན་རླབས་ཉིན་བྱེད་འོད་སྟོང་འཕྲོ་བར་སྨོན།།

ཞེས2022ལོའི་ཟླ4བའིཚེས16ཉིན་གནའ་མཁར་ཟི་ལིང་དུ་ཐོལ་བྱུང་དུ་སྦྱར་བ་དགེའོ།།

༄༅།།《ར་ལོ》ཞེས་པའི་བརྙན་ཐུང་འདིར་བལྟས་མ་ཐག་ཏུ་བརྩམས་སྒྲུང་ལས་སྒྱུ་རྩལ་གྱིས་ཁ་སྣོན་དང་བཟོ་བཅོས་གང་ཡང་བྱས་མེད་པར་སྙམ།སྤྱིར་གློག་བརྙན་གྱིས་བརྩམས་སྒྲུང་གི་བདེན་དགེ་མཛེས་གསུམ་སྔར་བས་གཟུགས་སྣང་ཅན་དུ་བསྒྱུར་ཏེ་རྩོམ་རིག་བརྩམས་ཆོས་ཀྱི་རིན་ཐང་སྔར་བས་ཇེ་མཐོར་གཏོང་བ་ཞིག་ཡིན་མོད། འདིར་བརྩམས་སྒྲུང་གི་མཛེས་པ་གཞན་ཞིག་པར་ངོས་ཀྱིས་སྔོག་འདོན་བྱས་ཡོད་པའི་རྗེས་ཤུལ་གང་ཡང་རྙེད་མི་ཐུབ།ཡིན་ཡང་།བརྙན་ཐུང་འདིའི་ཁྲོད་ཀྱི་མི་སྣ་ཆེ་གེ་མོའི་སྣང་བརྙན་གནད་དུ་འཁེལ་ཞིང་འཁྲབ་རྩལ་ཡང་གང་འཚམ་གྱིས་ཡག་པོ་འདུག་པར་མ་ཟད།རང་རེའི་འཚོ་གནས་ཁོར་ཡུག་གི་གདུག་རྩུབ་ཀྱི་ངོ་གདོང་དམར་ཟིང་ངེ་དེའང་བརྙན་མིག་རེ་རེའི་བར་གསེང་ནས་མཐོང་ཡོང་གིན་འདུག


发布     👍 0 举报 写留言 🖊   
✋热门推荐
  • 圣罗兰包尼龙缝线 圣罗兰风琴包褐色芬迪 连衣裙【鳄鱼银\/银扣】??Balenciagα本季重磅沙漏包链条包独特的标志性弧线形状造型极具辨识度,一眼就让人眼前一
  • 图片拜托风姑娘写一片充满诗情画意的篇章,瞧那充满激情的诗散发着热情的体温赋予我们温暖,风儿思绪的脚步总是那样匆忙,她那思想的脉搏跳动出召唤心灵的一声声铿锵,绽放
  • 不得不说,普罗理想国的业主真的是好幸福~幸福到让郑州、开封的居民都来这里~中央公园和普罗市集,西川和东川公园,大到可以逛一整天,溜娃强推呀~据说国内最顶级的皮划
  • 到货的那天刚好是中午,我正在休息,快递员打电话,我一下就清醒了(第一次感觉没有起床气)我八百体测都没走那么快(bushi)回来我还特地搜了一下怎么拍开箱视频笑死
  • #华为手表爱怎么表达就怎么表达#在网球场上的每一次挥拍,都是与你心动的同频。短暂的分别都是为了更好的相遇,也是为了让小羊有更多时间赚大钱娶小咩吧!
  • “100句温柔干净个性签名” 1.都是风景,幸会。 2.什么是人,欲望满身。 3.永远温柔,与世无仇。 4.山行野宿,孤身万里。 5.没有期待的日子反
  • 其实很多东西做营销都是避重就轻,比如它不含糖就告诉你0蔗糖,但你仔细看碳水一点也不低。当然,如果你不减肥减脂,随便吃啥,量少吃也没事。
  • ”  “这三年来,不论你换什么工作,蒋月媛都能想方设法作弄你……”  我心里痛苦至极,抱住妹妹:“对不起,是哥没用。”  “这三年来,不论你换什么工作,许知宜都
  • 比当韭菜的更惨的,是当两茬韭菜……成功退保后,有的黑产商家还会打着“为你好”的旗号,推销其他莫名其妙的保险产品给你,继续赚取佣金。[好喜欢]一元预订立减十元,还
  •   ■“师泉井记”碑  见证施琅收复台湾的历史  “师泉井记”碑位于秀屿区平海镇平海天后宫内。  ■“师泉井记”碑  见证施琅收复台湾的历史  “师泉井记”碑位
  • 现在被拍成了同名电视剧,只有八集的电视剧,作为原著粉对同名电视剧也是相当期待,为了看剧特意开通了爱奇艺会员,少年人的喜欢,青涩的像是未成熟的果实,充满着天然不加
  • )450r彩票体验卡✓考完就是和我担的跨国打ち合わせ不在地铁上开会的粉丝不是好员工八分钟借物比赛嫉妒得我质壁分离面目全非宝宝听粉丝说话的时候一直好温柔的うんうん
  • 能立在竹林边听风打竹叶、让清音悦耳的人,必定是内心宁静的人;遥远的江湖,永远的竹林,隐在林边听音的人,内心青翠无比。风过隙,吹过你的脸庞,万念可会,风过隙,耳边
  • #返乡创业年轻化##瓷器文化受众群体# 第一次因为一部剧爱上了一座城,一整个被剧中的慢生活和浪漫氛围给吸引住了。#返乡创业年轻化##瓷器文化受众群体# 第一次因
  • 执念是人的欲望,欲望太多,心神就会散,当我们身处逆境时,要懂得适时的调整自己,放下该放下的,坚持该坚持的,把感情中沉重的心结全部放下,做一个狠心快乐的人。放下,
  • https://mp.weixin.qq.com/s?__biz=MzA3MTQ3MzY4Nw%3D%3D&mid=2648104650&idx
  • 搬新住处以后,小孩一个人睡我发现她睡觉好乖啊,晚上睡着什么样隔两个小时再去看,还是那个睡姿要知道以前那都是把我跟她爹挤的挨到床沿了后来,我两一考虑:我们三个人一
  • 一大早股票亏惨了哈哈哈,不玩A股了,玩国际期货[偷笑]第一、国际的比国内的市场大,是双向选择第二、国际期货可以做多(买涨)、做空(买跌);a股只能买涨第三、国际
  • 既然这个作者也会看排雷bot,那劳烦你看到这条之后老实写你的文,别再拿这几个被扒了底朝天的号营销了,老是刷到你的自推抖音真的让我脚趾扣地,就算为了我的脚趾着想好
  • 向客服反馈后确认是系统BUG导致,最终Steam不仅修复好了BUG,还免费送了这位玩家一份《艾尔登法环》DLC作为补偿……[疑问][费解][吃惊][怒]#Ste