#微博[超话]# ༄༅། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པའི་ནང་ནས་མཆོག་ཏུ་གྱུར་བ་རྟེན་འབྲེལ་བསྟོད་པ་ཡིན་པས་ན་བསྟོད་ཚིག་རྣམས་བརྩམ་ཡུལ་གྱི་བྲག་ཕུག་ངོས་སུ་སྦྱར་བ། བསྟོད་པ་འབུལ་ཡུལ་ཐུབ་པའི་དབང་པོ་ཡིན་པས་ན་ཐུབ་པའི་སྐུ་དཔར་ཞིག། དེ་ཉིད་མཛད་པ་པོ་རྗེ་བློ་བཟང་གྲགས་པ་ཡིན་པས་ན་རྗེའི་སྐུ་དཔར་ཞིག། མཛད་ས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་གྱི་རྟེན་འབྲེལ་བྲག་ཕུག་ཡིན་པས་ན་རྟེན་འབྲེལ་བྲག་ཕུག་གི་དཔར་ཞིག། བྲག་གི་ཁུང་བུ་འདི་ཉིད་ཀྱིས་སྟོང་ཉིད་ཀྱི་ལྟ་བ་མཚོན་པ། བྲག་ཕུག་གི་ཕྱི་ནས་ནང་དུ་ཉི་མའི་མདངས་ཀྱིས་ནང་གི་མུན་པ་བསལ་བས་སྟོང་ཉིད་ཀྱི་ལྟ་བ་མཐར་ཐུག་རྟོགས་པ་བཅས་ཀྱི་རྟེན་འབྲེལ་ལེགས་པོ་ཞིག་འགྲིག་པ་ཡིན་ནོ།།༼དུམ་བུ་དྲུག་པ།༽
《缘起赞》。宗喀巴着。书中说世上一切烦恼都是从无明而生,缘起(རྟེན་འབྲེལ།)性空(རང་བཞིན་གྱི་གྲུབ་པས་སྟོང་པ།)就是对治烦恼根源─无明的方法。意思是懂了缘起性空的道理,就可以从无明到明(智能)。 https://t.cn/A66nFHcK

༄༅། །དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ། སོག་པོ་དགའ་ལྡན་ཚེ་དབང་དཔལ་བཟང་གིས་ལ་དྭགས་ཀྱི་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་དེ་ཉིད་འདུལ་བའི་སྐབས་སུ། ལ་དྭགས་རྒྱལ་པོ་ཉིད་ནས། ༼གཡུལ་འཐབ་སྟེ་གལ་ཏེ་ཁྱོད་རྒྱལ་བར་གྱུར་ན་ཁྱོད་ཀྱི་བཞོན་པ་ཡང་ཕོ་བྲང་གི་སེང་གེ་སྒོ་མོར་ཐོགས་ཤིག གལ་ཏེ་བདག་ཅག་རྒྱལ་བར་གྱུར་ན་བཞོན་པ་ཡང་ཡུལ་ལྷ་ལྡན་གྱི་རྡོ་རིང་ལ་འདོགས་པར་བྱེད་དོ་༽ཞེས་སྨྲས་པ་ལས། ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་གི་སེང་གེ་སྒོ་མོ་འདིའི་གལ་ཆེན་རང་བཞིན་རྟོགས་ཐུབ་བོ། །
#ལོ་རྒྱུས།#

༄༅།།བོད་ཀྱི་དམངས་ཁྲོད་གནའ་སྒྲུང་འགྲན་ཚོགས་སྐབས་བདུན་པའི་མཇུག་འགྲན་ནི་དེ་རིང་ཕྱི་དྲོར་ལེགས་པར་སྤེལ་གྲུབ་བོ།།
དེ་ཡང་ཐེངས་འདིའི་གནའ་སྒྲུང་འགྲན་སྡུར་གྱི་ལས་རིམ་སྔ་ཕྱི་ངོ་སྤྲོད་ཙམ་ཞུ་ན།
དང་པོ། ༢༠༢༡་ལོའི་ཟླ་༡༢་པའི་ནང་ཚེས་༢༣་དུ་དགུན་གནང་ལས་བྱ་རུ། ཕ་ཡུལ་ནས་དམངས་ཁྲོད་གནའ་སྒྲུང་འཚོལ་བསྡུ་བྱ་དགོས་པའི་འབོད་སྐུལ་ཞུ་བ།
གཉིས་པ། ༢༠༢༢་ལོའི་ཟླ་༣་ཚེས་༡༥་ཉིན་ནས་སློབ་མགོ་ཚུགས་ཤིང་། གཟའ་འཁོར་དང་པོ་དང་གཉིས་པར་སློབ་མ་ཁང་གིས་འཛིན་གྲྭ་སོ་སོ་ནས་ཡིག་ཐོག་ཏུ་ཕབ་པའི་གནའ་སྒྲུང་དགུ་བརྒྱ་ལྷག་༼སྤུས་ཀ་ཡོད་མེད་དང་།ཆ་ཚང་མིན།རིགས་འདྲ་མིན་སྣ་ཚོགས་ཡོད༽བསྡུ་རུབ་བྱས།
གསུམ་པ། གནའ་སྒྲུང་འགྲན་རིམ་དང་པོ་དེ་གཟའ་འཁོར་༼ཟླ་༣་ཚེས་༣༨་ནས༽གསུམ་པ་དང་བཞི་པ་རྣམས་སུ་འཛིན་གྲྭ་སོ་སོའི་ནང་དུ་བསྒྲུབས། ཐེངས་དེར་ཧ་ལམ་སློབ་མ་དགུ་བརྒྱ་ལྷག་གིས་སོ་སོའི་འཛིན་གྲྭ་རུ་གནའ་སྒྲུང་བཤད་ཡོད་པ་དང་།འཛིན་གྲྭ་རེ་ནས་སློབ་མ་ཕུལ་བྱུང་བ་གསུམ་རེ་སྟེ་ཁྱོན་བསྡོམས་སློབ་མ་༥༤་བདམས་པ་རྣམས་འགྲན་རིམ་གཉིས་པར་གཞུག་རྒྱུའི་གྲ་སྒྲིག་བྱས།
བཞི་པ། འགྲན་རིམ་གཉིས་པ་དེ་གཟའ་འཁོར་བདུན་པ་སྟེ་སྤྱི་ཟླ་༤་ཚེས་༢༧་༢༨་༢༩་གསུམ་གྱི་ཕྱི་དྲོའི་སློབ་གསེང་དུ། ལོ་རིམ་དང་པོའི་འགྲན་སྡུར་ལ་ཁྱོན་འགྲན་ཞུགས་སློབ་མ་༡༨་ཞུགས། གཟའ་འཁོར་བརྒྱད་པ་སྟེ་སྤྱི་ཟླ་༥་ཚེས་༣་༤་༥་བཅས་ཀྱི་ཕྱི་དྲོའི་སློབ་གསེང་དུ་ལོ་རིམ་གཉིས་པའི་འགྲན་སྡུར་ལ་ཁྱོན་སློབ་མ་༡༨་ཞུགས།
གཟའ་འཁོར་བརྒྱད་པ་ནས་དགུ་པ་སྟེ་ཟླ་༥་ཚེས་༦་༩་༡༠་བཅས་ཀྱི་ཕྱི་དྲོའི་སློབ་གསེང་ལ་ལོ་རིམ་གསུམ་པའི་འགྲན་སྡུར་ལ་ཁྱོན་སློབ་མ་༡༨་ཞུགས། ལོ་རིམ་ཁག་གི་དཔྱད་འདེམ་པ་ནི་ལོ་རིམ་སོ་སོ་ནས་བདམས་ཐོན་བྱུང་བའི་སློབ་མ་ཁག་གཅིག་གིས་ལོ་རིམ་ཕན་ཚུན་བར་དུ་དཔྱད་འདེམ་བྱས། འགྲན་སྡུར་སྤེལ་ཡུལ་ནི་ཕོ་བྲང་དམར་པོའི་མདུན་གྱི་ཐོན་མིའི་ཐང་རེད།
གོང་གསལ་ལོ་རིམ་སོ་སོ་ནས་ཕུལ་བྱུང་འགྲན་ཞུགས་པ་དྲུག་རེ་བདམས་པའི་ཁྱོན་བསྡོམས་སློབ་མ་༡༨་གནའ་སྒྲུང་འགྲན་རིམ་གསུམ་པ་སྟེ་སྤྱིའི་འགྲན་སྡུར་ལ་གཞུག་རྒྱུ་གྲ་སྒྲིག་བྱས།
ལྔ་པ། གཟའ་འཁོར་དགུ་པ་ནས་བཅུ་པ་སྟེ་སྤྱི་ཟླ་༥་ཚེས་༡༣་༡༧་༢༨་བཅས་ཀྱི་ཕྱི་དྲོའི་གུང་གསེང་ཁག་ལ། ཆེས་མཐའ་མའི་གནའ་སྒྲུང་མཇུག་འགྲན་གྱི་གྲ་སྒྲིག་ཏུ། ལོ་རིམ་ཁག་ནས་བདམས་ཐོན་བྱུང་བའི་ཕུལ་བྱུང་སྒྲུང་པ་༡༨་དེ་དག་སློབ་གྲྭའི་སྐས་ཐེམ་སློབ་ཁང་དུ་གནའ་སྒྲུང་འགྲན་སྡུར་དུ་ཞུགས། དཔྱད་འདེམ་པ་རུ་སློབ་གྲྭའི་དགེ་རྒན་ཁག་གཅིག་ཞུགས།
ཐེངས་དེའི་འགྲན་སྡུར་ལས་བདམས་ཐོན་བྱུང་བའི་འགྲན་ཞུགས་སློབ་མ་༦་སློབ་གྲྭ་སྤྱིའི་གནའ་སྒྲུང་མཇུག་འགྲན་དུ་གཞུག་པའི་གྲ་སྒྲིག་བྱས།
དྲུག་པ། གཟའ་འཁོར་བཅུ་གཉིས་པ་སྟེ་ཟླ་༦་ཚེས་༤་གཟའ་སྤེན་པའི་ཕྱི་དྲོའི་དུས་ཚོད་དང་པོ་ནས་དང་པོ་དང་ཕྱེད་ལྷག་བར་དུ། སློབ་གྲྭའི་རྩལ་ཐང་ཆེན་མོ་རུ་སི་ཁྲོན་ཞིང་ཆེན་བོད་སློབ་གྲྭའི་དམངས་ཁྲོད་གནའ་སྒྲུང་འགྲན་ཚོགས་སྐབས་བདུན་པའི་མཇུག་འགྲན་དངོས་སུ་བསྒྲུབས་ཤིང་། དེ་ནས་སྒྲུང་པ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་བ་དང་། དེ་རྗེས་་སློབ་གྲྭའི་གེ་སར་སྒྲུང་གླུ་ཟབ་སྦྱོང་འཛིན་གྲྭའི་སློབ་གྲོགས་སྐོར་ཞིག་གིས། རྒྱ་ཚའི་དཀར་མོ་དྲུག་འགྱུར་དང་འདན་མའི་ཐ་ལ་དྲུག་འགྱུར་གྱི་ངག་རྟ་ལ་དྲངས་པའི་བཀྲ་ཤིས་རྟེན་འབྲེལ་བརྗོད་ཅིང་། མཇུག་ཏུ། དགེ་རྒན་ཆེན་མོ་ཡེ་ཤེས་རབ་གསལ་ལགས་ཀྱིས་ཐེངས་འདིའི་འགྲན་ཞུགས་པ་དག་གི་གྲུབ་འབྲས་ལ་གདེང་འཇོག་དང་བསྔགས་བརྗོད་གནང་བ་མ་ཟད། དམངས་ཁྲོད་གནའ་སྒྲུང་གི་རིན་ཐང་དང་ཁྱད་ཆོས་སྐོར་དང་། ལྷག་པར་དུ་མ་འོངས་པར་སློབ་མ་ཚོས་རང་གི་ཕ་ཡུལ་གྱི་སྔོན་བྱུང་ལོ་རྒྱུས་དང་། རི་ཆུའི་ལོ་རྒྱུས་སོགས་དང་འབྲེལ་ཡོད་གནའ་སྒྲུང་འཚོལ་བསྡུ་དང་ཞིབ་འཇུག་བྱ་རྒྱུ་དེ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ནས་ཕྱོགས་བསྡོམས་གསུང་བཤད་ལེགས་པར་གནང་ངོ་།།


发布     👍 0 举报 写留言 🖊   
✋热门推荐
  • OZIbXlPYwSA啊安雅•康拉德(Anja Conrad)充满活力的摄影作品是对图像创作的顿悟。康拉德对在城市街道上发现的图像像是对自助快餐式的迷恋——一个
  • 西雅图基因总裁兼首席执行官Clay Siegall博士表示:“维迪西妥单抗是一款具有多个开发机会的晚期临床产品,作为单药治疗或联合PD-1抑制剂治疗,它在不同H
  • twt —— Halsey 200831 「BTS make some of the greatest music videos of all time. I
  • #sa娇[超话]##蔡卓妍[超话]##蔡卓妍电视剧女法医jd# 哈哈哈哈哈哈背景板sa[憧憬] 目光锁定背景[doge][doge] sa ig更新 今日又
  • 加油[加油]九点半的时候经过了中关村大街37号我以为是暑假了 大概很冷清没什么人却看到了许多穿校服走出来的学弟学妹早上十点才上班的我早就已经筋疲力尽 他们的脸上
  • 【河南专升本英语每日签】You got that way and I got my blues #英语##专升本##河南专升本考试# ⭐️ 每天五则英语高频短语
  • 支持会议室锁屏,管理员为非管理员用户锁屏,被锁屏者的鼠标与键盘操作无效,其会议程序置顶显示,从而达到控制与会者参会认真与会的目的,并支持点名和签到功能。2、会议
  • #权志龙[超话]#|#权志龙ins更新# Lᵒᵛᵉᵧₒᵤ . ◡̈⃝ ₂ₒ₂₁➣⁵²º GD ₁₃₁₄ ♥️ ✎﹏ 哇哦,老公悄咪咪地更新了耶,爱你(看看热出
  • 我们一直喜欢做「专辑」而不是「单曲」因为这需要一段相对长的过程,正是这一相对长的过程赋予了专辑「时间」的烙印。唯一不同的是在《十万个为什么》创作的两年里,我不像
  • 那么该设备在工业上的主要用途是什么呢,下面小编来介绍一下:  高低温试验箱适用于工业产品做高温、低温的试验,对电子、电工、汽车、摩托、航空、航天、科研单位等相关
  • #西班牙旅行# #米拉之家# 米拉之家(Casa Milà)米拉之家,又因整片大理石的外观而被称为「採石场」(La Pedrera)是高第最后一座完成的建筑,除
  • 认真思考了一下,普通话叫xue shuan tong……没救了[二哈]然后我现在在思考,白话的栓真的读quan吗。然后就开始跟拼音较劲,xue quan ton
  • 【京东】1⃣️如有极速15-5劵:欧舒丹 马鞭草沐浴露50mL+平衡洗发露6ml*4,学生报价19.9:到手14.92⃣️领极速9.9-5劵:雪碧300ml*6
  •  3. 过氧化钠与水、CO2的反应:一是过氧化钠既是氧化剂也是还原剂,水既不是氧化剂也不是还原剂;二是考查电子转移的数目(以氧气的量为依据)。#高考化学##高中
  • 菲律宾未能从那一刻恢复过来,使得此战过后仅以 7 分的成绩排在 A 组第三位,这让他们进军世界杯的机会非常渺茫。 原本是东道主的中国队在第65分钟再由左翼吴兴
  • ▪️翻译方向▪️语言/文学方向:如English Language, Chinese Linguistics (港中文,港理工都有开设),English Lit
  • 走到学校的后门,其侧墙上写着“颍上县慎城镇回民小学”这里虽然也关闭着大门,但在门口却有几位穿睡衣的妇女在等孩子,说明这里确实是出口。我看到文庙的窗棂已经改成了几
  • [:由于身体原因而导致的长期失眠和抑郁]Bona Pictures Group宣布黄伟副总裁去世: 黄伟 博纳影业集团副总裁,由于身体原因长期失眠和抑郁,在6月
  • 法国Colombes的媒体库位于巴黎附近的Colombes的媒体库是新社会中心的一部分,该中心的更广泛目的是对该镇的FossésJean / Bouviers区
  • SIMPL售卖来自开在陆记蟹行里的网红冰淇淋店Bouns同款冰淇淋,原料都是Bonus直接供应的,点击率最高的焦糖海盐(20元)奶味浓郁、甜中带咸、口感绵软细腻