༄༅། །གངས་ལྗོངས་མཁས་པའི་དབང་བོ་༧ བསེ་ཚང་༧བློ་བཟང་དཔལ་ལྡན་དཔལ་བཟང་བོ་མཆོག་གི་བཀའ་ཁྲིད་སྒྲ་ཕབ་ཡིག་ཆ་བསྡུ་སྒྲིག་གི་ཆེས་མཇུག་མཐའི་གསལ་བརྡ། 雪域著名学者赛仓•罗藏华丹教授讲课录音资料收集最终通告
གངས་ལྗོངས་མཁས་པའི་ཁྱུ་མཆོག་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་བཀའ་ཁྲིད་བསྡུ་སྒྲིག་བྱས་ཏེ་ལོ་ངོ་གསུམ་སོན་ལ་ཉེ་བའི་སྐབས་འདིར། ངེད་བསྡུ་སྒྲིག་ཚན་ཆུང་གིས་ཆེས་མཇུག་མཐའི་བརྡ་སྦྱོར་འདི་བཏང་བ་ཡིན་ལ། ང་ཚོས་ལོ་ངོ་གསུམ་གྱི་རིང་ས་ཕྱོགས་སོ་སོའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་མིན་མི་སྒེར་ནས་ཉར་བའི་བཀའ་ཁྲིད་མང་བོ་ཞིག་བསྡུ་རུབ་བྱས་ཤིང་གཞི་གཅིག་ཏུ་བསྒྲིགས་ཏེ་སྒྲ་ཐག་ཏུ་ཕབ་པ་དང་རྩིས་འཕྲུལ་དུ་mp3བཅུག་པ་སོགས་ཀྱི་ལས་གཞི་ཆེན་པོ་འདི་འགྲུབ་ལ་ཡོད་པས་གཞན་ད་དུང་འདིར་མ་འདུས་པའི་གཞུང་དང་མི་སྒེར་གང་རུང་གིས་ཉར་ཡོད་པའི་བཀའ་ཁྲིད་ཅི་རིགས་གང་མཐོང་གང་ཐོས་པའི་གནས་ཚུལ་ཡོད་ཚེ་ངེད་བསྡུ་སྒྲིག་ཚན་ཆུང་གི་འགན་འཛིན་པ་ཁ་གྱའི་ཁྱུང་སྔོན་ལགས་ལ་དུས་ཐུང་ངང་མཁོ་སྤྲོད་གནང་རྒྱུའམ་ཡང་ན་འབྲེལ་གཏུགས་བྱ་རྒྱུ་མཁྱེན། །
我收集组收集雪域著名学者赛仓•罗藏华丹教授的讲课资料已近三年。其间从各地寺院、学校和个人收集了很多资料,拷到磁带,转成Mp3。在这项大工程即将竣工之际,我们发出最终通告,殷切希望所有收藏或见到听到任何相关资料的个人和集体及时联系我收集组负责人卡加琼翁先生,深表谢意。
འབྲེལ་གཏུགས་སྐད་འཕྲིན། QLa-2015
联系方式:18309414888
邮箱:2797610002@qq.com
ཞེས་བཀའ་ཁྲིད་བསྡུ་སྒྲིག་ཚན་ཆུང་གིས་༢༠༢༢ཟླ་༥པའི་ཚེས་༨ལ་སྤེལ།
赛仓讲课录音收集编辑小组 2022 5 8
— ཡོང་ཁུངས། ཁ་གྱའི་ཁྱུང་སྔོན་འཕྲིན་ྟེགས།

༄༅་། ཐབས་མཁས་ཐུགས་རྗེའི་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ།

༄༅།།རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་གནོད་པ་གཞན་གསུངས་ཏེ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ་དེ་དག་གི་བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག་གིས་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆངས་ཅིག་སྦྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ན། དེ་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ་བྱེད་ན། དེས་དེའི་ཚེ་གཞི་དེ་ལས་འཇིགས་པ་ཆེན་པོ་གསུམ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན་སེམས་ཅན་དམྱལ་བར་སྐྱེ་བའི་འཇིགས་པ་དང༌། དམུས་ལོང་གིས་འཇིགས་པ་དང་།“ཡུལ་མཐའ་འཁོབ་ཏུ་སྐྱེ་བའི་འཇིགས་པ་ཞེས་བྱ་བའོ། །ཡང་གསུངས་པ། །མི་གང་དེ་ལ་དགའ་བར་མི་བྱེད་ཅིང༌། །ཡོད་པ་མིན་དང་བསྔགས་པ་མི་སྨྲ་དང༌། །མི་གང་ཁྲོས་ནས་མི་སྙན་སྨྲ་བའམ། །ཡང་ན་དེ་ལ་འཁྲུག་པ་བྱེད་པ་དག །སེམས་ཅན་དམྱལ་བར་སྐྱེ་འགྱུར་ཏེ། །ལུས་ནི་ཆེན་པོར་གྱུར་ནས་སུ། །དེ་ཡིས་སྡུག་བསྔལ་མྱོང་འགྱུར་ཏེ། །ཡིད་རབ་མི་བདེ་མ་རུངས་འགྱུར། །དཔག་ཚད་ལྔ་བརྒྱའི་ཚད་ཙམ་དུ། །དེ་ཡི་ལུས་ནི་སྐྱེ་བར་འགྱུར། །སྡིག་པའི་ལས་ཀྱིས་རྟག་ཏུ་ཁྱི། །བྱེ་བས་བསྐོར་ནས་ཟ་བར་འགྱུར། །བསྐལ་པ་དག་ནི་དུ་མར་ཡང༌། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །དེ་ལས་ཉུང་བར་མི་འགྱུར་རོ། །མགོ་རྣམས་རེ་རེ་དག་ལ་ཡང༌། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱར་ཚང་སྟེ་མི་ཉུང་བ། །འབར་བས་དེ་ལ་རྨོ་བྱེད་དེ། །སྐུར་འདེབས་བརྡེགས་པའི་ལས་ཀྱིས་སོ། །ཚིག་རྩུབ་དག་ནི་སྨྲས་པས་ནི། །ཤིན་ཏུ་ཚ་པར་སྲེག་པར་འགྱུར། །གང་དག་སྡོམ་པར་མི་བྱེད་ཅིང༌། །གང་དག་སྡོམ་པར་མི་བྱེད་ཅིང༌། །བྱང་ཆུབ་སེམས་དཔའ་གནོད་བྱེད་པ། །དེ་ནི་སེམས་ཅན་དམྱལ་རྙེད་དེ། །དུད་འགྲོའི་སྐྱེ་གནས་འགྲོ་བར་འགྱུར། །ཚུལ་འདི་སྤོང་བར་བྱེད་པ་ནི། །བསྐལ་པ་བྱེ་བ་སྟོང་རྣམས་དང༌། །བརྒྱ་དང་ཁྲག་ཁྲིག་རྣམས་སུ་ཡང༌། །མནར་མེད་པར་ནི་སྡུག་བསྔལ་རྙེད། །དེ་ནས་ཤི་འཕོས་རབ་གདུག་ཅིང༌། །ཤིན་ཏུ་མི་བཟད་སྤྲུལ་དུ་འགྱུར། །བཀྲེས་ཤིང་སྐོམ་པས་མངོན་གཟིར་ཀྱང༌། །ཤིན་ཏུ་མི་བཟད་ལས་རྣམས་བྱེད། །བཟའ་བ་རྙེད་ཀྱང་སྡིག་པ་ཡིས། །ནམ་ཡང་ཚིམ་པར་མི་འགྱུར་རོ། །གལ་ཏེ་དེ་ནས་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ན་ཡང༌། །ཡིད་མི་གཞུངས་ཤིང་དམུས་ལོང་འགྱུར། །གནོད་པར་སེམས་ཤིང་སྡོམ་པ་མེད། །ཉེས་པའི་ཚིག་རྣམས་སྨྲས་ནས་ནི། །འཕགས་པ་མཉེས་པར་མི་བྱེད་པ། །མི་ཡི་ནང་ནས་ཤི་འཕོས་ནས། །སླར་ཡང་ངན་འགྲོར་འགྲོ་བར་འགྱུར། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ནམ་ཡང་སངས་རྒྱས་མཐོང་མི་འགྱུར། །ཞེས་གསུངས་སོ།
རྒྱལ་སྲས་ཞི་བ་ལྷས་མཛད།
བསླབ་པ་ཀུན་ལས་སོ


发布     👍 0 举报 写留言 🖊   
✋热门推荐
  • 180327#BlockB##表志勋# 今天也是可爱的表志勋[兔子]今天第二排终于听清听懂了所有台词[笑cry]也是不容易,第3场才终于全听懂[笑cry]还有一
  • 原单位的同事,一位85后一儿一女的妈妈,每天早晨五点钟起床,给孩子做早餐,每天不重样,顿顿都是营养丰富,色香味俱全,孩子们每天都是吃着妈妈精心准备的早餐,然后高
  • 川府映像·成都串串火锅 人均75 甬港南路128号-130号这个月dp上中的霸王餐 带着我妹一起去次了 由于都不是很饿就没加别的东西 简单点评一下[打call]
  • 高档钉珠/时尚喇叭袖/系带蝴蝶结/大摆连衣裙 [心] 批发价:175元 S-XL购买网址:深圳市毛里求丝服饰有限公司网址诚招淘宝/微商/实体代理 : 自有
  • 以前有人说我的时候吧,我就当屁放了,一直疯狗在那里乱叫,只有忍无可忍的时候才会说得别人哑口无言,所以龙有逆鳞,更何况是人呢城市人看不起农村人,因为他们没有城市人
  • ”祭品吧..还有好多,略显怪异的描写我知道上学的时候学的这是陶渊明对现实有所不满。所有在那个当下解释不通的,一下都能解释的通了从此看这篇,都毛骨悚然,感觉是鬼故
  • 生活给的每一份温柔都要小心收藏,憧憬的未来可期,都应该努力去闯!现在呼和浩特“生病了”王虎虎希望呼和浩特早日疫情结束,当疫情防控志愿者,不管多辛苦,每一次有村民
  • #钟祥美食# 知音粉煲VS胖子粉煲知音有两家店 承天大道党校对面和阳春大街老知音厂旁边承天大道的比阳春大街的好吃一点知音粉煲用的是一般的细粉 汤底比较浓郁小菜就
  • “即使所有人都从身旁走过,坚定的双眼依然逆人流而行~”训练闲暇,他喜欢写歌词,把最叛逆的词句唱上两遍。火警现场,生还者们从他身边跑过,浓烟渐渐遮蔽他逆流而行的双
  • 揭幕战被鹈鹕三分篮下双打爆,对灰熊被莫兰特和贝恩双38,灰熊进了16个三分球,昨天被扬尼斯和波尔蒂斯双内线39个投篮拿了63分,今天漏达拉斯40投20中的三分球
  • 那么这个时候,暖男的基础保障+重疾二次+癌症二次/津贴确实会稍好于达7。毕竟,除了叠加赔付之外,暖男只要求第一次发生在60周岁前,而达7的两次重疾都要求发生在6
  • 有一天,我们为人父母,知道怀胎之苦,分娩之痛,养育之繁累,才懂得我们在这个世界上最大的恩人,其实是父母。不一定多华丽的礼物,打个电话,常回家看看,就是对父母最大
  • 邮件见下图一起来布里斯托晒太阳呀☀️#留学战疫# 有问题记得私信或者加vx kuailiuxue #张艺兴[超话]##张艺兴1007生日快乐# 今天刚好是喜欢你
  • 且婚姻线长,与感情线平行,婚姻和感情不和谐,易出问题,再配合感情线锁链岛纹多,感情路上不顺,掌丘饱满有肉,掌心凹陷,财运是有的,但是不守财啊,自己要学会理财才是
  • 很多桌游的设计也是针对多人一起玩。(附:9款来自台湾达人的分龄精彩推荐)剁手多年,这是我和孩子玩得最好的17款桌游!
  • 人类长着前后相反的两个面孔,每个面孔都有眼睛,能前后同时观看,因此什么也逃不过他们的眼睛。但是,被分开的两个人都想努力抱住对方,结合成原来的一个人,这种欲望就是
  • “我要报名”的声音打动人心,“让我来做”的承诺坚毅笃定,2000余名志愿者忙碌在高新区的各个角落,他们原本是部门工作人员、企业员工、物业人员、消防员、环卫工人、
  • 人的一生,小事无数,你能计较多少?人生的大事也只能尽人事以听天命,常人岂能奈何?为小事而常介怀,不值;为大事而常悲戚,不该。人的一生,小事无数,你能计较多少?人
  • 所有的黑暗和恐惧,终究都会被完全释放,每一个人,都必然会活出完满的爱,璀璨闪亮。大家操练起来,每一个人散发光与爱的万丈光芒,影响你身边的人,最后连成一片,就是爱
  • 在坎坷的‮生人‬路上,童年时‮受饱‬创伤的巴‮等图‬到了那个治愈她的‮人女‬;半辈‮辛子‬苦拉扯儿‮子‬的宋丹丹,也找到了‮够能‬理解‮的她‬知己。可‮生人‬如