སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་ནི་༡༦༦༣ལོ་ནས་བཟུང་སྟག་ཚ་སྐུ་ཕྲེང་དང་བོ་སྟག་ཚ་༧ཨེམ་ཆི་ཆོས་རྗེ་སྨོན་ལམ་ལྷུན་གྲུབ་ཚང་གིས་ཕྱག་བཏབ་མཛད་པ་ཡིན་ལ་སྟག་ཚ་སྐུ་ཕྲེང་དྲུག་པ་ཤར་བ་ཆོས་རྗེ་༧རྗེ་བཙུན་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་མཆོག་གི་སྐུ་རིང་ལ་རྨད་བྱུང་ཐོས་བསམ་གླིང་གསར་དུ་ཚུགས། ཁོང་གིས་འཆད་ཉན་ལ་ཐོས་བསམ་རྡོ་རུས་ཐུག་པ་མཛད་དེ་དབུས་ལྷ་ལྡན་ཡུལ་དུ་ཕེབས་ནས་འབྲས་སྤུངས་དགོན་དུ་བཀའ་པོད་ལྔ་ལ་དམ་བཅའ་མཛད་དེ་ཤར་བ་ཆོས་རྗེའི་ཁྲི་ཐོབ་བཞེས། ད་ལོར་ཁོང་གི་དགུང་ལོ་གོ་བདུན་གྱི་རང་ལོ་དང་བསྟུན་ནས་མཆོག་སྤྲུལ་རིན་པོ་ཆེ་སྟག་ཚ་༧རྗེ་བཙུན་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་དང་ཁོང་རྣམ་གཉིས་ཀྱི་ཐུགས་དགོངས་གཅིག་ཏུ་འདྲིས་ཏེ་བཀའ་པོད་ལྔའི་དམ་བཅའ་སྟེ་རྡོ་རམས་དམ་བཅའ་གསར་དུ་ཚུགས། དགེ་བཤེས་ཨར་མའི་དགའ་བ་རྒྱ་མཚོ་མཆོག་གིས་སྟག་ཚའི་རྡོ་རམས་དམ་བཅའ་ཐོག་མར་མཛད་པ་དང་བྱ་བ་ཐམས་ཅད་ལེགས་པར་གྲུབ་པའོ།།

སྡེ་དགེ་པར་ཁང་ནི་སྡེ་དགེའི་ས་སྐྱོང་བསྟན་པ་ཚེ་རིང་གི་སྐུ་དུས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་ཕྱི་ལོ་༡༧༢༩ལོའི་ཧོར་ཟླ་༢པའི་ཚེས་༢༣ཉིན་མཁས་བཙུན་ནམ་མཁའ་དཔལ་བཟང་སོགས་ཀྱིས་ས་འདུལ་དང་བཅས་པའི་རྟེན་འབྲེལ་སྔོན་དུ་འགྲོ་བ་བྱས་ཏེ་པར་ཁང་ཆོས་མཛོད་ཆེན་པོ་བཀྲ་ཤིས་སྒོ་མང་བཀའ་འགྱུར་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་པ་གསར་སྐྲུན་མཛད། ས་སྐྱོང་བསྟན་པ་ཚེ་རིང་དགུང་གྲངས་ང་གཉིས་སུ་ཕེབས་སྐབས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྐུལ་མ་ནན་ཏན་གནང་བ་ལྟར་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོར་རྒྱལ་བའི་བཀའ་འགྱུར་དངོས་སུ་བཞེངས་ཏེ་བཞུགས་སུ་གསོལ། དེ་མིན་འཕགས་བོད་པཎ་གྲུབ་རྣམས་ཀྱིས་བརྩམས་ཤིང་སྒྱུར་བའི་བསྟན་བཅོས་སྒྱུར་རོ་ཅོག་མཚལ་པར་པོ་ཏི་ཉི་ཤུ་ཙམ་དང་དེ་མིན་རྣམ་ཐར་མང་པོའང་གསར་བཞེངས་མཛད། ཕྱི་ལོ་༡༧༤༢ལོའི་བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་གྱི་ཤིང་པར་བརྐོས་ཟིན་ནས་འཛམ་གླིང་ཐོག་འགྲན་ཟླ་དང་བྲལ་བའི་སྡེ་དགེའི་བཀའ་བསྟན་རིན་པོ་ཆེའི་གསུང་པར་ཡིད་རྟོན་ཆོག་པར་གྱུར།
བཀའ་འབུམ་དང་། ལོ་རྒྱུས། སྨན་གཞུང་སོགས་དཔེ་ཆ་མང་པོ་པར་སྐྲུན་ཞུས་ནས་འཛམ་གླིང་ལ་གྲགས་པའི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་དེ་དག་སྐྲུན། སྔོན་ཆད་དེ་ག་ནས་དཔེ་ཆ་བླུ་ཡོན་ཞུ་མཁན་གངས་ལྗོངས་ཡུལ་གྲུ་ཀུན་ཙམ་མ་ཟད་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། དེ་བཞིན་འཇར་པན་སོགས་ཡོད་པ་རེད། རིག་གསར་སྐབས་སྡེ་དགེ་པར་ཁང་ལའང་གཏོར་སྐྱོན་མ་བྱུང་བར་ལོ་རྒྱུས་དག་དུ་གསལ། ༼༥དཔལ་ཡུལ་རྣམ་རྒྱལ་ཆོས་གླིང་ནི་སྤྱི་ལོ༨༩༠ རྗེས་འབང་ཉེར་ལྔའི་ནང་ཚན་རྨ་ཐོག་རིན་ཆེན་གྱི་དངོས་སློབ། སྒྱུ་འཕྲུལ་ལ་མཁས་པ་གྱེ་རེ་མཆོག་སྐྱོང་དབང་པོས་ཕྱག་བཏབ།

རྣམ་རྒྱལ་རྩེ་ཞེས་པའི་མཚན་གསོལ། གནས་འདི་གཙོ་བོ་ཉེ་རབས་ཀྱི་མཁས་པའི་དབང་པོ་གྲུབ་དབང་པད་མ་ནོར་བུའི་སྐུ་སྐྱེས་རྣམས་ཀྱིས་བསྐྱངས་པ་ཞིག་ཡིན་འདུག། ད་ལྟའི་གནས་སྐབས་སུ་ཡང་བཀའ་མ་མདོ་སྒྱུ་སེམས་གསུམ་དང་། གཏེར་མ་བཀའ་དགོངས་ཕུར་གསུམ། གནམ་ཆོས་རཏ་གླིང་སོགས་མདོ་སྔགས་རིགས་གནས་དང་བཅས་པ་སློབ་གཉེར་གནང་བཞིན་ཡོད་པར་བཤད། ༼༦ རྫོགས་ཆེན་ཕོ་བྲང་ཆེན་པོ་ནི་རྫོགས་ཆེན་སྐུ་རབས་དང་པོ་གྲུབ་ཐོབ་པདྨ་རིག་དང་སྡེ་དགེ་རྒྱལ་རབས་བཅུ་པ་སངས་རྒྱས་བསྟན་པ་གཉིས་ཀྱིས་ཕྱི་ལོ་དུས་རབས་བདུན་པའི་ནང་བཞེངས།

རྫོགས་ཆེན་ཆོས་བརྒྱུད་དུ་བུ་དགོན་སུམ་བརྒྱ་ལྷག་ཡོད་པར་ཐོས། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྫ་དཔལ་སྤྲུལ། འཇུ་མི་ཕམ་སོགས་མཁས་གྲུབ་དུ་མས་ཐོས་བསམ་སློབ་གཉེར་མཛད་ཅིང་བྱིན་གྱིས་རླབས་པའི་གནས་ཡིན་པར་སྒོ་བྱང་དུ་བྲིས་འདུག །

༡ ༽དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནི་སྦྱིན་པའི་བདག་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་དང་སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་པ་གཉིས་ཀྱིས་སྤྱི་ལོ༡༧༢༧། ས་སློང་མཛད་པ་ནས་སྤྱི་ལོ་༡༧༢༩ལོར་གཙུག་ལག་ཁང་དང་ཤག་འཁོར་བཅས་ཕྱིའི་རྟེན་མཇུག་ཡོངས་སུ་གྲུབ། ༡༧༥༤ལོ་ནས་ནང་གི་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་ཅིང་དུས་དེ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་བཟོ་བ་དང་གསོ་རིག

སྒྲ་དང་སྙན་ངག་ཐུན་མིན་རིགས་གནས་བཅས་བྱེད་སའི་གངས་ལྗོངས་གཙུག་ལག་སློབ་སྡེ་བཙུགས། མི་རིང་བར་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་བསམ་གཏན་གླིང་ཞེས་པ་བཞེངས་ཏེ་མཉམ་མེད་དྭགས་པོ་བཀའ་རྒྱུད་ཀྱི་སྒྲུབ་སྡེར་གྱུར། དེའི་རྗེས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཡིས་གུ་ཆོས་དྲུག་གི་སྒྲུབ་སྡེ་བཙུགས་པ་ནས་མཉམ་མེད་ཤངས་པ་བཀའ་བརྒྱུད་བཅས་མར་ཤངས་གཉིས་ཀྱི་བསྟན་པའི་ཆུ་འགོ་རུ་གྱུར། །ད་ལྟའི་གནས་སྐབས་སུ་ཡང་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་ཡུན་ལ་དགེ་འདུན་པ་སུམ་ཅུ་ཡར་མར་སྐུ་མཚམས་བཅད་ནས་བཞུགས་པ་མཐོང་རྒྱུ་འདུག། ༼༢རྫོང་གསར་ནི། སྔར་དབོན་དགོན་ཆུང་ངུ་ཞིག་ཡོད་ཀྱང་ཕྱིས་སུ་ཕྱི་ལོ་ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ། ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གདན་ས་མཛད་དེ་སྐད་གྲགས་ཤིན་ཏུ་ཆེ་བར་གྱུར། ཁོང་གིས་སྐུ་སྐྱེས་རྣམས་ཀྱིས་གཙོ་བོ་བསྐྱངས་པ་ཡིན་པར་འགྲེལ་བརྗོད་པས་བཤད། རྟེན་རྙིང་གང་འཚམ་མཆིས་ཀྱང་མཇལ་ཐབས་བྲལ། འོན་ཀྱང་སྐྱེས་ཆེན་དུ་མ་ཞིག་གི་རིང་སྲེལ་མི་འདྲ་བ་དང་དིལ་མགོན་མཁྱེན་བརྩེ་དང་རྫོང་སར་མཁྱེན་བརྩེ་ཁྱད་པར་དུ་ས་སྐྱ་བདག་ཁྲི་རིན་པོ་ཆེའི་ཁྲི་མི་འདྲ་བ་ཞིག་མཇལ་རྒྱུ་འདུག། ༼༣
ཁམས་སྡེ་དགེ་དགོན་ཆེན་དཔལ་ལྡན་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ནི་ཕྱི་ལོ་ ༡༤༤༦ ལོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་དང་། སྡེ་དགེའི་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེངྒེ་རྣམ་གཉིས་མཆོད་ཡོན་ཟུང་དུ་འབྲེལ་བས་ཕྱག་བཏབ། གྲུབ་ཆེན་ཐང་རྒྱལ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་ཡིན་པས་དགོན་པ་འདི་ཡང་ས་སྐྱའི་རིང་ལུགས་སྐྱོང་བའི་དགོན་སྡེ་ཞིག་ཏུ་གྱུར། ཆོས་གྲྭ་ཆེན་མོ་འདི་ཉིད་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་རྩ་བའི་མཆོད་གནས་གདན་ས་མཛད་ནས། དབུ་བླའི་གཙོ་བོ་གདན་ས་ཆེན་པོ་ས་ངོར་གཉིས་ནས་རྒྱུན་མ་ཆད་པར་ཆེད་དུ་གདན་དྲངས་པ་དང་། གཞན་ཡང་མཁས་ཤིང་གྲུབ་པའི་སྐྱེས་ཆེན་བགྲང་ལས་འདས་པ་ཞིག་བྱོན་ཏེ། ཆོས་གྲྭ་འདི་ཉིད་དུ་མདོ་སྔགས་ཀྱི་བཤད་སྲོལ། སྒོམ་སྒྲུབ་ཀྱི་ཉམས་ལེན། ཆོ་གའི་ཕྱག་ལེན་ཚུན་ས་ངོར་ཚར་གསུམ་གྱི་རིང་ལུགས་དྲི་མ་མེད་པའི་རྒྱུན་བཙུགས་གནང་ཡོད་དོ། །


发布     👍 0 举报 写留言 🖊   
✋热门推荐
  • #SEVENTEEN[超话]# 【正规四后续姻缘播报】 ⏰07-25 1:00(KST) _World实时排名 【Melon TOP100】55 【Melon
  • ”话虽说得硬气,结果当他将字画拿到厨房生火时,顿时就焉气了,原来这些画都是装裱过的,不易燃烧,根本不适合做柴火。不过,既然老汉说了,那就去看看呗,因为在那个年代
  • #羽生结弦# #羽生结弦[超话]#他确实是天才,但他做着有常人难以想象的努力,他付出的比常人多三倍,这就是为什么他能站在世界之巅,而那些黑粉,只不过是井底之蛙
  • 其中一位已经28岁的受害女性表示,她曾经很难相信别人,也无法站出来为自己发声,她甚至花了很多年的时间才能说出“被猥亵”这个词。如今她公开表示,“我不再是那个被你
  • 每日一净化[太阳] #四字 易烊千玺 yyqx 四字弟弟##易烊千玺代言康师傅绿茶# 四字弟弟可爱 四字弟弟帅 四字弟弟牛逼 四字弟弟好听 四字弟弟跳舞 四字
  • 在7月20日开幕的靖江市第十三次党代会上,张长平提出,勇当现代化建设“东线第一帆”靖江必须全方位领跑高质量发展,到2023年高质量发展综合指数进入全省前20位并
  • [烟花]爱是一个流动的过程,爱流向孩子的同时,也流向了你,愿你遇见孩子,遇见爱本身。孩子发脾气的目的,是呼唤爱,是需要重新修复关系!
  • #摩登兄弟[超话]#老大 好想你啊[羞嗒嗒][羞嗒嗒][羞嗒嗒][羞嗒嗒][羞嗒嗒][羞嗒嗒][羞嗒嗒][羞嗒嗒]류우녕 보고싶으니까 누가 좀 데려와 봐 주
  • 关于我是不是自作多情,其实确认了很多次,但他真的不止一次地暗示,每次在我都快分裂的时候他又一棒槌的话砸下来,比如说我想玩什么游戏他就下载下来陪我玩,然后游戏里也
  • ”一飞智控(天津)科技有限公司副总经理张云说,为破解在实践过程中发现的无人机编队产品、使用场景等方面存在的难题,公司研发团队不断更新技术与管理手段,在去年11月
  • 而为了突破暴风雨,最安全的方法就是继续上升,在剧烈的晃动之后,热气球终于现身云端,带领主人公和观众一起,欣赏到了绝美的高空风景。虽然两人乘上热气球的目的不同,但
  • 最典型的一个例子:很多人为了追求所谓的结果,那个看似的成功,可能需要几十年的努力,坚持,非常辛苦,可能到头来,当一个人从世界离去的时候,还没有成功或者刚成功,没
  • 广大群众在春运返乡前要关注和遵守出发地、中转地、目的地防疫要求,在旅途中要始终做好个人防护,坚持戴口罩、勤洗手,在返乡后要减少聚集、减少流动,发现症状要及时就医
  • 7月14日-7月15日每天13点开始在超维空间发行[心][心][心]详情请见微信公众号:超维元宇宙/超维空间订阅号 #雕漆##中国工艺美术大师满建民##超维空间
  • 宜宾抓住消费升级机遇,在“十四五”开局之年,提出打造长江“零公里”最优酿酒生态圈,加速构建以五粮液产业园区为核心区域,以翠屏区、南溪区、叙州区、江安县、长宁县等
  • ”瓜哥真是位伟大的父亲啊[赞]爱爸爸[心]#生活需要仪式感# 2020年3月9日 农历二月十六——小伊插花记你品 细细品 没有玫瑰 就来油菜 什么是仪式感?生活
  • 燕麦奶没有了…时代的洪流在一点一点的推着人们往前走…这世界上影响我们命运的变量越来越多,我们无法理解更不用说把握它,它是远方的,它未经你同意就支配了你,影响了你
  • 读小学那会我家有个大黄狗,养了差不多10年了,觉得很通人性啊,不咬人,会吠陌生人,记得每次放学回家路上就会接我回家,早上也会送你一段上学路看你走远了再回家,我
  • 正义相伴彰显城市温度】23日,一段视频刷爆重庆市民的朋友圈:一男子正不断踩踏一绿衣女子,驾驶越野车逃逸途中还撞坏了路边水马。[怒]重庆网友们很快辨认出,事发地在
  • 颜淡受天雷刑没有神形俱灭,是因为带着应渊送的沉花簪 ……沉花簪,万年灵木所化,有治愈疗伤的效果,戴上它,日后受伤便可痊愈。应渊怕混沌之后无人保护颜淡,给她戴上了