ལོ་ཟླ་དེའི་ཕར་རྒྱབ་ན
སུ་ཞིག་གི་དྲན་པ་སྐུང་ཡོད
རྒྱང་རིང་གི་མི
ཁྱོད་ཀྱི་ཕྱི་ནང་ལ
མེ་ཏོག་ལྟ་བུའི་འཇམ་ཤ་དང
འཇའ་ཚོན་ལྟ་བུའི་མཛེས་སྡུག་ཅིག་ཡོད་པས
ངའི་ཡིད་ཀྱི་ཆུ་མོ་ལ
ཁྱོད་ནི་ཉ་མོ་བཞིན་འཕྱོ་ལ
ངའི་སེམས་ཀྱི་ནམ་མཁའ་ན
ཁྱོད་ནི་ཐང་དཀར་བཞིན་སྐོར་ལྡིང་བྱ་དགོས་བྱུང
སུ་ཞིག་གི་དྲན་པ་སྐུང་ཡོད
རྒྱང་རིང་གི་མི
ཁྱོད་ཀྱི་ཕྱི་ནང་ལ
མེ་ཏོག་ལྟ་བུའི་འཇམ་ཤ་དང
འཇའ་ཚོན་ལྟ་བུའི་མཛེས་སྡུག་ཅིག་ཡོད་པས
ངའི་ཡིད་ཀྱི་ཆུ་མོ་ལ
ཁྱོད་ནི་ཉ་མོ་བཞིན་འཕྱོ་ལ
ངའི་སེམས་ཀྱི་ནམ་མཁའ་ན
ཁྱོད་ནི་ཐང་དཀར་བཞིན་སྐོར་ལྡིང་བྱ་དགོས་བྱུང
ལས་ངན་བགས་ཆགས་འཐུག་པོས། །
གར་སོང་རང་དབང་མེད་པར། །
འཁོར་བའི་མགྲོན་ལ་བོས་ཏེ། །
མི་ཚེ་ཕྱེད་ཀ་ཟད་འདུག །
ཤ་རུས་སྒྱུ་ལུས་དོན་དུ། །
ཉིན་མཚན་བསྟུད་མར་བརྩོན་རུང་། །
རང་ལ་ཐོབ་པ་དེ་ནི། །
འཛད་མེད་སྟོང་འདང་ཞིག་གོ། །
གར་སོང་རང་དབང་མེད་པར། །
འཁོར་བའི་མགྲོན་ལ་བོས་ཏེ། །
མི་ཚེ་ཕྱེད་ཀ་ཟད་འདུག །
ཤ་རུས་སྒྱུ་ལུས་དོན་དུ། །
ཉིན་མཚན་བསྟུད་མར་བརྩོན་རུང་། །
རང་ལ་ཐོབ་པ་དེ་ནི། །
འཛད་མེད་སྟོང་འདང་ཞིག་གོ། །
࿑ཚེ་མི་རྟག་པ།生命无常
མཐོན་པོ་མི་རྟག་ལ་ཁའི་སྨུག་པ་འདྲ།།
权利无常犹如山上雾!
ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས།།
财富无常犹如夭上云!
གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན།།
青春无常犹如秋天花!
མཛེས་པ་མི་རྟག་དབྱར་ཁའི་མཇའ་ཚོན་ལྟར།།
美丽无常犹如夏天虹!
དེའི་ཕྱིར་ནམ་ཡང་མི་རྟག་དྲན་པར་སྒོམ།།
无常真理时刻记心中!
མཐོན་པོ་མི་རྟག་ལ་ཁའི་སྨུག་པ་འདྲ།།
权利无常犹如山上雾!
ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས།།
财富无常犹如夭上云!
གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན།།
青春无常犹如秋天花!
མཛེས་པ་མི་རྟག་དབྱར་ཁའི་མཇའ་ཚོན་ལྟར།།
美丽无常犹如夏天虹!
དེའི་ཕྱིར་ནམ་ཡང་མི་རྟག་དྲན་པར་སྒོམ།།
无常真理时刻记心中!
✋热门推荐