༥༤༥ འཇིག་རྟེན་མིག་གཅིག་འཇིག་རྟེན་གཉེན་དུ་འཁྲུངས། །
རྐང་གཉིས་ལས་ཀྱི་འདུ་བྱེད་ཐོག་མར་འབྱེད། །
གྲོག་ཚང་བརྡོལ་བའི་ལས་ལ་འཁུ་བའི་དུས། །
ལྟ་བྱེད་ལམ་དུ་ཐོག་མའི་འོད་སྣང་བསུས། །

༥༤༦ སྣུམ་ལྡན་ལྗང་ལོ་འཛུམ་པའི་ལྕུག་ཕྲན་དག །
ཕྲེང་ལ་བསྟར་བའི་སྐྱེད་ཚལ་ཉམས་དགའ་བར། །
ཞོགས་པའི་ཟས་ལ་རོལ་བའི་ངང་ཚུལ་བསྐྱངས། །
ལྷ་ལྡན་ཇོ་བོ་མཇལ་བའི་ལམ་སྣེ་བཟུང་། །

༥༤༧ དུ་མའི་རྐང་ལམ་བཅད་པའི་ཕ་རོལ་ན། །
རྐང་གཉིས་བགྲོད་པ་མོད་པའི་སྐོར་ལམ་ཞིག །
པར་དང་ངག་གི་ལམ་ནས་མཐོང་ཐོས་ཞིག །
གྱུར་བ་གང་དེ་ལྷ་སའི་བར་སྐོར་གླིང་། །

༥༤༨ དེ་རིང་མངོན་སུམ་མིག་གི་ལམ་དུ་ལྷུང་། །
གོམ་པའི་འདེགས་འཇོག་ལྷན་ཅིག་བྱེད་པ་ན། །
གཞན་སྡེས་སྐོར་ལམ་བསྟར་བའི་འཁོར་ལོ་གང་། །
མ་ཡིན་མི་རྣམས་བསྟར་བ་འཁོར་ལོའི་ཕྲེང་། །

༥༤༩ ཤིན་ཏུ་རིང་བས་མཐོང་ན་ངལ་འགྱུར་ན། །
དངོས་སུ་བསྟར་བས་ངལ་བ་སྨྲོས་ཅི་འཚལ། །
ཡིན་ཡང་ནང་རྟེན་མཐོང་ན་གྲོལ་བའི་གཉེན། །
ཡིད་ཀྱི་མཐིལ་ལ་ལྷུང་ན་ངལ་བ་བསངས། །

༥༥༠ རིམ་བཞིན་བསྟར་བའི་ངང་ཚུལ་མ་བརྟུལ་བར། །
མཐོང་བྱེད་ལམ་དུ་ལྷུང་བའི་ངོ་མཚར་ནི། །
རང་རང་ལུས་ཀྱིས་འཁྱོང་བའི་རྣམ་དཀར་ལ། །
ཅིར་ཡང་འབད་པའི་ལས་ལ་བྲེལ་བ་འདི། །

༥༥༡ ལྔ་ལྡན་ཡན་ལག་ས་ལ་ཕབ་པའི་ཕྱག །
མི་མཚར་རྐང་པ་ཡ་གཅིག་ཁོ་ན་ལ། །
རྟེན་དུ་འཆའ་བཞིན་ལྷ་ཕྱག་ཁྱེར་བ་དེར། །
མཚར་བའི་ངང་ཚུལ་མེ་ཏོག་འདབ་བཞིན་འཐོར། །

༥༥༢ མི་ཐུང་དུས་ཀྱི་ཡུན་ལ་བསྟར་བའི་འབྲས། །
ར་ས་འཕྲུལ་སྣང་གཙུག་ལག་ནང་དུ་སླེབས། །
འཚང་ཁ་རྒོད་པའི་མི་ཡི་གྲལ་ལ་བསྙེགས། །
ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་མཇལ། །

༥༥༣ དྲུག་པའི་བཞི་བར་ཇོ་བོའི་གསེར་ཞལ་གང་། །
དོན་ལྡན་མཇལ་བ་བགྱི་བའི་མི་ཡི་ཚོགས། །
ཉུང་བ་མ་ཡིན་བྱིས་པ་རྒ་བའི་ཚོགས། །
འགྲོ་བར་ངལ་བ་མཐོང་བཞིན་མདུན་དུ་སོང་། །

༥༥༤ རྣམ་འདྲེན་བཞི་བ་བཅུ་གཉིས་མཚན་དཔེའི་སྐུ། །
བལྟ་བས་མི་ངོམས་མཐོང་ན་གྲོལ་བའི་གཉེན། །
རིན་ཆེན་དང་པོས་ཡོངས་སུ་མཛེས་པའི་སྐུ། །
དད་འདུན་ཀློང་ནས་སྨོན་ལམ་ཞུ་བཞིན་མཇལ། །

༥༥༥ དེ་ནས་རྡོ་ཁྲེས་ཕོག་པ་ལྟ་བུའི་ངལ། །
ཡོངས་སྤངས་སྟེང་ན་བསྟར་བའི་གཞལ་ཡས་ཁང་། །
རེ་རེར་བཞུགས་པའི་རྨད་བྱུང་རྟེན་གྱི་ཚོགས། །
ལྕུག་ཕྲན་སྤུན་ལ་སྡེབ་ཀྱིན་གུས་པས་མཇལ། །

༥༥༦ གྱེན་དང་ཐུར་ལ་རྒྱུ་བའི་སྐས་ཀྱི་ཐེམ། །
མར་ལ་བཅད་དེ་སངས་རྒྱས་སྨན་གྱི་ལྷ། །
རང་བྱོན་དད་བརྒྱའི་སྙེ་མ་གཡོ་བའི་གཉེན། །
མཇལ་ཏེ་དེ་མུར་བསྟར་བའི་རྟེན་དག་མཇལ། །

༥༥༧ མི་འགྲོ་ཇོ་བོའི་བཞུགས་པའི་གནས་ཉིད་ལ། །
ངེས་པའི་རི་མོ་གསལ་བར་མ་གྱུར་བས། །
ཡར་མར་འདུར་དང་ལྷན་ཅིག་བགྲོ་བ་ཡི། །
གཏམ་ལ་འཆེལ་གྱིན་ནང་གི་སྐོར་ལམ་བཅད། །

༥༥༨ སློབ་དཔོན་གསུང་གི་བདུད་རྩི་ཡིད་ལ་གཞིབ། །
སླར་ཡང་མཐོང་བ་དོན་ལྡན་ཇོ་བོའི་ཞལ། །
མཇལ་དུ་ཕྱིན་པའི་ལམ་སྟེགས་བརྒལ་བ་ན། །
མ་ཧཱ་གུ་རུའི་སྐུ་མཆོག་མཐོང་གྲོལ་མཇལ། །

༥༥༩ རིན་ཆེན་དང་པོས་ཡོངས་སུ་མཛེས་པའི་སྐུ། །
ལྷ་གཅིག་ཡིད་བཞིན་ནོར་བུའི་སྐུ་རྒྱབ་ན། །
མི་འགྲོ་ཇོ་བོའི་སྐུ་རྟེན་རྨད་བྱུང་བ། །
བཞུགས་པ་རྗེས་སུ་ཡིད་ལ་ངེས་པ་རྙེད། །

༥༦༠ དེ་ནས་མ་ངེས་ཡིད་སེམས་འཁྱུག་པའི་རིས། །
གསལ་བའི་རི་མོ་བསྟར་བའི་ལས་སུ་བྱ། །
མོད་པའི་བར་སྐོར་གླིང་ནས་ལན་གཅིག་མྱུལ། །
ཨ་མའི་མ་ཁྱིམ་ཞལ་རིས་མཇལ་དེ་ཕྱིན། །

༥༦༡ རེ་འགའ་སྤྱི་སྤྱོད་རེ་འགར་གླ་གཏོང་འཁོར། །
བསྡད་དེ་གངས་ལྗོངས་ཡི་གེ་བྱེད་པ་པོ། །
སློབ་དཔོན་ཐོན་མིའི་སྐུ་མཁར་མ་རུ་ལ། །
མཇལ་བའི་འདུན་པ་བསྲིངས་བ་མངོན་དུ་བྱས། །

༥༦༢ ལྷ་ཆེན་བདེ་མཆོག་སྤྱན་རས་རང་བྱོན་དང་། །
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྒྲུབ་པའི་ཕུག །
འཇམ་མགོན་བློ་བཟང་གྲགས་པས་ཐོག་མ་ཉིད། །
ཐེག་ཆེན་གསོ་སྦྱོང་ལེན་པའི་གནས་རྣམས་མཇལ། །

༥༦༣ དྲིན་ཆེན་སློབ་དཔོན་ཐོན་མི་སམ་བྷོ་ཊས། །
རྨད་བྱུང་ཡི་གེ་ཐོག་མར་བཟོ་བའི་གནས། །
སྐུ་མཁར་མ་རུ་སླར་གསོའི་ལས་ལ་ཞུགས། །
ནང་དུ་མཇལ་ཁ་ཞུ་བའི་སྐལ་བ་བྲུལ། །

༥༦༤ གཞན་ཡང་ཐོག་མའི་ཡིག་ཕུད་ལ་སོགས་པ། །
བལྟ་འདུན་བུང་བ་ལྡིང་བའི་མེ་ཏོག་ཚལ། །
ཐོས་པ་མཐོང་བའི་ལམ་དུ་གྱུར་བ་ལ། །
དུས་ཀྱི་དབང་གིས་སྐལ་བ་ཕྲ་བར་གྱུར། །

༥༦༥ དེ་ནས་གྱེར་དང་ཐུར་ལ་དཔྱངས་པའི་ལམ། །
དལ་གྱིས་བཅད་དེ་གང་ཞིག་མཇལ་གྱུར་བ། །
རྟེན་གྱི་ཚོགས་རྣམས་ནུས་པས་བསྲིངས་བ་ཡི། །
མོས་ཤིང་གུས་པའི་ངང་ཚུལ་མ་བརྟུལ་ཙམ། །

༥༦༦ སླར་ཡང་སྦྲུལ་ལྟར་འཁྱུག་པའི་ལམ་བུ་ལ། །
གོམ་དང་རླངས་འཁོར་གཉིས་ཀྱིས་རྒྱུ་བ་ཡི། །
བརྟུལ་ཞུགས་གང་ལ་རྟེན་དུ་འཆའ་བྱས་ཏེ། །
བདེ་བའི་གནས་ཚང་གང་ལ་ལོག་པར་གྱུར། །

༨.༡ཉིན་ལྷ་ལྷན་ཇོ་བོ་ཤཱཀྱ་མུ་ནེ་མཇལ་ཏེ་ཡུམ་བུ་བླ་མཁར་དུ་ཕྱིན་པའི་ཟིན་ཐུན། #✍️ དྲང་འཇུག།#

སློབ་ཡུན་ཁོ་ནའི་ཆེད་དུ་མི་ཚེ་ལ་འདུར་བཞིན་ཡོད་དམ།

ཡང་ན་རང་གི་ནུས་པའི་ཆེད་དུ་རྒྱུགས་བཞིན་ཡོད། ང་ཚོ་ཆོས་རིག་སློབ་གླིང་ཞིག་ལ་མཚོན་ན།

རིག་གནས་སྣ་མང་སྦྱོང་ས་ཞིག་ལ་རེ་སྙེགས་བྱེད་དགོས། ལྷ་མོ་་་་་་་་་་་ “ང་རང་ཚོའི་དགོན་པའི་ནང་ལ་ཡོད་པའི་གྲྭ་བ་གཞོན་ནུ་དེ་ཚོ་ལ་དེང་དུས་ཀྱི་སློབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུ་དང་། དེ་ཚོ་ལ་དམིགས་བསལ་གྱིས་ལྟ་རྟོག་ཡག་པོ་ཞིག་མ་བྱས་ན། སྔོན་མའི་ལམ་དང་ལུགས་སྲོལ་ཡིན་མདོག་བྱས་ནས་དཔེ་ཆ་ཚིག་སྐམ་པོ་འདྲ་ཞིག་བསླབ། འདོན་ཆོག་འདྲ་བསླབ། ཉེན་བརྡ་འདྲ་བཏང་། དེ་འདྲ་ཞིག་མ་གཏོགས་མེད་པ་ཡིན་ན། གྲྭ་གཞོན་དེ་ལོ་ལྔ་དྲུག་ཅིག་གི་དུས་ཚོད་འགོར་རྗེས།སློབ་གྲྭར་འགྲོ་རྒྱུའི་དུས་ཚོད་ཡང་འདས། སྔོན་མ་ཚིག་སྐམ་པོ་ཞིག་བསླབས་པ་དེ་བཟུང་ནས་གྲྭ་བ་བྱས་ནས་མི་ཚེ་མཐའ་འཁྱོལ་བསྡད་པ་ཡིན་ན་ཅིག་འགྲིག་པ་རེད་དེ། དེ་ཡང་གང་འཚམ་ཞིག་སོང་ན་དགོན་པ་ནས་འདུག་འདོད་ཀྱང་མེད། ཆོས་མགོ་ཡང་མ་ཐོན་པར་བར་སྐབས་ཤིག་ལ། ཁོ་ཚོ་དངོས་གནས་དགོན་པ་གྲྭ་ཚང་ལ་ལོག་ལྟ་སྐྱེ་རྒྱུའི་ཉེན་ཁ་དང་། ང་ཆུང་ཆུང་སྐབས་ལ་ཚིག་རྐང་པོ་འདྲ་ཞིག་བསླབས་ནས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཀྱང་མ་བྱུང་། ལུས་ལ་གྲྭ་ཆས་ཡོད་པ་བཞིན་སྔར་བློ་འཛིན་བྱས་བཞག་པ་དེ་ལ་ཚིག་འགྲེལ་ཞིག་རྒྱག་ཐུབ་པ་བྱུང་ན་ཅུང་འགྲིག་ཡོད་པ་རེད་དེ།དེ་ཡང་མི་ཐུབ་པར་ཐབས་སྡུག་བྱུང་སོང་བས། དངོས་གནས་ངའི་མི་ཚེ་འཕྲོ་བརླག་ཆགས་སོང་ཟེར་རྒྱུའི་ཉེན་ཁ་འདུག”ཅེས་པ་ལྟར་དགོན་དཔོན་དེ་དག་དེང་དུས་ཀྱི་གྲྭ་གཞོན་ཚོར།

དེང་དུས་ཀྱི་རིག་གནས་མཁོ་སྤྲོད་བྱེད་པའི་ཁོག་རྒྱ་ཞིག་ཅིས་ཀྱང་གལ་ཆེ།

བོད་ཆུ་སྟག་ལོ།༦-༥

མི་ཆོས་གཙང་མ་བཅུ་དྲུག་ནི།
༡༽ དཀོན་མཆོག་གསུམ་ལ་བླ་མར་བཟུང་ནས་གུས་པས་མཆོད་པ།
༢༽ ཚེ་འདི་དང་སྐྱེ་བ་གཞན་དུ་ཕན་པའི་དམ་པའི་ཆོས་སྒྲུབ་པ།
༣ ༽ ཕ་མར་དྲིན་གཟོ་བའི་བསྙེན་བཀུར་ཆེ་བ།
༤༽ཡོན་ཏན་ཅན་ལ་མཆོག་ཏུ་མཐོང་ནས་གོང་དུ་བཀུར་བ།
༥༽རིགས་མཐོ་བ་དང་རྒན་པ་རྣམས་ལ་སྲི་ཞུ་ཕུ་དུད་བྱེད་པ།
༦ ༽མཛའ་བཤེས་ལ་གསར་འགྲོགས་སྤངས་ཏེ་ཉེ་སེམས་མ་བོར་བའི་གཞུང་རིང་བ།
༧༽ཡུལ་མི་ཁྱིམ་མཚེས་དང་དམན་པ་རྣམས་ལ་ཅི་ནུས་ཀྱི་ཕན་པ་སྒྲུབ་པ།
༨ ༽གཞན་གྱི་ཅི་ཟེར་ལ་མི་ཉན་པའི་ཡིད་དྲང་ཞིང་བརྟན་པ།
༩ ༽ མིག་ཡ་རབས་ཀྱི་སྤྱོད་ཚུལ་ལ་བལྟ་བ།
༡༠༽ཧ་ཅང་བཟང་ཞན་གྱི་མཐའ་གཉིས་སུ་མ་ལྷུང་བར་ཟས་ནོར་ལ་སྤྱོད་ཤེས་པ།༡༡ ༽ དྲིན་བྱས་པ་ལ་བརྗེད་མེད་ཀྱིས་ཕན་ལན་སྒྲུབ་པ།
༡༢༽བྲེ་སྲང་སོགས་སྤྱོད་ཚུལ་ལ་གཡོ་སྒྱུ་མེད་པ།
༡༣ ༽ཉེ་རིང་དང་བྲལ་བར་སྤྱིར་སྙོམས་ཤིང་གཞན་གྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་སྤོང་བ།
༡༤༽གཡོ་སྒྱུ་ཅན་དང་གྲོགས་ངན་པའི་རིགས་ལ་མི་ཉན་པ།
༡༥༽ངག་འཇམ་ཞིང་གཞན་གྱི་བློར་འཚམས་པའི་སྨྲ་མཁས་པ།
༡༦ ༽ ཆོས་སྲིད་གང་ལའང་དཀའ་བ་སྤྱད་བཟོད་པའི་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 一开始我觉得这个小女孩挺自恋的,有点烦,男主对她感到害怕,男主的爸爸也是对女主家有着诸多偏见。后来才知道女主家挺不容易的,生活得很艰难,但是一家人三观都特别正,
  • 23.龙亭区刷绒街聚鑫源足道未设置疫情防控台,未要求测温、扫码,工作人员均未佩戴口罩;无《疫情防控主体责任承诺书》;无工作人员体温监测记录和核酸检测凭证,无消毒
  • 最后感谢声优的精彩演绎,我真的特别佩服小陆总的声优,一词一句都那么自然,感觉很舒服,如同真的在和一个可以信赖的朋友对话一样。首先在大家都觉得卡面绘制水平下降的情
  • ”而他被问到是因为什么灵感而写下这首歌的时候,他回应道:“我们没有的,希望她有,或者是我拥有的,我会希望她也有,满满一种爱,写给未来的孩子。大概是因为父母缺席了
  • 文案/潮图/表情包/背景图/壁纸/头像杂七杂八的短句偷偷相爱吧别让世俗知道书里总爱写到喜出望外的傍晚我想和你互相浪费一起虚度短的沉默,长的无意义一起消磨温柔而浪
  • 新的一年加油^0^~#乐行者跑步日记##跑步[超话]##跑步打卡 ##虎年# 光阴无休止,日月无停息,当时光的车,碾过一季又一季,当光阴的箭,穿过一日又一日,人
  • 当天的培训中,黄艳芳基于以往指导申报职业教育教学改革研究项目的丰富经验,结合教改项目的内涵及特征,围绕教改项目的选题及申报设计进行全面阐述。为切实配合做好疫情防
  • 4月18日至4月20日01.愛されたがりのジェミニ02.憧れの人に奪われました03.断れない男子のボクと落ちこぼれ*魔04.蓮くんは剥いたらおんなのこ。08.マ
  • Ye青回 [赞][赞][色] 记不清刷了几遍继承者 金叹车恩尚了 和李敏镐一起祝贺她 很喜欢他们在mi国那个动态镜头 最近没有好好写毛笔字 没有好好看书 也没
  • 内蒙古复杂天气套餐已订制 暴雪+大风+降温+沙尘+吹雪 今天(3月23日)内蒙古的雨雪天气仍在持续,但范围缩小、强度减弱;不过,受高空槽和地面气旋的共同影响,明
  • 当我不再执着于那个“担心”专注于去倾听对方,去和她的眼神交互,同时,兼顾屏幕里的每一位小伙伴,那个时刻,我是放松的,语言也会自然地流露出来……一点一滴,践行着[
  • 你就站在那里 ,什么都不用做 ,我就满心欢喜或许,最美的事不是留住时光,而是留住记忆,如最初相识的感觉一样,哪怕一个不经意的笑容,便是我们最怀念的故事。从前车马
  • 于是这也就意味着,不管是在面对着众人,甚至就算是敌人的时候,狮子座往往不需要做什么,仅仅凭借着强大的气场,就足以让人信服。双鱼座:必然让对方连后悔都来不及,甚至
  • 我至今记得她那本《媚骨之姿》很有[笑而不语][笑而不语]晋江链接:7.《阔太生活起居注》作者:张大姑娘 ps:这个作者基本上都是年代文,喜欢看年代文的可以关注她
  • ”《三国演义》对这块风水宝地做了恰如其分的描述,然而,尽管诸葛亮的“草庐”及三顾堂、武侯祠等文物建筑依然保持着古朴的风貌,但是,由于核心景区面积仅为0.7平方公
  • 2022年,相同保护等级的动物却被明码标价,不仅价格不相等,加重情节需要的数量也不同。按照相同的逻辑,如果野生大熊猫遭盗猎,它们当然会被视为有价商品,按照价值
  • ”想在阳光下奔跑‍♀️想大声的向世界宣告…想去[给你小心心]浪漫的土耳其即使不顺路,也想绕去东京和巴黎看看,自己还有很多很多的小理想没有实现,所以还是要加倍努力
  • 山峰下,有着一片一片的梯田,每一层都有一种颜色,红的、黄的、金的、绿的,饱含着丰收的喜悦!路的两旁矗立着许多风车,站在风车下面,抬头仰望,自己就像一只小蚂蚁,而
  • #长沙月老牵线[超话]##长沙# 1092号嘉宾推荐年份:1997身高:164cm 星座:狮子座学历:大专工作: 教培目前情况:湖南张家界人,现在在望城区,在
  • 开辟检验认证绿色通道,安排专人负责建立免予办理强制性产品认证(以下简称3C免办)的产品备案绿色通道,对符合3C免办条件的疫情防控物资、企业复工复产所需的产品实行