དེབ་འདི་ལས་སྐད་འཕྲིན་དང་དྲ་ལན་གྱི་བརྙན་ཐུང་མང་བོར་གཡེང་དྲག་པ་སོགས་དོན་མེད་དུ་དུས་འདས་བར་བྱེད་པའི་གོམས་གཤིས་ངན་པ་དག་བསྒྱུར་དགོས་ན། ཆེས་ལེགས་པའི་བྱ་ཐབས་ནི། དེ་དག་བཙན་གྱིས་འགོག་པ་དང་། དེ་དག་གི་ཉེས་དམིགས་མང་བོ་བསམ་ཁུལ་བྱེད་པའི་ལས་ལ་འབད་རྒྱུ་དེ་མ་ཡིན་པར་གོམས་གཤིས་ངན་པ་དེ་དག་ལ་འཇུག་འདོད་སྐྱེས་མ་ཐག དགག་སྒྲུབ་གང་ཡང་མེད་པའི་ཐོག་ནས་སྐབས་དེའི་ཚོར་བའི་ངོའམ་དེ་སྐྱེ་ཚུལ་ལ་སེམས་ཞིབ་མོས་མཉམ་པར་འཇོག་པ་དེ་ཡིན་པར་བརྗོད། དེ་ལྟར་ཚོར་བ་དེ་སྐྱེ་བའི་གོ་རིམ་དང་། ཚོར་བ་དེའི་རང་བཞིན་ག་འདྲ་ཞིག་ཡིན་པ་ལ། ཐད་ཀར་བློ་ཞིབ་མོས་མཉམ་པར་བཞག་པ་ན། དེ་ནས་ཚོར་ཤུགས་ཀྱང་རང་གི་ངང་གིས་རང་ཞི་ལ་འགྲོ་བས། རྣམ་གཡེང་གི་དབང་དུ་འགྲོ་བར་སྔོན་འགོག་གི་ནུས་པ་ཆེན་པོ་ཐོན་པ་སྟེ། དཔེར་ན། འཚབ་སྣང་སྐྱེ་བ་དང་ཁོང་ཁྲོ་སྐྱེ་བ་སོགས་ཀྱི་སྐབས་སུ་ཡང་ཐད་ཀར་ཚོར་བ་དེ་དག་གི་ངོ་བོ་ལ་མཉམ་པར་འཇོག་ཐུབ་པ་ཡིན་ན། རང་ཉིད་ནི། ཚོར་བའི་ངོ་བོ་དེ་དག་ལ་དཔྱད་པ་གཏོང་མཁན་ཞིག་ཏུ་ཆགས་ཚར་བས། ཚོར་བ་དང་རང་ཉིད་གཉིས་སོ་སོར་བཀར་ཐུབ་ལ། དེའི་སྟོབས་ཀྱིས་སྤྲིན་པ་ལྟ་བུའི་ཚོར་བ་ཅི་ལྟར་འཁྲུགས་ཀྱང་མཁའ་ལྟ་བུའི་རང་ཉིད་ལ་གཡོ་འགུལ་ཅི་ཡང་མེད་པར་ལྷིང་འཇགས་ཀྱིས་གནས་ཐུབ་པ་བཞིན་ནོ་ཞེས་ཀྱང་བསྙད། དོན་ལ་དགོས་མེད་ཀྱི་གནས་གང་ཞིག་ལ་འཇུག་འདོད་ཀྱི་ཚོར་བ་དག་ཀྱང་། སྐྱེས་མ་ཐག་ཤུགས་དྲག་ཅིང་སྟོབས་ཆེ་ནའང་། ཐད་ཀར་དེའི་ཚོར་བ་དེ་དག་གི་དབང་དུ་མ་བཏང་བར་ཚོར་བའི་ངོ་བོར་ཡུན་ཙམ་ལ་ལྟ་ཐུབ་པ་ཡིན་ན། ཚོར་བའི་རླབས་རིས་དེ་དག་ཕྱིར་ཤིན་ཏུ་འཇིག་ཀྱང་སླ་བས། རྒྱུན་དུ་སྐབས་བསྟུན་གྱིས་རང་གི་ཚོར་སྣང་སྣ་ཚོགས་སྐྱེ་བའི་གོ་རིམ་ལ་མཉམ་པར་འཇོག་པའི་སྒོམ་གྱི་ཉམས་ལེན་ཕྲན་ཙམ་ཡོད་རྒྱུ་དེ་ཡང་། མི་ཚེ་དོན་མེད་དུ་མི་གཏོང་བར་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་ཞིག་ཡིན་པའོ།།

༄༅༎ ཁམས་མི་ཉག་མདོ་གྲོང་ནས་ཉིན་ལམ་གཅིག་ལྷག་ལ་ས་ནག་པོ་འདོམ་ལ་འཇལ་ཞིང་སྤྲིན་དཀར་པོ་ཐོད་ཀྱིས་བཅད་དེ། སུ་ཞིག་གི་ཆེད་དུ་ཞེ་ན། ང་ཚོ་དང་ང་ཚོའི་ཡོད་ཚད་ཟེར་ཆོག་ཆོག་ཅིག་གིས་དྲན་ཤིང་ནང་དུ་དགུག སེམས་པ་རྒྱང་དུ་ཕྱོགས་ཏེ། ཁམས་པ་རིག་གནས་ཀྱི་འབྱུང་ཁུངས་སུ་འབོད་པའི་ཁམས་པ་སྡེ་དགེར་ང་ནི་གཏད་སོ་མེད་པའི་འཁྱམ་པོ་ཞིག་དང་ང་ནི་ཅི་ཡང་མེད་པའི་དབུལ་བོ་ཞིག་ཡིན་པའི་ངན་པས་རང་མཚང་བསྟན་པ་ལྟ་བུ་ཞིག་བྱུང་། མ་འཕྲོས་ན། སྡེ་དགེ་ནི་མིའི་མཛོད་དང་རིག་པའི་གནས་ལྟ་བུ་ཞིག་ལ་རང་ངོས་ནས་སེམས་འདུག སུ་ཞིག་གིས་དེ་ལྟ་བུ་ཞིག་ངའི་སྣང་ངོར་བསྐྲུན་གཞག་པ་ངས་ཀྱང་ཏག་ཏག་ཞིག་མི་དྲན་ལ། ཤེས་ཚོད་ཙམ་གླེང་ན།

༡༽

སྡེ་དགེ་དཔར་ཁང་། ༡༧༤༤ལོར་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་ཞུ་བས་བཀའ་བསྟན་གྱི་པར་ཤིང་ཆ་ཚང་ཞིག་སྡེ་དགེ་དགོན་པར་ཕུལ་བ་ནས་སྡེ་དགེ་དཔར་ཁང་དུ་གྲགས་པ་མིན་ནམ་སྙམ། སྔ་མོ་དེར། ངས་དཔར་ཁང་གི་ཕྱི་རོལ་ནས་ཕ་མེས་དག་གི་བློ་རྒྱའི་གྱང་ངོས་སུ་བྱིལ་བྱིལ་བྱས་ཞོར་མཇལ་སྐོར་ལན་གསུམ་བྱས། ངས་ཡང་མེས་དག་གི་འཇོན་ནུས་ཀྱི་གདན་ངོས་སུ་ཐོད་པས་གཏུག་གཏུག་བྱས་ཞོར་བསྐུམ་ཕྱག་ཐེངས་གསུམ་མཚལ་བ་ལགས། མེས་པོ་ཚོ་བཀའ་དྲིན་ཆེ། ཁྱེད་ཚོས་འཛམ་གླིང་སྤྱི་ལ་བཞག་པའི་བྱམས་བརྩེའི་ས་བོན་དེ། དེ་སྔོན་ང་ཚོ་བོད་པ་ཙམ་ལས་བརྒལ་མ་ཐུབ་ཀྱང་། ད་ནས་རིམ་གྱིས་རྩྭ་སྐྱར་མེ་ཟིན་པ་བཞིན་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་ལུས་སེམས་ཀྱི་བདུད་རྩི་ཉིད་དུ་འཕོས་བར་ལྟོས་བཅས་ཀྱིས་སེམས་རྣམ་དག་ཅིག་བསྐྱེད་དེ། རང་ཉིད་དང་རང་ཉིད་ཀྱི་མིང་སྲིང་དག་གི་བློ་མིག་དང་ལག་ལེན་ལའང་ཡིད་སྐྱོ་ཞིང་བློ་མུག་དགོས་པ་ཞིག་ཀྱང་རང་བཞིན་གྱིས་བྱུང་། དགའ་མས་ང་རང་པར་ཁང་ནང་རོལ་གྱི་གསུང་རབ་དཔར་ཁྲི་དང་གསུང་རབ་དཔར་ས། གསུང་རབ་སྐམ་ས་དང་གསུང་རབ་ཀྱི་དཔར་ཤིང་སོགས་དཔར་ཁང་གི་ཕྱི་ནང་གསང་གསུམ་ཀུན་ཏུ་ཅིག་ཁྲིད་སོང་། ད་རུང་བརྩེགས་གཉིས་པའི་གཡས་ཕྱོགས་ཀྱི་བར་ཁྱམས་བརྒྱུད་དེ་སོང་ན། གྱང་ངོས་སུ་སྒྲོལ་ལྗང་མའི་ལྡེབས་རིས་ཀྱི་སྐུ་ཞིག་བཞུགས་པར། ད་ལྟའི་བོད་ཀྱི་ལོ་རྒྱུས་བ་དག་གིས་བཤད་གྱིན་པའི་ལྷ་སྒྲུང་ལྟ་བུ་ཞིག་ཀྱང་འདུག སྔོན་ཆད་དཔར་ཁང་ལ་མེ་སྐྱོན་བྱུང་བའི་ཚེ་སྒྲོལ་སྐུའི་གསུང་འབྱོན་སོང་བ། དེ་གའི་ལྷ་གཉེར་གྱིས་མཐོང་བ་རེད་ཟེར། ལྷ་གཉེར་ཏེ་སུ་ཞིག་ཡིན་མིན་རྩད་མ་བཅད།

༉ དེ་རིང་གི་འགྲུལ་བཞུད།
གསེར་ཁོག☞ ཆུ་བཟང་། ☞དགོན་ལུང་། ☞དམར་གཙང་བྲག
རྒྱ་ཡིག་འདི་ལྟར་བྲིས་འདུག
广惠寺☞却藏寺☞佑宁寺☞马什藏聘地
注释:《甄嬛传》华妃娘娘的哥哥——年羹尧


清朝年羹尧治乱的地段。


发布     👍 0 举报 写留言 🖊   
✋热门推荐
  • 而就在几天前,一位网名叫“cos名元太本名也元太”的人,不仅自称是李立群的儿子李元太,而且还在社交平台上大放厥词,说李家从未支持过一个中国,还说李立群之所以
  • 他说,通过建设美丽乡村,群众的生活环境改善了、致富门路变宽了、精神生活丰富了,达到了一村带一片、一片带全镇、就地城镇化的效果。”权连华说,村集体在保护乡村原貌的
  • 这个夏天,在火与险的考量中,在高温与毅力的对决中,电网员工无惧无悔、冲锋在前,奋力答好度夏防山火、保供电的“答卷”。 俞灏明姚政空降,快乐再加倍 最新一期0
  • #朋友圈文案##正能量语录##全职妈妈# 全职妈妈这个词是我的人生计划和目标,但现在我迷茫了我小时候都是爸爸外出工作,妈妈负责照顾我们的吃喝拉撒,那时候我就觉得
  • 不过值得注意的是,同期内16岁-24岁的年轻人调查失业率却由12.7%上升至14.3%,这意味着中国劳动力市场上存在一定的结构性失业压力。例如,PMI中的新出口
  • 同样的道理,当你抽烟抽了一年五年十年以后,你的肺细胞开始大量的死亡,没有反应了,烟量就会越来越大,甚至有的人抽烟没有痰,最后得了肺癌。同样的道理,当你抽烟抽了一
  • 哭咽河,哭咽河,男人的眼泪流成的河……宋真微笑道,微博推广 刚才苏灿对她所说不置可否 微博引流软件 实时号霸屏,还真能沉得出气 微博热门前三,就越加坐实了宋真心
  • 这次各国央行大水漫灌,一旦疫情稳定,“水漫金山”的后果,货币贬值、低利率甚至负利率环境必然导致各类“硬资产”大幅上涨,对中国而言,08年危机之后最大受益者是房子
  • 挪威小鱼DHA+D3的果冻鱼油,橙子软糖的口感,孩子超喜欢,更能激发学霸潜力挪威药房销量第一!Lifeline care挪威小鱼DHA+D3 软胶囊 30粒源自
  • 您的箱底压满了吧 ,让我帮您清理呀!图片均为柏翠60L烤箱出品实物图 ,测评1 测评2 反馈 烤蛋糕卷反馈您的柜子空了吧 ,让我帮您填满呀!
  • @D郑业成C 【1.从剧情方面,沈大人最让人心疼的瞬间是他看着刘泠画像伤心欲绝的哭,真的特别心疼,好想过去抱抱他。3.九云大人因为救小川儿,吐血;看到zxyr的
  • 读书学典:《论语.宪问》14.45 子路问君子,子曰:“修己以敬。”曰:“如斯而已乎?”曰:“修己以安人。”曰:“如斯而已乎?”曰:“修己以安百姓。修己以安百
  • 2020年春季赛常规赛最佳中路,2020年世界冠军杯亚军!2018年kpl春季赛总冠军,FMVP!
  • “疫情防控没有旁观者,我是人大代表又是包头的企业家,厚道大药房作为包头市本土化成长发展起来的一家品牌化民营药品零售连锁企业,忘不了包头这片土地,更忘不了党和政府
  • 本来想着之前有个客人说屋顶有人打算重新开局赶在之前上屋顶,后来搜到只有两个结局,我就放弃了,有点意犹未尽,就是明明可以更好,不过为了等等原因所以简单了一丢丢
  • 今年最后的冠军,该不会是阿福吧,你觉得呢[doge][doge][doge][doge][doge][doge][doge][doge][doge][doge]
  • 具体行程链接宝宝们可以点击链接查看,从第1天美国开始到第24天奥兰多结束,中间还会有中国上海和中国香港迪士尼乐园的行程哦(不知道明年会怎么隔离)真是世界上值得去
  • 仪式的时候有笑有泪,after party的时候氛围很嗨。下次再见,希望下次是在耶鲁大学的馆藏面前。
  • ! 我感觉自己要吃到猴年马月去了 芝士烤面包片,芝士牛肉汉堡,芝士炸鸡 挖,我一听就觉得好幸福啊!可以在做QQ音乐榜单同时顺手登陆投出注:必须是要绑定手//机
  • 我们都还不想摆烂[允悲][允悲]天天备婚群里问 然后晚上回去买买买他的一波又一波的清空而我…要选累了[报税][报税]选品真的好累阿[允悲][允悲]能不能开工资