ལྷ་སའི་གློ་བར་གྲགས་པའི།
ལྷ་ཀླུའི་འདམ་ར་མཛེས་བྱུང་།
སྐོར་ལམ་འགྲོ་བསྐྱོད་བདེ་བ།
ལམ་བར་ཡུལ་ལྗོངས་མཛེས་པ།
ཁ་རླུང་གཙང་ཞིང་དྭངས་་ལ།
བྱ་བྱེའུ་སྐད་གདངས་སྙན་བྱུང་།
སྐུ་ཉིད་ཁོམ་པ་ཡོད་ན།
ནང་ལ་འཛུལ་ནས་མ་ཞུགས།
འདམ་སྐོར་གནང་བར་ཕེབས་དང་།
ལུས་སེམས་གཉིས་ཀར་ཕན་ཡོང་།
ལྷ་ཀླུའི་འདམ་ར་མཛེས་བྱུང་།
སྐོར་ལམ་འགྲོ་བསྐྱོད་བདེ་བ།
ལམ་བར་ཡུལ་ལྗོངས་མཛེས་པ།
ཁ་རླུང་གཙང་ཞིང་དྭངས་་ལ།
བྱ་བྱེའུ་སྐད་གདངས་སྙན་བྱུང་།
སྐུ་ཉིད་ཁོམ་པ་ཡོད་ན།
ནང་ལ་འཛུལ་ནས་མ་ཞུགས།
འདམ་སྐོར་གནང་བར་ཕེབས་དང་།
ལུས་སེམས་གཉིས་ཀར་ཕན་ཡོང་།
࿑ཁྱོད་ཞལ་ལན་ཅིག་མཐོང་བའི་དོན་དེ་ཡིས།།
ཡིད་དབང་ཅིག་ཅར་ཕྲོགས་པ་ཡ་མ་བརླ།།
འོན་ཏེ་སྔོན་ལས་རང་བཞིན་བདེ་གཤེགས་ལས།།
གཞན་གྱི་བློ་ལས་འགོངས་ཕྱིར་བརྗོད་པར་དཀའ།།
ཆུ་སྐྱེས་མདངས་འཛིན་ཞལ་གྱི་དབུས་སུ་ནི།།
གེ་སར་ཚེམས་ཕྲེང་དགོད་པ་ཅི་ཡི་སླད།།
རྒྱུ་སྐར་ལས་ཀྱང་ལྷག་པའི་སྤྱན་ཟུང་གིས།།
སྲེད་ལྡན་གང་གི་འདོད་པའི་རྒྱ་མཚོ་བསྲུབས།།
མ་ངེས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་འདིས།།
རང་གཞན་བསྐལ་བརྒྱར་མེ་ནང་བཙུད་པས་ན།།
རི་དྭགས་མིག་ཁྱོད་རྨི་ལམ་ཞིང་བགྲོད་ཚེ།།
བདག་ནི་དབེན་པའི་གནས་སུ་འབྲོ་བར་ངེས།། ༢༠༢༢\ ༦\ ༢༣\ ཉིན་རྨ་པྲཛྙཱ་ནས།
ཡིད་དབང་ཅིག་ཅར་ཕྲོགས་པ་ཡ་མ་བརླ།།
འོན་ཏེ་སྔོན་ལས་རང་བཞིན་བདེ་གཤེགས་ལས།།
གཞན་གྱི་བློ་ལས་འགོངས་ཕྱིར་བརྗོད་པར་དཀའ།།
ཆུ་སྐྱེས་མདངས་འཛིན་ཞལ་གྱི་དབུས་སུ་ནི།།
གེ་སར་ཚེམས་ཕྲེང་དགོད་པ་ཅི་ཡི་སླད།།
རྒྱུ་སྐར་ལས་ཀྱང་ལྷག་པའི་སྤྱན་ཟུང་གིས།།
སྲེད་ལྡན་གང་གི་འདོད་པའི་རྒྱ་མཚོ་བསྲུབས།།
མ་ངེས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་འདིས།།
རང་གཞན་བསྐལ་བརྒྱར་མེ་ནང་བཙུད་པས་ན།།
རི་དྭགས་མིག་ཁྱོད་རྨི་ལམ་ཞིང་བགྲོད་ཚེ།།
བདག་ནི་དབེན་པའི་གནས་སུ་འབྲོ་བར་ངེས།། ༢༠༢༢\ ༦\ ༢༣\ ཉིན་རྨ་པྲཛྙཱ་ནས།
རི་རྒྱལ་ལྷུན་པོ་ལྟ་བུའི་བརྟན་བརླིང་དང་།།
ཉི་ཟླའི་འོད་སྟོང་ལྟ་བུའི་གསལ་བ་ལ།།
བསྐལ་བར་མི་འགྱུར་རྡོ་རྗེའི་རང་གཤིས་སུ།།
བདག་གི་བླ་མའི་སྐུ་ཚེ་བརྟན་པར་སྨོན།།
མདོ་སྔགས་བསྟན་འཛིན[月亮]
ཉི་ཟླའི་འོད་སྟོང་ལྟ་བུའི་གསལ་བ་ལ།།
བསྐལ་བར་མི་འགྱུར་རྡོ་རྗེའི་རང་གཤིས་སུ།།
བདག་གི་བླ་མའི་སྐུ་ཚེ་བརྟན་པར་སྨོན།།
མདོ་སྔགས་བསྟན་འཛིན[月亮]
✋热门推荐