༄༅། ། སེམས་ཀྱི་མཛའ་མོ་གར་གྱི་ལྷ་མོ།
བརྩེ་བ་མེ་ཏོག་བཞད་པའི་སེམས་མཐུན་གྱི་དགའ་མ། །
དྲན་པའི་མེ་ལུང་ནང་དུ་གཟུགས་བརྙན་བཞིན་སྒོམ་ཡོད། །
སྤྲིན་པ་བྱང་བགྲོད་ཅིག་ལ་དུང་སེམས་ཀྱི་འཕྲིན་པ། །
དབྱངས་གསལ་རིས་སུ་ཕབས་ནས་ཁྱེད་ཕྱོགས་སུ་སྐུར་ཡོད། །
བརྩེ་བ་མེ་ཏོག་བཞད་པའི་སེམས་མཐུན་གྱི་དགའ་མ། །
དྲན་པའི་མེ་ལུང་ནང་དུ་གཟུགས་བརྙན་བཞིན་སྒོམ་ཡོད། །
སྤྲིན་པ་བྱང་བགྲོད་ཅིག་ལ་དུང་སེམས་ཀྱི་འཕྲིན་པ། །
དབྱངས་གསལ་རིས་སུ་ཕབས་ནས་ཁྱེད་ཕྱོགས་སུ་སྐུར་ཡོད། །
ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །
བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ། [微笑]
བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ། [微笑]
ཉི་མའི་ཟེར་བརྒྱ་རབ་ཏུ་འཕྲོས་པའི་ཞོགས་པ་དེར།
ཚིག་འབྲུ་མི་གསལ་བའི་གསོལ་འདེབས་ཁྲོད་ནས།
ངས་ཁྱེད་རང་བདེ་བར་ལོག་ཕེབས་ཡོང་བའི་སྨོན་འདུན་ཞུས་ཡོད།
རི་ཟོམ་ནས་ཡལ་བའི་སྨུག་སྤྲིན་བཞིན།
ཁྱེད་རང་མྱུར་དུ་ནད་ལས་གྲོལ་ན་བསམ་ཡོད།
འོན་ཏེ་་་་་་་ [难过]
ཚིག་འབྲུ་མི་གསལ་བའི་གསོལ་འདེབས་ཁྲོད་ནས།
ངས་ཁྱེད་རང་བདེ་བར་ལོག་ཕེབས་ཡོང་བའི་སྨོན་འདུན་ཞུས་ཡོད།
རི་ཟོམ་ནས་ཡལ་བའི་སྨུག་སྤྲིན་བཞིན།
ཁྱེད་རང་མྱུར་དུ་ནད་ལས་གྲོལ་ན་བསམ་ཡོད།
འོན་ཏེ་་་་་་་ [难过]
✋热门推荐