ཟླ་འོད་རླུང་ལ་བཀལ་བའི་མཚན་མོའི་དབྱངས་རྟ།།
སེམས་ཀྱི་སྒེའུ་ཁུང་འཁྲིས་ནས་ངག་ལ་སྐྱོར་དུས།།
སྣང་བའི་ཡུལ་ལྗོངས་འགྱུར་འདྲའི་མི་ཚེའི་ཁ་དོག།
སྟོན་ཀའི་ལོ་མ་སེར་པོའི་མདངས་ལ་མངོན་བྱུང་།།


རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་གཞན་གྱིས་བསམ་བཞིན་མ་ཡིན་པའི་ངང་ནས་ཚུར་གནོད་པ་ཅུང་ཙམ་བྱས་བཞག་པ་ཡིན་ནའང་། དེ་མ་ཐག་ཕྱིར་གནོད་ལེན་སྤྲོད་ཐབས་ལ་འབད་ཡོང་བ་དང་། གནོད་ལེན་འཇལ་མ་ཐུབ་ཚེ་ཉམ་ཆུང་སྡར་མ་ཞིག་ཡིན་པའི་སྣང་ཚུལ་ཞིག་ང་ཚོ་ཕལ་ཆེ་བར་ནམ་ཞར་འབྱུང་བཞིན་ཡོད། ཕར་བལྟས་ཚོད་ཀྱིས་གཉོན་ཕྲན་ཙམ་འཁུར་མི་འདོད་པའི་ལྟ་སྟངས་དེ་འདྲ་བྱུང་བ་དེ། འཕྲལ་རྐྱེན་ལ་རག་ལས་པ་ལྟ་བུར་འདུག་མོད། དོན་གྱིས་ལྟ་སྟངས་དེ་ནི། སྔོན་གདོད་མའི་འཚོ་བའི་དུས་ཀྱི་བསམ་བློའི་བག་ཆགས་ཀྱི་བསྐྱེད་འབྲས་ཤིག་ཡིན་པར་བཤད། གདོད་མའི་དུས་སུ་གཞན་ཞིག་གིས་རང་ལ་གནོད་པ་ཕྲན་ཙམ་བྱས་པ་ཡིན་ན། ཕྱིར་དེ་མ་ཐག་ངོ་རྒོལ་བྱ་མ་ཐུབ་ཚེ། སོ་སོའི་ཁ་ཟས་དང་འཚོ་བའི་ལོངས་སྤྱོད་ཡོད་ཚད་གཞན་གྱིས་རྐུ་འཕྲོག་བྱ་ཉེན་ཆེ་ལ། མཐར་རང་གི་འཚོ་གནས་ལ་ཡང་ཉེན་ཁ་སླེབས་ངེས་པས། ཐད་ཀར་གནོད་ལ་གནོད་ལེན་སྤྲོད་དགོས་དེ་ནི། འཚོ་གནས་ཀྱི་དགོས་མཁོ་དང་རང་ཉིད་སྲུང་སྐྱོབ་ཀྱི་ཐབས་ཤེས་གལ་ཆེན་ཞིག་ཏུ་ཆགས་ཡོད། དེ་འདྲའི་གདོད་མའི་འཚོ་བའི་དགོས་མཁོ་ལས་བྱུང་བའི་ལྟ་ལྟངས་དེའི་དབང་གིས་ད་ལྟ་ཡིན་ནའང་། ཚིག་ལ་ཚིག་ལན་དང་གནོད་ལ་གནོད་ལེན་སྤྲོད་མ་ཐུབ་ཚེ་སྡར་མ་ཡིན་པ་དང་གཞན་གྱིས་མཐོང་མི་སྤྲོད་པའི་སྣང་བ་དེ་འདྲ་ཞིག་མ་བཅོས་ལྷན་སྐྱེས་ཀྱི་ཚུལ་དུ་འབྱུང་བཞིན་པར་བཤད། ཡིན་ཡང་ད་ལྟའི་དུས་རབས་དང་གདོད་མའི་རབས་གཉིས་ཀྱི་རྩ་བའི་འཚོ་གནས་ཀྱི་དགོས་མཁོ་ནི་གཏན་ནས་མི་འདྲ་བ་ཡིན་པ་ཤེས་པར་བྱས་ཏེ། ད་ལྟར་ནི། གནོད་ལ་གནོད་ལན་དང་ཚིག་ལ་ཚིག་ལན་བསྐྱོན་པ་ལས་ཀྱང་། ཀུ་ཡངས་དང་། བསམ་ཤེས། བཟོད་བསྲན་བྱེད་པ། གནས་ལུགས་ལ་སྟོན་པ་དག་ནི། ད་དཟོད་འཚོ་གནས་འགྲན་རྩོད་ཀྱི་རྩ་གནད་དམ་པ་དེ་ཡིན་པར་ངེས་པར་བྱས་ནས། གལ་སྲིད་གནོད་ལན་སྤྲོད་འདོད་བྱུང་བའི་དུས་སུ་ཡང་། ལྟ་སྟངས་དེ་ནི་གདོད་མའི་དུས་ཀྱི་འཚོ་བ་དང་དུད་འགྲོའི་གཤིས་སྤྱོད་ཀྱི་བག་ཆགས་ཀྱིས་བསྐྱེད་པའི་ལྷན་སྐྱེས་ཀྱི་འཁྲུལ་སྣང་ཐ་ཆད་ཅིག་པའི་ངོས་ཟིན་ཡོད་རྒྱུ་དེ་ནི། རང་ཉིད་དཔྱོད་ལྡན་གྱི་མི་བུ་མཚན་ཉིད་ཚང་བ་ཞིག་ཏུ་འགྱུར་བའི་འདུ་ཤེས་བླ་ན་མེད་པ་ཞིག་ཏུ་བསྟན་འདུག

ཇི་སྐད་དུ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པའི་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས། https://t.cn/Rp7W8xr


发布     👍 0 举报 写留言 🖊   
✋热门推荐
  • 大多数人会说,吃凉拌菜、冰西瓜、绿豆汁啊,听起来似乎没毛病嘛,但实际上,最适合伏天的食物绝对不是冰食冷饮,而是热食!这个热呀不单单是指温度,还有食物的性味。
  • 日落大道里的夏天似乎永远不会过去,金黄的沙子像未来一样充满未知;蓝白色的校服在人群里肆意飞扬,阳光打到少年的脸上,藏起十八岁的秘密,升起粉红色泡泡。在这不再属于
  • 真的是妈生感裸妆它还是养肤型气垫哦,边持妆边养肤!正常社交距离看不出的那种自带的粉扑释粉很均匀,不多不少刚刚好!
  • 贵校的这个破栅栏连学生都挡不住,还真妄想挡病毒啊#放假##河北经贸大学# 【日落直播】来啦~!#古荒遗迹#11月10日不停服更新公告丨荣誉商店、宝宝上新 亲爱的
  • ——宗宁《格局的逆袭》 16.你还很年轻,将来你会遇到很多人,经历很多事,得到很多,也会失去很多,但无论如何,有两样东西,你绝不能丢弃,一个叫良心,另一个叫理
  • 又不需要投入研发,也不需要考虑原材料上涨,更不需要考虑销量,一直都是供不应求,排队都抢不到,我只有不忘记,每周都会随手申购……消息三:中金,新能源车全年批发销量
  • 射手座:付出会有收获,得到你最想要的。[看涨]所有你爱的,你想的,你希望的,也都会经过你的努力一步步实现。
  • 原来,宅家抢菜已经月余的老张,纵有咖啡香气萦绕,抑或红酒摇曳多姿,最念念不忘的仍不过是一道家常菜:豆芽炒豆腐。 而我童年时,虽然也能吃到肉,但却也同样热切地盼望
  • 愿你碰着一个,和你真正绝配的爱人, 用最惬意的减[赞啊]肥[赞啊]药[赞啊]推荐成功经验攻略, 平生很长相互打磨,却成为最默契的那一对。 ​​​​愿你碰着一个,
  • 杜蕾斯避孕套 ~~冈本避孕套 ~~杰士邦避孕套 ~~第六感 大象 赤尾 名流 [鲜花][鲜花]~~~~[鲜花]我们都到了一个略显尴尬的年纪:都不再那么年轻了却也
  • 今天,当我们有机会在媒体会议上获得机会时,我们感到沮丧的是,凯里拒绝明确表示他没有反犹太主义信仰,也不承认电影中特定的仇恨材料。原文如下:在过去的几天里,我们反
  • 希望工人能停下“奇怪的姿势”和收工的的士司机,听着《粉红色的回忆》回家,我特意检索了一下,竟然是首轻松诙谐的老歌,喜欢这首歌的人或许和我一样“头顶稀疏”新的一天
  • 轻启道:马总,我只陪酒 …“只”字强调了我并非他所想的那样的不堪,嘉祺看着我的回答样子,不恼不笑,只是盯着我………他可能很好奇我为何是这句话回答他的问题,还是在
  • 大家都是平凡打工人公司园区安排 那就做呗 回了小区 封闭核酸 那也配合呗 为了上班要有五天内核酸报告 那还是做呗 身边好几个朋友都已经在不断+2days续杯中消
  • 然后老天爷看不下去了,给我们停了一节课了电,作为一群顽强的小强,我们班同学在黑暗中想出了各种办法------画速写[笑cry][笑cry]这么多年过去了,这个陪
  • 1又是英国文学老师做的 好可爱 老师也好可爱2我妈说这个巧克力的造型好恶心 我给他拍照说粑粑已经在我嘴里了3必胜客不干了?星期六就打扰大家了[举手]4月亮很黄5
  • 他只要知道万法都是一个人一个念变出来的;即使讲第二义谛,生生世世谁没有做过我们的父母儿女、至亲骨肉啊?」同理,如果一个家庭里有人生病,你们到他家里去是不是感到凉
  • 是唯一一款舒缓黑眼圈,去细纹、去脂肪粒三合一眼霜,有助于减少细纹和皱纹,鳄梨油富含抗氧化剂的,维生素C有助于减少黑眼圈,奇异果精华、芦荟精华帮助收紧眼部周围区域
  • !!
  • 自从埃尔阿尔托一路速降到海拔3600左右的拉巴斯市中心,在“自行车之家”安顿后(Casa de ciclista,自备防潮垫和睡袋打地铺每晚20人民币¥)我这两