གསར་གཏོད་ཀྱི་ནུས་པ་ཇི་ལྟར་གསོ་སྐྱོང་བྱ་དགོས།
ཚན་པ་གསུམ་པ།
སློབ་གཉེར་བ་ཞིག་ལ་མཚོན་ན་དེ་ལས་ཀྱང་དེ་འདྲའི་གསར་གཏོད་ཀྱི་བསམ་བློ་དང་རང་སྟོབས་རང་སྤེལ་གྱི་འདུ་ཤེས་ཤུགས་དྲག་པོ་ཡོད་དགོས་པ་མ་ཟད། གཞན་ལ་ལད་ཟློས་དང་བསྐྱར་ཟློས་ཀྱི་འདུས་ཤེས་དེ་འགོག་ཅི་ཐུབ་ཀྱིས་སོ་སོའི་ཀླད་པ་དཀྲུག་དཀྲུག་གཏོང་བར་འབད་རྒྱུ་དང་། རང་དང་འཚམ་པའི་སློབ་གཉེར་གྱི་བྱེད་ཐབས་གསར་བ་རེ་འཚོལ་བར་བརྩོན་རྒྱུ་ནི། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པའི་གསང་བ་དམ་པ་དེ་ཡིན་པར་བཤད། དེ་ལྟར་སློབ་བཉེར་བྱ་སྐབས་དང་འཚོ་བའི་ཁྲོད་ཀྱི་བྱ་བ་ཆེ་མ་གསུམ་གང་ཞིག་ལ་འཇུག་སྐབས་ཀྱང་སྔར་དང་མ་འདྲ་བའི་བྱེད་ཐབས་གསར་བ་རེ་སྤྱོད་ཐབས་ལ་གོམས་འདྲིས་བཏང་བ་ཡིན་ན། དེའི་ཤུགས་རྐྱེན་གྱིས་མ་འོངས་པར་གསར་གཏོད་མཁན་རླབས་ཆེན་ཞིག་ཏུ་འགྱུར་རྒྱའི་རེ་བ་ཡང་ཤིན་ཏུ་ཆེ་བས། དང་ཐོག་ཆུང་ས་ནས་གསར་གཏོད་ཀྱི་བསམ་བློ་གསོ་སྐྱོང་བྱ་ཤེས་རྒྱུ་ནི། གནད་དུ་ཆེ་བ་དེ་རེད། ཕ་མ་ཞིག་ལ་མཚོན་ན་ཡང་བྱིས་པའི་སྒེར་ཚུགས་ཀྱི་གཤིས་ཀར་བརྩི་མཐོང་བྱེད་ཤེས་རྒྱུ་དང་། བྱིས་པའི་མཚར་སྣང་ལ་འདེང་འཇོག་ཆེན་པོས་གསར་གཏོད་ཀྱི་ལས་ལ་བསྐུལ་ཤེས་རྒྱུ་དང་། བྱ་བ་འདྲ་མིན་སྣ་ཚོགས་ལ་འཚོལ་བསྙེག་དང་ཚོད་ལྟ་བྱེད་པར་དགའ་མཁན་ཞིག་ཏུ་གཏོང་རྒྱུ་ནི། བྱིས་ཚོའི་མཐའ་མེད་པའི་འཇོན་ནུས་སྣ་ཚོགས་སྔོག་འདོན་བྱེད་པའི་མན་ངག་དམ་པ་དེ་ཡིན་པ་ཡང་རྗེས་སུ་དཔོག་ནུས་པས། དེ་དག་ལ་སོགས་ཀྱིས་མཚོན་པའི་བྱ་བ་ཆུང་ས་ནས་མགོ་བརྩམས་ཏེ། ལམ་ཁ་གསར་བ་དང་ཐབས་ལམ་གསར་བ་རེ་འཚོལ་ཤེས་ཀྱིས་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི། གང་ལས་ཀྱང་གལ་ཆེ་སྟབས། ང་ཚོས་མཉམ་དུ་ལས་དེར་ཅི་ནུས་ཀྱིས་འབད་པར་བྱའོ།།
རྫོགས་སོ།། ་་་

བཟའ་ཚང་གི་བརྩེ་དུང་།

སྐྱེས་པ་ཞིག་གིས་བུ་མོ་མཛེས་མ་ཞིག་དང་གཉེན་སྒྲིག་བྱས། ཁོ་ནི་མོ་ལ་བརྩེ་བ་ཧ་ཅང་ཆེ། ཐེངས་ཤིག་ཁོ་མོར་པགས་ནད་བྱུང་སྟེ་མོའི་མཛེས་སྡུག་ག་ལེར་ཉམས་འགོ་ཚུགས། དེ་དང་སྟབས་བསྟུན་གྱི་ཉི་མ་གཅིག་ལ། ཁོ་མོའི་ཁྱོ་ག་ཡུལ་སྐོར་སྤྲོ་འཆམ་ཞིག་ཏུ་ཕྱིན། ཁོ་ཕྱིར་ལ་ལོག་པའི་ལམ་བར་དུ་རྐྱེན་ངན་ཆག་སྒོ་ཞིག་བྱུང་སྟེ། ཁོའི་མིག་ཟུང་ལ་གནོད་སྐྱོན་ཐེབས་ནས་མིག་དབང་ཉམས་པར་གྱུར། གང་ལྟར་ཡང་། ཁྱོ་ཤུག་གཉིས་ཀྱི་མཛའ་བརྩེ་ནི་སྔར་བཞིན་གནས། འོན་ཀྱང་། ཉིན་དུ་མ་འདས་པ་དང་དུས་མཚུངས་སུ། ཁོ་མོའི་མཛེས་སྡུག་རིམ་གྱིས་ཉམས་སོང་། ཁྱོ་ག་མིག་ལོང་གིས་དེ་མ་ཤེས་པས། ཁྱོ་ཤུག་གཉིས་ཀྱི་གཉེན་སྒྲིག་བྱས་ཟིན་པའི་སྤྲོ་སྣང་ལ་འགྱུར་ལྡོག་མ་བྱུང་། ཁོས་ཁོ་མོར་བརྩེ་བ་སྔར་ལྟར་བྱས་པ་དང་ཁོ་མོས་ཀྱང་ཁོ་བརྩེ་བ་ཆེན་པོས་བསྐྱངས།

ཉི་མ་གཅིག་ཁོའི་ཆུང་མ་སྐས་འཛེག་ལས་འགྱེལ་ཏེ། མགོ་ལ་རྨས་སྐྱོན་ཚབས་ཆེན་བྱུང་སྟེ་ཚེ་ལས་འདས་སོང་། ཁོ་མོ་ཤི་བས་ཁོ་ལ་སྡུག་བསྔལ་ཚད་མེད་བྱིན། ཁོས་ཁོ་མོའི་ཤི་ཆོས་ཡོངས་རྫོགས་བསྒྲུབས་ཚར་བ་དང་གྲོང་རྡལ་དེ་ལས་འགྲོ་རྒྱུ་བྱས། རྒྱབ་ལོགས་ནས་མི་ཞིག་གིས་བོས་ནས། ད་ཁྱོད་ཁེར་རྐྱང་དུ་ཇི་ལྟར་འགྲོ་ནུས་སམ། ད་བར་དུ་ཁྱོད་ཀྱི་ཆུང་མས་ཁྱོད་ལ་རོགས་བྱས་པ་རེད་ཟེར།
ཁོས། ང་ལོང་བ་མིན། ང་ལོང་བ་མིན་ཡང་ལོང་བ་ཡིན་པའི་ཚུལ་དུ་བརྫུས་དོན་ནི། གལ་ཏེ་ཁོ་མོས་ངས་མོ་རང་གི་མི་སྡུག་པའི་བཞིན་རས་དེ་ཤེས་ཡོད་པ་ཧ་གོ་སོང་ན། ཁོ་མོས་ནད་ལས་ལྕི་བའི་ན་ཟུག་མྱོང་ངེས་རེེད། དེས་ན། ངས་དུས་ཡུན་དེའི་རིང་དུ་ལོང་བར་བརྫུས་ནས་བསྡད། ཁོ་མོ་ནི་ཆུང་མ་དཔེ་མེད་ཅིག་རེད། ངས་ཁོ་མོའི་བདེ་སྐྱིད་རྒྱུན་སྐྱོང་བྱ་འདོད་སོང་བ་ཁོ་ན་ཡིན། སྐབས་ལན་རེར་མིག་ཟུང་ལོང་བའི་བྱ་སྤྱོད་ཀྱིས་ང་ཚོར་ཕན་ཐོགས་སྦྱིན། བདེ་སྐྱིད་ཀྱི་ཆེད་དུ་དུས་ཐུང་སྣང་མེད་བྱས་པ་ཡིན། མི་ཚེ་བདེ་སྐྱིད་འབྱུང་སླ་བར་བྱ་ངན་ཆུང་ངུའི་སྐོར་སྣང་མེད་བྱ་རྒྱུ་གལ་ཆེན་རེད་ཅེས་བསྙད་དོ།།

༢༠༢༢-༡༡-༡༣
སྒྱུར་མཁན། ཀ་ར།

གྲོགས་པོ་གཉིས་ཀྱི་མཚར་སྒྲུང་།
གྲོགས་པོ་གཉིས་ནགས་ཚལ་ན་འགྲོ་བཞིན་པའི་སྐབས། དོམ་གཅིག་ཁོ་གཉིས་ཀྱི་སྟེང་དུ་མཆོང་ཡོང་བས། མི་གཅིག་བྲེལ་འཚུབ་ངང་བྲོས་ཏེ་སྡོང་བོ་ཞིག་ཏུ་འགོས་ཏེ་ཡིབས་ནས་བསྡད་པ་དང་། གཞན་དེ་སྔར་གྱི་ས་ནས་འབྲི་ཁོམ་མ་བྱུང་བར་ལུས་པས། ཐབས་ཟད་འུ་ཐུག་ངང་སར་འགྱེལ་ནས་ཤི་རྫུ་བྱས་པའོ།། དོམ་ཁོའི་རྩར་སོང་ནས་ཡང་ཡང་སྣོམ་པའི་ཚེ། མི་དེས་དབུགས་ཀྱང་འབྱིན་མི་ཕོད་པར་གྱུར།། དོམ་གྱིས་ཁོའི་གདོང་ལ་སྣོམ་ཙམ་བྱས་ཏེ། དེ་ནི་མི་ཤི་བོ་ཞིག་ཏུ་སྙམ་སྟེ་དེ་དང་ཁ་བྲལ་བའོ།། དོམ་སོང་བ་ན་སྡོང་མགོ་ན་ཡིབས་པའི་མི་དེ་མར་བབས་ཏེ། མི་དེ་ལ་དོམ་གྱིས་ཁྱོད་ཀྱི་རྣ་རྩ་ནས་ཅི་ཞིག་བཤད་པ་ཡིན། ཞེས་གད་མོ་དགོད་བཞིན་དྲིས་པ་ལ། མི་དེས་སྨྲས་པ། དོམ་གྱིས་ང་ལ་ཉེན་ཁར་ཐུག་སྐབས་རང་གི་གྲོགས་པོ་བསྐྱུར་ཏེ་འབྲོས་མཁན་ནི་མི་ངན་པ་ཡིན་ཞེས་བཤད་འདུག ཞེས་ལན་བཏབ་པའོ།


发布     👍 0 举报 写留言 🖊   
✋热门推荐
  • 韩国网友号召为螺蛳粉申请非遗????
  • 惊呆了!素媛凶手将被释放具体是什么情况?这到底是个什么梗
  • 迪士尼收购福克斯、Netflix上位,好莱坞“新六大”重新洗牌
  • 6省份深度老龄化,两因素叠加导致,将面临什么问题?
  • 首款产后抑郁症药问世、小猪佩奇被批性别歧视、东京奥运火炬揭晓丨今日天下
  • 郑爽发布会扇嘴巴,演绎“疼痛”青春 网友:是个狠人
  • 三星长女滥用麻醉 网友却纷纷提起“凤凰男”前夫
  • 关晓彤晒清宫装造型,手拿小帕娇羞动人,话题一夜之间上热搜!
  • 阴曹地府货币发行量即将输给委内瑞拉
  • 刀锋|重磅!科创板首批名单出炉(概念股大全)
  • 沪指坚守3100点?写在跌破2440之前...
  • 流浪大师真实身份是什么?抖音流浪大师背景资料
  • 英国究竟想干啥?梅姨要求推迟脱欧日期三个月
  • 什么情况?杨幂胜诉后发声 这到底是个什么梗
  • 五一放假四天,高速免费!但别高兴太早…
  • 首节27分,末节连得13分收割比赛,球迷不退场,全体起立致敬哈登
  • 倪萍董卿同框 央视两代当家女主持人此番跨界充满童趣
  • 全国中小学百强榜来了!广西有这些学校入选!
  • 湖人不敌篮网,无缘季后赛
  • 全联盟年薪前十的球员,只有他和詹姆斯无缘季后赛!