བདག་ནི་དུད་འགྲོར་གྱུར་ན་ཡང་། །
ཐུབ་པའི་གསུང་རབ་རིན་པོ་ཆེའི། །
གླེགས་བམ་མཐོང་ནས་དགའ་བ་དང་། །
ཀུ་ཅོ་བྱེད་ཅིང་རྒྱུག་པར་ཤོག །
འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
ཐུབ་པའི་གསུང་རབ་རིན་པོ་ཆེའི། །
གླེགས་བམ་མཐོང་ནས་དགའ་བ་དང་། །
ཀུ་ཅོ་བྱེད་ཅིང་རྒྱུག་པར་ཤོག །
འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
མི་ཚེ་ཡི་རྨི་ལམ།
ཁྱུང་སྨུག་ལོང་གིས།
བགྲང་བྱ་དུ་མའི་རིང་མི་ཚེ་དཀའ་སྡུག་གིས་བསྐྱལ་ཟིན
འབྱུང་འགྱུར་གྱི་ལམ་བུ་ཡང་དེ་ལྟར་ཡིན་ངེས
ཕུགས་འདུན་གྱི་ཆེད་དུ་སྐབས་རེར
ཡོད་ཚད་བློས་གཏོང་ཕོད་པའི་སྙིང་སྟོབས་ཀྱང་བསྐྱེད་མྱོང་ལ
མཚམས་རེར་ཡི་ཆད་ཀྱི་མུན་པར་ཚུད་དེ
བློ་ཕམ་དང་འགྱོད་གདུང་གི་རེག་བྱ་ཡང་ཚོར་མྱོང
གང་ལྟར་ཡང
མི་ཚེ་ཡི་དར་རྒུད་ནི་དུས་བཞི་ཡི་འགྱུར་ལྡོག་ལྟར་འཁོར་གྱིན་ཡོད་པས
མཚམས་མཚམས་སུ་སྐྱོ་སྡུག་གིས་འགྲེང་དགོས་པའང་ཆོས་ཉིད་ཅིག་རེད
ནམ་ཞིག་ལ་ཅི་ཡང་ལེགས་གྲུབ་མ་བྱུང་བར་སྐྱོ་སྡུག་གི་ཁ་བ་ལྷབ་ལྷབ་འབབ་པའི་དགུན་གཞུང་དེར་འཚོ་དགོས་ཀྱང
དེ་ནི་མ་བསྐུལ་དང་བླང་གིས་ཕྲག་སྟེང་དུ་བླངས་པའི་རང་ཉིད་ཀྱིས་འཚོལ་སྙེགས་དེ་ཡིན་ངེས།
སྤྱི་ཟླ། 11。 14。 ལ་བྲིས།

其他人如何看待你的行为并不重要,你需要的是一个清净的心。—顶果钦哲法王
སེམས་ཅན་གཞན་དང་གཞན་གྱིས་རང་གི་སྦྱོར་བ་ལ་རྣམ་འགྱུར་ག་འདྲ་ཞིག་འཛིན་པ་ནི་དམིགས་པར་བྱ་བ་གཙོ་བོ་དེ་མ་ཡིན་པར། སོ་སོ་ལ་ཉེ་བར་མཁོ་ཞིང་ལྷག་པར་དགོས་པ་ནི་སེམས་དྲི་མས་མ་གོས་ཤིང་སྐྱོན་གྱིས་མ་བསླད་པ་ཞིག་གོ །

✋热门推荐