བཟོད་སྒོམ་བྱས་ན། གྱོང་རག་པ་ཡིན་ཞེས་པའི་ལྟ་ཚུལ་དེ་འགྲིག་གམ།
ཚན་པ་གཉིས་པ།
གཞན་གྱིས་ཚུར་དེ་འདྲའི་གཏུམ་སྤྱོད་ཚ་བོ་བསྟན་ཡོང་བའི་སྐབས་དེར་ང་ཚོས་མུ་ནས་བཟོད་པ་དང་དུ་ལེན་དགོས་སམ། སྐབས་དེ་འདྲར་བཟོད་པ་དང་དུ་བླངས་ན། ཕན་ལས་གནོད་པ་མི་ཆེ་བའི་རྒྱུ་མཚན་གང་ཡིན། ལྷག་པར་གཞན་གྱིས་ཚུར་དོན་མེད་དུ་སྡིགས་དམོད་བྱེད་པ་སོགས་ཚུལ་མཐུན་མིན་པའི་བྱ་སྤྱོད་སྣ་ཚོགས་བསྟན་ཡོང་སྐབས་ཅི་ནུས་ཀྱིས་བཟོད་སྒོམ་ལ་འབད་ན། སོ་སོ་རང་ངོས་ནས་གྱོང་རག་མེད་པ་དང་རང་ལ་དོན་དངོས་ཀྱི་ཐོབ་བྱ་དང་ཁེ་ཕན་ཅི་ཞིག་འབྱུང་ངམ། ཕ་རོལ་བོ་གུ་ཡངས་ལ་བཏང་བ་དེས། རང་དོན་ཅི་ཞིག་འགྲུབ་བམ་ཞེས་སོགས་ཀྱི་དྲི་བ་མང་བོ་ཞིག་ཀྱང་ང་ཚོ་ཕལ་ཆེ་བར་སླེབས་སྲིད། ཆོས་གཞུང་ལས་བཟོད་པའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་སོགས་ཟབ་ཅིང་རྒྱ་ཆེ་བ་མང་བོ་གསུངས་ཡོད་མོད། དེང་དུས་ཀྱི་ང་ཚོའི་མི་རབས་འདིས་ནི། སྐྱེ་བ་ཕྱི་མ་ཕན་ཆད་དང་འབྱུང་འགྱུར་གྱི་ཁེ་ཕན་དང་དགེ་འབྲས་ལ་བསམ་བློ་གཏོང་བར་མི་ནུས་པར་མིག་སྔར་གྱི་རང་དོན་དང་ཁེ་ཕན་ཙམ་ལ་དམིགས་འགྲོ་བས། བཟོད་པ་སྒོམ་པ་དེ། གཞན་དོན་བྱེད་པའི་ཡན་ལག་ཙམ་མ་ཡིན་པར་དེས་ནི། ཁ་ཡོད་ལག་ཡོད་ཀྱི་རང་དོན་ཅི་ཞིག་འགྲུབ་ཡོང་བ་དེ་རྩལ་འདོན་གྱིས་བཤད་དགོས་པར་འདུག་པས། དེ་ཉིད་རགས་ཙམ་གླེང་ན།
ཕ་རོལ་བས་ཚུར་རྣ་བར་གཟན་པའི་ཚིག་རྩུབ་ཇི་ཙམ་སྨྲས་པ་དང་གནོད་པ་ཇི་ཙམ་བྱས་པ་དེའི་ཚོད་ཀྱི་གནོད་ལན་ཞིག་ཕྱིར་སྤྲོད་མ་ཐུབ་ཚེ། རད་ཉིད་ཉམ་ཆུང་སྡར་མ་ཞིག་ཡིན་པར་སྣང་བ་དང་། རང་ཉིད་ཀྱིས་གྱོང་རག་སོང་བར་འདོད་པ་དེ་ནི། འུ་ཅག་ཕལ་ཆེ་བར་མ་བཅོས་ལྷན་སྐྱེས་ཀྱིས་ཡོང་བའི་གནས་སྐབས་ཀྱི་སྒེར་སེམས་ཉི་ཚེ་བ་ཙམ་ཡིན་མོད། དོན་དམ་དུ་ཕྱིར་གནོད་ལན་སྤྲད་པ་དེས། རང་ལ་ཚུར་གནོད་པ་བྱས་པ་དེ་ལྡོག་སྲིད་དམ། ཡང་ན་གནས་སྐབས་ཀྱི་སྡུག་བསྔལ་དེ་མེད་པར་བྱེད་ཐུབ་བམ་ཞེ་ན། ཕྱིར་གནོད་ལན་སྤྲད་པ་དེ། སྔར་གྱི་གནོད་པ་ལྡོག་ཐབས་སུ་གཏན་ནས་མི་འགྲོ་བ་ཙམ་དུ་མ་ཟད། སྔར་ལས་ཀྱང་རང་གཞན་གཉིས་ལ་གནོད་པའི་མཇུག་འབྲས་མི་ལེགས་པ་མང་བོ་ཞིག་རང་བཞིན་གྱིས་དྲངས་ཡོང་བ་དེ་ཡང་། ཀུན་གྱིས་མྱོང་བས་གྲུབ་ཡོད་ལ།ཕྱིར་གནོད་ལན་སྤྲད་པ་དེས། རང་གི་གནོད་པ་ལྡོག་འདོད་ཀྱི་རེ་བ་དེ་མི་འགྲུབ་པའི་སྟེང་ལ་དེ་ལས་ཐུ་བའི་སྡུག་བསྔལ་མང་བོ་བསུས་ཡོང་བས། གནོད་ལ་གནོད་ལན་འཇལ་བ་དེས་ནི། རང་དོན་ཡང་ཉི་ཚེ་བ་ཙམ་ཡང་མི་འགྲུབ་པ་གསལ་བོ་རེད། དེ་བས། ཆོས་གཞུང་དག་ན་ཡང་། བཟོད་པ་སྒོམ་དགོས་པ་དང་ཁོང་ཁྲོ་བྱ་བར་མི་རིགས་པར་སྟོན་པའི་སྐབས་སུ། ཕྱིས་ཀྱི་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་ཡོད། དེའི་དོན་ནི་གསལ་བར་བཤད་ན། ང་ཚོས་སྡུག་བསྔལ་མེད་པར་བྱེད་པའི་ཐབས་སུ་གནོད་ལན་སྤྲད་པ་ཡིན་མོད། དོན་ལ་གནོད་ལན་སྤྲད་པ་དེས། སྡུག་བསྔལ་མེད་པར་བྱེད་མ་ཐུབ་པ་མ་ཟད། སྔར་ལས་ཆེ་བའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་ཡིན་པས། སྡུག་བསྔལ་འདོར་འདོད་པ་དང་གནོད་ལན་སྤྲོད་འདོད་པའི་བསམ་བློ་དེ་གཉིས་ཐད་ཀར་འགལ་བ་སྟག་སྤྲོད་ཆགས་ཡོད་པ་གསལ་བསྟན་པ་འདུག་པ་དེ་རེད། ད་དུང་དོན་འདི་ཉིད་གསལ་བྱེད་ཀྱི་ཆེད་དུ་ཆོས་གཞུང་དག་ན། དཔེ་ངོ་མཚར་བ་ཞིག་གི་ལམ་ནས་ར་སྤྲོད་གནང་ཡོད་དེ། དཔེ་དེ་ནི། སྨན་པ་མཁས་པས་གནད་གསོ་བའི་ཐབས་སུ་གྱུར་བ་གཙགས་བུ་རྣོན་པོས་གཏར་བའི་སྡུག་བསྔལ་ལ་བཟོད་པར་བྱ་བ་ལྟར། ཕུགས་ཀྱི་སྡུག་བསྔལ་མཐར་ཡས་པ་ལྡོག་པའི་དོན་དུ་འཕྲད་ཀྱི་སྡུག་བསྔལ་ཆུང་ངུ་ལ་ཆེས་ཤིན་ཏུ་བཟོད་པར་རིགས་སོ་ཞེས་གསུངས་ཡོད། དེས་ན། སྨན་པས་གཙགས་བུ་རྣོན་པོ་གཏར་བའི་གནས་སྐབས་ཀྱི་སྡུག་བསྔལ་ལ་བཟོད་སྒོམ་བྱེད་པ་དེ་ནི། རང་གི་ནད་གསོ་བའི་ཐབས་དང་ཕུགས་ཀྱི་སྡུག་བསྔལ་མཐའ་ཡས་པ་ལྡོག་པའི་དོན་དུ་ཡིན་པ་ལྟར། ཚིག་ལ་ཚིག་ལན་དང་གནོད་ལན་གནོད་ལན་མི་སྤྲོད་པར་གནས་སྐབས་ཁོག་རྒྱ་ཆེར་བསྐྱེད་ཀྱིས་བཟོད་པ་དང་དུ་ལེན་པ་དེ་ཡང་། དོན་ལ་རང་སྟེང་དུ་ཕུགས་ཀྱི་མཇུག་འབྲས་མི་ལེགས་པ་དང་སྡུག་བསྔལ་སྣ་ཚོགས་མི་འབྱུང་བར་བྱེད་པའི་ཁ་ཡོད་ལག་ཡོང་ཀྱི་རང་དོན་སྒྲུབ་ཚུལ་ཁྱད་མཚར་ཡིན་པ་ཡང་ཅིས་ཀྱང་ཤེས་དགོས་ཡོད། མ་ཟད་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་ལས་ཀྱང་། གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན།། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི་ཞེས།། ཕྱིར་གནོད་ལན་སྤྲད་ན། སྔར་གྱི་གནོད་པ་དེ་ལྡོག་འགྲོ་བ་ཡིན་ནམ། མི་ལྡོག་ན། ཅིའི་ཕྱིར་གནོད་ལན་སྤྲད་པ་ཡིན་ནམ་ཞེས་ང་ཚོར་དྲི་བ་ཚ་ཐག་ཆོད་ཅིག་བཏང་ཡོད་ལ། དྲི་བ་གནད་དུ་ཆེ་བ་འདི་གཅིག་པོས་ཀྱང་། ང་ཚོར་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་བར་ཕྱེས་ཡོད་པ་དེ་རེད། འདི་དག་ནི། བླང་དོར་ཡོད་ཚད་རྒྱུ་མཚན་དང་རིགས་ལམ་ནས་སྨྲར་བར་མཁས་པའི་ནང་ཆོས་ཀྱི་ཐུན་མིན་གྱི་མཛེས་དེ་ཡང་ཡིན་པ་རེད།
མུ་འགོད། ་་་་་

སྤྱི་ལོ 2022 ལོ་ཟླ་བ 11 ཚེས་15 ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གྱིས་ཁྱབ་བསྒྲགས་བྱས་པར་ལྟར་ན། འདི་ལོ་འཛམ་གླིང་གི་སྤྱིའི་མི་འབོར་དུང་ཕྱུར80ཟིན་པ་དང་། རྒྱ་གར་འདི་ཉིད་མི་འབོར་ཆེ་ཤོས་རྒྱལ་ཁབ་ཨང་དང་པོར་གྱུར་བ། འདས་པའི་ལོ11 ནང་འཛམ་གླིང་མི་འབོར་དུང་ཕྱུར 70 ནས 80བར་འཕར་བ། ལོ་རེར་ཆ་སྙོམས་མི་འབོར་ཁྲི་དགུ་སྟོང་ལྷག་མང་དུ་འགྲོ་བཞིན་ཡོད་པ། མི་འབོར་འཕར་ཚད་མྱུར་ཤོས་ཀྱི་ས་ཁུལ་ནི་འཚོ་བའི་ཆ་རྐྱེན་ཞན་པའི་ཧྥེ་གླིང་རྒྱལ་ཁབ་ཁག་དང་། འཕེལ་རྒྱས་འགྲོ་བཞིན་པའི་ཡ་གླིང་གི་རྒྱ་གར་རྒྱ་གར་ཡིན་འདུག་པ་དང་། དར་རྒྱས་ཆེ་བ་དང་འཚོ་བའི་ཆུ་ཚད་མཐོ་བའི་ནུབ་གླིང་རྒྱལ་ཁབ་ཁག་དང་། ཤར་ཕྱོགས་ཀྱ་ི་ཉི་ཧོང་དང་། ལྷོ་ཁོ་རི་ཡཱ་སོགས་ཀྱི་མི་འབོར་མར་ཆག་པའི་གནས་ཚུལ་སྤེལ་བ།

बुद्धं शरणं गच्छामि।
བུདྡྷཾ་ཤ་ར་ཎཾ་གཙྪཱ་མིས།
སངས་རྒྱས་ལ་སྐྱབས་སུ་མཆིའོ།།
我皈依佛

धर्मं शरणं गच्छामि।
དྷརྨཾ་ཤ་ར་ཎཾ་གཙྪཱ་མིས།
ཆོས་ལ་སྐྱབས་སུ་མཆིའོ།།
我皈依法

संघं शरणं गच्छामि॥
སཾ་གྷཾ་ཤ་ར་ཎཾ་གཙྪཱ་མིས།
དགེ་འདུན་ལ་སྐྱབས་སུ་མཆིའོ།།
我皈依僧


发布     👍 0 举报 写留言 🖊   
✋热门推荐
  • 范冰冰疑拜访恒大 这到底是个什么梗
  • 22岁女大学生埃航遇难!最后一条留言让人叹息...
  • 终于真相了!韩国前总统受审是怎么回事?背后原因详情介绍
  • 移动3g退网,5g应运而生。
  • 又谣传!!公司回应蔡琴去世,本尊如何回应?
  • 特斯拉全球涨价:特斯拉官方正式宣布:全球涨价3%左右,关闭门店数量减半
  • 被鲸鱼生吞之后
  • 《青春斗》定档!近期将登陆两大卫视,郑爽强势回归!
  • 胡兵疑似公布恋情,女方是《人们的名义》女一号,47岁美如少女
  • 汪峰女儿小苹果疑早恋?和童星互相点赞自拍,被疑二人隔空喊话!
  • 福特裁员7万人?业绩惨淡,股价大跌,百年汽车老店要完?
  • 宋家三胞胎上小学
  • C罗微博称赞武磊 C罗具体说了什么
  • 华为起诉最新进展:法院已给美国政府发传票
  • 湖南叫停槟榔广告,你还在吃这种「软毒品」吗?
  • 家中起火女童报警怎么回事?家中不慎起火孩子该怎么办?
  • 印度飞行员遭驱逐
  • 福山雅治被曝将离婚,曾被评为最想结婚的对象,结婚时让网络瘫痪_凤凰娱乐
  • 恭喜生命"字母表"喜提4名新成员!上新了,DNA!
  • 祝贺!我国成功发射“中星6C”卫星