ང་ནི་དེ་རིང་འབྲོག་གི་ཡུལ་ལ་ཡོད།།
འབྲོག་པའི་རི་ལུང་ཐང་གསུམ་ཉུལ་བཞིན་ཡོད།།
གསེར་གྱི་ཕྱེ་མས་རི་བོ་གཡོག་ནས་འདུག།
དངུལ་གྱི་ན་བཟས་ཆུ་བོ་བཀླུབས་ནས་འདུག།

ང་ནི་དེ་རིང་ཕ་ཡུལ་ཕྱོགས་ལ་ཡོད།།
ཕ་ཡུལ་རི་གྲོང་མང་པོར་ཕྱིན་ནས་ཡོད།།
འཚོ་བའི་མདངས་ལ་གཡང་ཞག་ཆགས་ནས་འདུག།
གཡང་གི་མུ་ཏིག་འོད་ཟེར་ཕྲོམ་མེར་འདུག།

ང་ནི་དེ་རིང་རང་ཡུལ་ཕྱོགས་ལ་ཡོད།།
རང་ཡུལ་ཕྱི་ནང་བར་གསུམ་མཐོང་ནས་ཡོད།།
ཕྱོགས་ཞེན་ཚེར་མའི་རྣོ་ཁ་དབལ་ནས་འདུག།
ཤེས་རིག་ནོར་གྱི་རྒྱན་ཆས་དབེན་ནས་འདུག།

ང་ནི་དེ་རིང་འུ་ཚོའི་གཞིས་ལ་ཡོད།།
འུ་ཚོའི་བཤད་སྟངས་མང་པོར་ཉོན་ནས་ཡོད།།
རྒྱལ་བསྟན་རང་ངོ་ཟོག་པོས་བསྒྲིབས་ནས་འདུག།
དད་པའི་ཁ་དོག་ནོར་གྱིས་ཚོས་ནས་འདུག།

太阳和月亮的光芒,即刻就照射在清澈澄净的水面。同样的,诸佛的加持总是加被在有强烈信心的人身上。阳光照射一切处,却只有放大镜聚焦之处才能引火燃草。当诸佛的慈悲通过你信心和恭敬心的放大镜时,加持的火焰就在你心中燃起。—顶果钦哲

ཉི་མ་དང་ཟླ་བའི་སྣང་བ་ནི་སྐད་ཅིག་མ་གཅིག་ལ་དྭངས་པའི་མཚོ་ངོས་སུ་ཤར་བ་ཇི་བཞིན། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ནི་དད་པ་ཤུགས་དྲག་པོ་དང་ལྡན་པའི་སེམས་ཅན་རྣམས་ལ་དུས་ལས་ཡོལ་བ་མེད་པར་ཅིག་ཅར་དུ་འཇུག་ངེས་ཡིན། ཉི་མའི་སྣང་བ་ནི་ཕྱོགས་རྣམ་ཐམས་ཅད་དུ་ཁྱབ་ཀྱང་། མེ་ཤེལ་གྱི་འོད་ལས་རྩྭ་རྣམས་མེ་རུ་འབར་བ་ཇི་བཞིན། སངས་རྒྱས་ཐམས་ཅད་ཀྱི་བརྩེ་བ་ནི་སོ་སོའི་དད་ཅིང་གུས་པའི་མེ་ཤེལ་ལས་བྱིན་རླབས་ཀྱི་མེ་ལྕེ་ནི་ང་རང་ཚོའི་སེམས་སུ་ཀུན་ནས་འབར་བར་བྱེད་དོ། །

མི་ཡུལ་གྱི་དག་ཞིང་།

གནས་གངས་ལྗོང་ཟེར་བའི་ཆོས་ལྡན་ུཡུལ།།
གངས་དཀར་པོ་མཛལ་གླིང་མཛེས་པའི་རྒྱན།།
རྗེ་གཉའ་ཁྲི་བཙན་པོའི་བཀའ་དྲིན་ཡིས།།
ཡུལ་འདི་ལ་རིག་པའི་བང་མཛོད་འཁྱིལ།།

སེམས་དཀར་པོའི་གདོང་དམར་མི་རིགས་འདི།།
གསེར་སེར་པོ་ལས་ཀྱང་ལྷག་ཏུ་མཛེས།།
མགོན་མཆོག་གསུམ་རྒྱལ་བའི་བྱིན་རླབས་ཡོད།།
སེམས་དད་པའི་མེ་ཏོག་འགྱུར་དུ་མེད།།

སྟོད་དབུས་གཙང་ལྷ་ཡི་ཞིང་ཁམས་རེད།།
སྨད་ཨ་མདོ་ཕུ་ནུའི་སྤུན་ཟླ་རེད།།
བར་ཁམས་པ་གདོང་དམར་མི་རིགས་རེད།།
ཕྱོགས་ཀུན་ནས་མེ་ཏོག་འདབ་མ་རེད།

འདས་སོང་པའི་ལོ་རྒྱུས་རྡོ་རིང་བརྗིད།།
དུས་ད་ལྟ་རིག་པའི་གནས་ལ་མཁས།།
མ་འོངས་པའི་གངས་ལྗོང་རྒྱུད་འཛིན་མཆོག
ཁྱེད་ངེད་གཉིས་ལས་དབང་གཅིག་པ་རེད།།

ལས་འདི་ལ་ཁ་དར་དཀར་པོ་ཟེར།།
དར་འདི་ལ་རྟག་བརྒྱད་རི་མོ་བཞུགས།།
ནང་ཕུ་ནུའི་རྟེན་འབྲེལ་སྨོན་ལམ་ཡོད།།
ཅི་བསམ་པའི་དོན་རྣམ་ལྷུན་གྲུབ་ཤོག

2022.11.18


发布     👍 0 举报 写留言 🖊   
✋热门推荐
  • 2⃣️抱狗狗 此生第一次产生了羡慕狗的情感(后来恍然大悟,既然羡慕狗,那就成为狗x)3⃣️听8遍双涡轮跑完麦昆对帝宝的名台词快乐溢出屏幕的アニヲタ实锤好好哦 好
  • 北北总结了9种常见的主力建仓手法,如果能将它们悟透,你也能轻松跟着主力盈利。关于跟着主力进场获利这个话题,北北可就要自夸一下啦,我在刚进入股市没多久,就明白入场
  • ◎印度央行行长沙克蒂坎塔-达斯表示,印度经济仍具韧性,在当前形势下,增长指标显示结果良好;预计10月通胀率将低于7%,预计今年印度经济将增长7%;印度通胀已经得
  • 来,一起批了我就笑疯……原本以为安慰一个人是“工作就是那样啦”“没事啦熬熬就过去了”“不开心就离职吧”“是啊现在工作都很难”“那你也得做”跟这些不一样,简单的一
  • 12、薄光寒寒,夜风冷冷,残月已起,天上人间,灯火闪闪,那些韶华不再,旖旎梦境不成,仍是孤灯浊酒。12.我也曾林间过,二十年换一眼花开落13.万般故事,不过情伤
  • 我很喜欢这样,也希望祺祺程程以后都要好好的!祺祺和程程我的两个宝贝,不管未来多么艰难,我们永远在你们身边!
  • 美国国家运输安全委员会13日表示,对撞机原因的调查将是漫长的过程,两架军机均未配备黑匣子。”格雷厄姆表示,调查人员面临的一个挑战是,这些飞机没有配备通常被称为“
  • 我们一直期待着未来,不满于现在的生活,却感到无可奈何,归结到底,还是对自己不自信,对自己所处的生活失望,可你会慢慢的发现生活就是这些琐碎的事情,当你接受了这样的
  • 总部位于加利福尼亚州的OmniVision新兴细分市场经理Devang Patel表示:“根据我们的实施,即使在您完成所有这些处理后,水印仍会保留在您的内容中,
  • 听说机体是根据某位主bo样子打造的神秘猎奇通道,机体本身是比较仿真的类型大面积的入口面,还能发出悦耳碰撞声机体内还有大颗粒凸起,使用的时候有额外的蹭蹭感有信心的
  • 就其实,别说我100斤了,我90斤又真的跟谁有关系啊如果不是靠身材挣钱的比如模特,被人羡慕能怎么样啊,毫无意义啊。大家真的可以做个选择,我觉得人生只剩下减肥挺令
  • 马斯克再挥屠刀:80%合同工周末突然被裁#推特# 自10月底收购推特以来,全球首富埃隆·马斯克在该社交媒体掀起的裁员风暴仍在继续。51岁的阿尔古亚西尔整个教练生
  • 青蛙王子婴儿洗衣液 【¥33.9】 【拍两件10斤】满减到手仅26.12抢!青蛙王子婴儿洗衣液 【¥33.9】 【拍两件10斤】满减到手仅26.12抢!
  • 善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖的人,乐于助人的人,懂得珍惜和感恩的人。善良是一种修养,善待他人
  • 人只有了解和掌握了天地变化的规律,采用正确的养生方法,才能使人体的生命活动符合天地变化的规律,从而保证人体健康长寿,百病不生养神为先养神是中医养生的一个核心
  • 朋友说不是吧可能单纯觉得你好看哈哈嘻嘻嘻那我也认可一下我自己吧晚上和朋友约吃了宵夜,开开心心的聊天,拍了很多照片,一直呆到了12点多,我好像可以很轻松的呆在这个
  • 乙的本质是善良的,但是被强大的七杀克的失去了善良的本性,所以乙酉这个干支里乙木是充满杀气的木,手里拿着刀如果地支没有帮身的那这个刀不是手术刀就是屠夫的刀,七杀旺
  • 穿过牌楼,一跨进马路,人们就立刻被沿途的壮美景色所吸引。穿过牌楼,一跨进马路,人们就立刻被沿途的壮美景色所吸引。
  • 3、花生糊美白网传:把花生制作成糊状,用其刷牙能美白牙齿,但效果微乎其微,反而增加刷牙困难,不如直接选择牙膏。4、食醋漱口网络上给出这样的解释:食醋中的酸能分解
  • 平安健康,快乐相伴,亲爱的耀文,生日快乐#刘耀文 十七炽发利刃开秋霜# #刘耀文0923生日快乐#上海半岛酒店 一场内外兼修的婚礼体验HOST SPACE -