བོད་དང་ས་འབྲེལ་བལ་ཡུལ་གྱི་མཐའ་མཚམས་ཤར་ཁུམ་པའི་ཡུལ་དང་དེར་ཡོད་པའི་ཁྲོམ་ར་གྲགས་ཅན་རྣམ་ཆེན་བྷ་ཛར་ཁྲོམ་ར། ༡༩༦༨ལོར།
Market day at Namche Bazaar, April, 1968. Photo ©: Bob Nichols.

༸འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་འབུམ་གྱི་མཛད་བྱང་རྣམས་ལས་བྱུང་བའི་ཁོང་གི་མཚན་གྱི་རྣམ་གྲངས།

༡༽བསེ་རུ་འོད་ལྡན་དཀར་པོ། ༢༽མི་ཕམ་འཇམ་དབྱངས་རྣམ་རྒྱལ། ༣༽མི་ཕམ་འཇམ་དཔལ་དགྱེས་པ། ༤༽འཇམ་དཔལ་དགྱེས་པ་འགྱུར་མེད་མི་བསྐྱོད་རྡོ་རྗེ། ༥༽མི་ཕམ་རྒྱ་མཚོ། ༦༽ཨ་ཛི་ཏ་བི་ཛ་ཡ། ༧༽མི་ཕམ་པ། ༨༽དྷཱིཿ མིང་པ། ༩༽དྷཱི་མིང་གཞོན་ནུ། ༡༠༽འཇམ་དཔལ་དགྱེས་པ། ༡༡༽མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེ། ༡༢༽མི་ཕམ་རྣམ་པར་རྒྱལ་བ། ༡༣༽བཙུན་ཆུང་མི་ཕམ་རྒྱ་མཚོ། ༡༤༽འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར། ༡༥༽མི་ཕམ་པ་མཚོ་འབྱུང་བཞད་པའི་གེ་སར། ༡༦༽མི་ཕམ་འཇམ་དབྱངས་བློ་གྲོས་རིག་པའི་དབང་ཕྱུག །༡༧༽བློ་གྲོས་རབ་གསལ་པདྨ་བཞད་པ། ༡༨༽འཚོ་བྱེད་ཨ་ཛི་ཏ་ས་མུ་དྲ། ༡༩༽འཇམ་དཔལ་རྡོ་རྗེ། ༢༠༽མི་ཕམ་རྣམ་རྒྱལ་རྒྱ་མཚོ། ༢༡༽མ་ཏི་བི་མ་ལ། ༢༢༽མི་ཕམ་འཇམ་དབྱངས་རྒྱ་མཚོ། ༢༣༽ མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ༢༤༽མི་ཕམ་རྣམ་པར་རྒྱལ་བ་མཚོ་བྱུང་བཞད་པའི་གེ་སར། ༢༥༽མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བ། ༢༦༽འཇམ་དཔལ་དགྱེས་པའི་རྡོ་རྗེ། ༢༧༽འཇམ་དཔལ་དགྱེས་པའི་རང་མདངས། ༢༨༽མ་ཏི། ༢༩༽འགྱུར་མེད་བསྟན་དར། ༣༠༽མི་ཕམ་བློ་གྲོས་དྲི་མེད། ༣༡༽མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། ༣༢༽མཉྫུ་གྷོ་ཥ་བི་ཛ་ཡ། ༣༣༽གཞོན་ནུ་བློ་གྲོས་དྲི་མེད། ༣༤༽ཨ་ཛི་ཏ་ས་མུ་དྲ། ༣༥༽དཔལ་ཆེ་མཆོག་དགྱེས་པ་རྩལ། ༣༦༽འགྱུར་མེད་མི་བསྐྱོད་རྡོ་རྗེ། འདི་ནི་དུས་འཁོར་གྱི་དབང་ནོད་པའི་ཚེ་གནང་བར་གསུངས། ༣༧༽ཟིལ་གནོན་དགྱེས་པ་རྩལ། ༣༨༽མི་ཕམ་རྡོ་རྗེ། ༣༩༽ཁམས་སྨྱོན་དཔའ་བོ་དབང་ཆེན་པདྨ་བཞད་པའི་རྡོ་རྗེ། ༤༠༽མི་ཕམ་འཇམ་དཔལ་རྡོ་རྗེ། ༤༡༽འཇམ་དཔལ་དགྱེས་པའི་རྡོ་རྗེ་ཆེ་མཆོག་དགྱེས་པ་རྩལ། ༤༢༽མི་ཕམ་ཟིལ་གནོན་དགྱེས་པ་རྩལ། ༤༣༽འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པ་རྡོ་རྗེ་བློ་གྲོས་དྲི་མེད་རྩལ། ༤༤༽འཇམ་དཔལ་འོད་གསལ་རྡོ་རྗེ། ༤༥༽པདྨ་བཞད་པ་རྩལ། ༤༦༽མི་ཕམ་རྣམ་པར་རྒྱལ་བ་པདྨ་བཞད་པ། ༤༧༽བནྡེ་བློ་གྲོས་དྲི་མེད། ༤༨༽ལྦེར་མ་བསེ་རུ་འོད་ལྡན་དཀར་པོ། ༤༩༽རྡོ་རྗེ་ཆེ་མཆོག་འདུས་པ་རྩལ། ༥༠༽དུན་མུ་ལེ་གཡུང་དྲུང་འོད་དཀར། ༥༡༽མི་ཕམ་འཆི་མེད་རྡོ་རྗེ། ༥༢༽མི་ཕམ་འོད་གསལ་རྡོ་རྗེ། ༥༣༽པདྨ་དགྱེས་པ། ༥༤༽མི་ཕམ་པདྨ་དབང་ཆེན་རྡོ་རྗེ། ༥༥༽མི་ཕམ་བློ་གྲོས་པདྨ་བཞད་པ། ༥༦༽མཉྫུ་ཤྲཱི་བཛྲ། ༥༧༽འཇམ་དཔལ་འོད་གསལ་རྡོ་རྗེ། ༥༨༽མི་ཕམ་བློ་བཟང་ཉི་མ། ༥༩༽འཇའ་ལུས་རྡོ་རྗེ།

མཚན་ཐོའི་མཇུག་བྱང་།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དབྱངས་མཁྱེན་པའི་གཏེར་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་བསྒྱུར་བ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་རྒྱ་མཚོའི་གསུང་འབུམ་གྱི་མཛད་བྱང་རྣམས་ལས་བྱུང་བའི་ཀུན་མཁྱེན་ཉིད་ཀྱི་མཚན་གྱི་རྣམ་གྲངས་རྣམས།

སྨིན་དྲུག་ཟླ་བའི་ཚེས་པ ༢༧ ནས་དབུ་གཟུང་སྟེ་མགོ་ཟླ་བའི་ཚེས ༢༦ བར་དུ་འདི་ག་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་གསང་ཆེན་ཉི་མ་གླིང་དགོན་གྱི་ཞགས་བརྒྱའི་འདུ་ཁང་ཆེན་མོ་སྐལ་བཟང་དོན་ལྡན་གླིང་དུ། ཉི་གླིང་དགོན་གྱི་མཁན་མཐོང་ལམ་ཡེ་ཤེས་ནས་ཀུན་མཁྱེན་མི་ཕམ་པའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་རྒྱུན་བསྩལ་བའི་སྐབས། ཅི་ནུས་ཀྱིས་གཞུང་རྣམས་ཀྱི་མཛད་བྱང་ལས་གསལ་བའི་མཚན་རྣམས་རིམ་བཞིན་ཟིན་བྲིས་སུ་བཏབ་སྟེ་མཚན་རྒྱས་བསྡུས་ཕལ་ཆེར་ཞིག་སོ་སོར་བཀོད་པས་སྡོམ་པས ༥༩ རེད་འདུག །དེ་ཡང་དམ་པ་གང་ཉིད་སྐུ་མྱ་ངན་ལས་འདའ་བའི་ཁར་ཆུ་བྱི་ལོའི་ས་ཟླའི་ཚེས་༡༨ལ། རྟེན་འདིར་སེམས་བསྐྱེད་ཀྱི་འཕེན་པས་སྨོན་ལམ་བཏབ་པའི་འབྲས་བུས་ནི་བདག་གི་མིང་ཙམ་ཐོས་པའི་སེམས་ཅན་ཐམས་ཅད་ཀྱང་། མཐར་རྗེ་བཙུན་འཇམ་དཔལ་གཞོན་ནུ་ལྟ་བུ་ཞིག་འབྱུང་བའི་བདེན་ཚིག་མངོན་སུམ་དུ་གྲུབ་པའི་རྟགས་ཡང་ཡང་བྱུང་། ཞེས་པའི་ཞལ་ཆེམས་ཡིད་ལ་བཅངས་ཏེ་དམ་པ་གང་གི་རྗེས་འཇུག་ཏུ་རྩེ་གཅིག་སྨོན་པའི་འདུན་པ་ཅན། འདུ་གསུམ་པ་རིགས་པའི་ཞུགས་སམ་རིན་ཆེན་མཚུངས་མེད་ཀྱིས་འཕར་བ་ལྕགས་གླང་ལོའི་འགོ་ཟླ་བའི་ཚེས ༢༥ མ་སྲིང་མཁའ་འགྲོ་འདུ་བའི་དུས་ལ་ཟིན་ཐོ་རུ་གྲུབ་པར་བྱས།

༼ ཚེ་མི་རྟག་པའི་དྲན་གསོས། ༽

སྣང་གསལ

བརྟེན་ན་ཉམས་དགའ་དབེན་པའི་རི་བསིལ་ཞིག་ཏུ། །
འཁོར་བའི་ཕུན་ཚོགས་རྒྱབ་ཏུ་དོར་བའི་བྱ་བཏང་། །
ཏིང་འཛིན་བསྒོམ་ལ་བཞུགས་པའི་རྣལ་འབྱོར་ཁྱེད་ལ། །
དད་པས་གསོལ་བ་འདེབས་བཞིན་འདི་ལྟར་འབྲི་འདོད། །

སྔོ་ལྗང་གཡུ་ཡི་ནེའུ་གསིང་དགའ་ཚལ་དེ་ན། །
ཡིད་འོང་མདངས་ལྡན་མེ་ཏོག་སྣ་མང་བཞད་ཀྱང་། །
སྐྱི་སེར་རླུང་གིས་བཅོམ་པའི་ངང་ཚུལ་མཐོང་ན། །
གཞོན་པའི་ལང་ཚོ་འདི་ཡང་སྐད་ཅིག་ཙམ་རེད། །

སྒེའུ་ཁུང་ནང་གི་རི་ཀླུང་ནགས་ཚལ་རྣམས་ཀྱང་། །
ལྗང་མདོག་གོས་དང་བྲལ་ནས་འགྲོ་བ་མཐོང་བས། །
ང་ཡི་སེམས་པ་སྟོན་ལོ་སེར་པོ་བཞིན་དུ། །
ཡར་མར་ཀུན་ཏུ་རླུང་གིས་ཁུར་ཏེ་ཐལ་ལོ། །

ལ་ཁའི་ཉི་མ་རྒས་པོ་ཕར་ཕར་འགྲོ་བས། །
ཤར་ཁའི་གྲིབ་མ་ནག་པོ་ཡར་ཡར་འགོས་ཐལ། །
ང་ཡི་མི་ཚེ་ལ་ཁའི་ཉི་མར་འགྲོགས་ཏེ། །
གཞོན་པའི་ལང་ཚོས་རི་ཆུ་བརྒལ་ནས་བུད་སོང་། །

ཡ་གི་དབེན་རིར་བཞུགས་པའི་ཨ་ཁུ་ཁེར་འདུག །
སྒོ་ཁའི་གྲིབ་མ་ནག་པོའི་ཚུར་ཚུར་བཅར་བ། །
འཆི་བདག་གཤིན་རྗེ་དྲན་པའི་གསོས་འདེབས་མིན་ནམ། །
གློ་བུར་འཆི་བདག་འོང་སྙམ་སེམས་ལ་ཡོད་དམ། །

རྐྱེན་ངན་ཐོག་རྒྱག་རང་གི་སྒོ་ཁར་ཐོན་དུས། །
གང་དགའ་ཅི་ཞིག་བྱེད་སྙམ་ཁ་མང་བློ་མང་། །
གལ་ཆེན་གནད་ལ་ཐུག་དུས་གཏད་སོ་བོར་བ། །
ཆོས་པ་ངོ་མ་ཞིག་གི་བྱེད་སྟེང་ཡིན་ནམ། །

ལྟོ་འགྲངས་ཉི་མའི་དྲོ་དུས་འཆི་བ་བརྗེད་འདུག །
འབྱུང་གཞིའི་འདུ་བ་འཁྲུགས་དུས་འཆི་བ་དྲན་འོང་། །
ཆོས་པའི་ཟོལ་གྱིས་རང་མགོ་རང་གིས་སྐོར་ཏེ། །
དབེན་པ་འཚོལ་བའི་ཉིང་དགོས་ཅི་ཞིག་ཡིན་ལགས། །

ད་ལྟའི་སྣང་བ་འདི་ཡི་ཕ་རོལ་དེ་ན། །
སྣང་བ་གཞན་ཞིག་མཆེད་པའི་དུས་ཤིག་ཡོད་སྐད། །
སྐབས་དེར་བླང་དོར་སྟོན་པའི་དགེ་བའི་བཤེས་ལ། །
འཕྲད་མིན་སེམས་ལ་ཤར་ཚེ་འཇིགས་སྣང་འོང་ངོ། །

ང་ཡི་མི་ཚེ་སྟོན་ལོ་སེར་པོ་བཞིན་དུ། །
ནམ་ཞིག་རྙིད་ནས་ལོ་འདབ་རླུང་གིས་ཁུར་དུས། །
ཚེ་འདིའི་སྣང་བ་འདི་ཡི་ཕ་རོལ་དེ་ན། །
ཆོས་མེད་རྣམ་ཤེས་ཤིག་གི་ལས་དབང་དྲན་ནོ། །

མི་ཚེའི་སྙིང་པོ་གང་ན་ཡོད་མེད་ཙམ་ཞིག །
མ་ཤེས་སྔོན་ནས་ང་རང་རྒས་པར་གྱུར་འདུག །
ད་ནི་འཆི་བ་ཁ་ནག་མ་ཐོན་གོང་ལ། །
ཅི་དགོས་མནོ་བསམ་གཏོང་བའི་དུས་ཚོད་མིན་ནམ། །

༢༠༢༢ ༡༠

༦ ལ་སེང་གེ་ཡང་རྫོངས་ནས་བྲིས།


发布     👍 0 举报 写留言 🖊   
✋热门推荐
  • 每个人的经历都不一样,举例来说,有些人可能是因为小的时候,家境不好,哥哥老跟你抢一个面包,结果哥哥抢赢了,你没有吃到那个面包,于是这个面包对你来说,就是生命中永
  • 我们一起为了这个目标而一起努力吧1本店所有产品属于绿色农产品,不支持退货,如果收到产品有坏果,或者质量有问题,请挑出来用手机拍摄出来向本店店长或者服务人员反映.
  • 今天是火锅day,吃一顿管一天,真的不饿[允悲](小刘今天洗了头发,年轻了十岁,立刻给我打视频,大部分时间他还是有点可爱的,夸夸他。爱画画的小孩,早饭前开始画,
  • 大会升级推介皖南川藏线、黄山世界遗产旅游风景道、皖浙1号旅游风景道、江淮分水岭风景道、大别山国家风景道、金寨县中国红岭公路、九华秘境风景道、繁昌慢谷旅游风景道、
  • 新疆光听名字,以为他是新的疆域,其实并非如此,我更想叫她西域。而梁梁以前最喜欢狗,可是去年他被网爆得恐怕都对狗这个字ptsd了……而这个黑称也是随着那几个著名的
  • #milenattawin[超话]# 【天空万圣节作品合集】 感谢画手大大带来每幅精彩的作品(图一) 画手:@Seven_洛(图二 图三) 画手:@荷包蛋黄酱
  • 名牌正品腕表价格高得惊人,为什么爱表人士明明能负担的起,却一直都热衷于一比一复刻精仿表。名牌正品腕表价格高得惊人,为什么爱表人士明明能负担的起,却一直都热衷于一
  • 2人の男性との間で恋に迷う主人公・櫻井いちこ(本仮屋ユイカ)の脳内には擬人化された5つの思考があり、八木は脳内の議長・吉田を演じている。お父さんの書庫にあった本
  • 我爱自由,可一生 活的拘束… 我没有那么大的能力 却想照顾好每个人我舍不得自己的娘家人受一点委屈可我把自己搞得真的很累我赚的大部分钱 都支援了父母可娘家 就像无
  • 这个车内饰的设计与颜值让人感觉特别高大上。这个车内饰的设计与颜值让人感觉特别高大上。
  • 她说完我瞬间破防了,她都知道是什么意思!还有很多角色,我看着他们的时候我不会想起来吴磊怎么样怎么样,我只知道我完全被他们吸引了,他们被他赋予了生命力。
  • 《想你》播出那年,全亚洲有一半的女孩都去剪了同款空气刘海,还为了同款咬唇妆买断了几乎全球的ysl荧光玫色口红。《想你》播出那年,全亚洲有一半的女孩都去剪了同款空
  • #青岛[地点]##曝光台#【欺骗投保人?#青岛[地点]##曝光台#【欺骗投保人?
  • 今日份 早饭打脸了打脸了 本来准备早上不吃 但是感觉好难 突发奇想做个焖面 自创的 想加啥加啥 煎了个蛋 炒了点蒜末 下西红柿和洋葱 加水 加蚝油生抽番茄酱 和
  • 注册泉州公司的好处:1、从2017年开始泉州政府放松部分政策,注册泉州公司在注册资金方面,可选择认缴制且不需要出具验资报告,大大减轻了注册新泉州公司的负担,需要
  • #内娱男流量一览表#本人印象,第一档:•搞过,考那啥之后不搞了•纵容砸我锅炉的盛世白莲花,晦气玩意儿•跳舞一绝,演戏发挥不稳定,看好•从镇魂开始搞他,搞了四年了
  • 值得注意的是,这两次整版推介的多个“山东好品”模型或实物,也进入了“奋进新时代”主题成就展山东展区,向全国人民诉说着山东的非凡努力,它们代表了“山东好品”的品质
  • 那些觉得高F就只值几十一百的 出门左转拼夕夕那些动不动就希望别人亏ben卖一双给你 然后介绍朋友来的 请高抬贵手 傻子都不做亏ben生意 我不缺钱 也不缺你和你
  • (注意⚠如果对苯扎氯铵过敏请不要贴身使用,因为再安全的成分比如护肤品都有过敏的可能性,可以用于家用消毒没问题)这款是1:200的高浓配方(使用时一定要充分稀释)
  • 今天是双11,生意还算不错,从早上7点钟到晚上21点钟才下班,今天接到了通知,明天上午不用做核酸,下午3点钟在开始,这是不是证明疫情要走了,昨天给周靖打了个电话