༄༅།།སློབ་མ་རྣམས་ཀྱི་ལུས་སེམས་བདེ་ཐང་ཡོང་བར་དམིགས་ཏེ། སློབ་གྲྭས་ནམ་རྒྱུན་དོན་སྙིང་ལྡན་པའི་བྱེད་སྒོ་འདྲ་མིན་སྒྲུབ་ཀྱིན་ཡོད། ཐེངས་འདིར་སློབ་མ་ཚོགས་པའི་ལུས་རྩལ་ཚན་ཁག་གིས་རྩ་འཛུགས་བྱེད་པའི་འོག་ཏུ། འདི་སྔོན་དུས་ཡུན་ཟླ་བ་གཅིག་ལྷག་གི་ཕྱི་དྲོའི་གུང་གསེང་དག་ལ། འཛིན་གྲྭ་ཁག་ལས་ཐོ་འགོད་བྱུང་བའི་ཕིང་ཕང་སྤོ་ལོ་འགྲན་ཞུགས་པ་ཕོ་མོ་རྣམས། སྔ་ཕྱིར་འགྲན་ཐེངས་དུ་མ་བརྒྱུད་དེ། ལོ་རིམ་ཁག་ལས་ཕིང་ཕང་སྤོ་ལོ་ཁེར་རྒྱག་དག་ཆ་རྒྱག་གི་འགྲན་ཞུགས་ཕོ་མོ་ཁག་ཅིག་བདམས་ཐོན་བྱུང་ཡོད་པ་དག ཁ་སང་ཉིན་དགུང་དུ་མཇུག་འགྲན་གྱི་སྔ་ཆ་སྟེ་ཆེས་རྗེས་མའི་གྲབས་འགྲན་ལ་ཞུགས་ཤིང་། དེ་རིང་ཕྱི་དྲོར་མཇུག་འགྲན་གྱི་ཕྱི་ཆ་སྟེ་ཕོ་མོའི་ཁེར་རྒྱག་དང་ཆ་རྒྱག་གི་སྔོན་གྱི་ཨང་རིམ་འགྲན་རྩོད་ལ་ཞུགས། འགྲན་ཞུགས་པ་ཚོའི་ལྒང་རྩལ་ཁྱད་དུ་འཕགས་པ་དེ་འདྲ་ཞིག་མིན་ན་ཡང་། སྔར་དང་བསྡུར་ན་ཡར་ཐོན་ཡོད་པའི་ཕིང་ཕང་སྤོ་ལོ་འགྲན་སྡུར་འདིས། ང་ཚོ་དགེ་སློབ་ལྟད་མོ་བ་རྣམས་ལ་དགའ་ཚོར་དང་སྐུལ་འདེད་ཀྱི་ཐལ་མོ་ཅབ་ཅབ་ཏུ་རྡེབ་པའི་གོ་སྐབས་མང་པོ་སྦྱིན་པར་བྱེད།
ཐེངས་འདིའི་ཕིང་ཕང་སྤོ་ལོ་འགྲན་སྡུར་སྔ་ཕྱི་བརྒྱུད་དེ། སློབ་མའི་ནང་དུ་ལུས་རྩལ་རྣམ་གྲངས་འདིར་དོ་སྣང་དང་དགའ་ཞེན་བྱེད་མཁན་ཇེ་མང་དང་། སློབ་མ་རྣམས་ཀྱི་སློབ་གསེང་ལུས་སྦྱོང་གི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་གང་འཚམ་ཐོན་ཡོད་དོ། །[鲜花][鲜花][鲜花]

#微博[超话]# ༄༅། །སྔར་སོང་རྗེས་དྲན།
2018.7.6–2018.9.27
བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་རྩ་བ་ཚིགས་རྐང་109དང་། དེའི་འགྲེལ་པ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཛད་པ་ཆ་ཚང་བ་ཞིག་སྤེལ།

༄༅།།མདང་སུམ་དེ་སྔོན་གྱི་སློབ་མ་ཞིག་ངའི་ཟུར་དུ་བསླེབས་བྱུང་། ངེད་གཉིས་ཐུག་མ་ཐག་ཁོང་གིས་ང་ལ། དེ་སྔོན་ལོ་ངོ་བཅུ་ཙམ་ལ་དགེན་དང་མ་ཐུག་པས། ད་ལྟར་དགེན་ལགས་ཅུང་རྒས་འདུག་ཟེར་བཞིན། ཁོང་གི་མགྲིན་པ་བརྣངས་ཤིང་མིག་མཐར་མཆི་མ་འཁོར་སོང་། སྐབས་དེར་ང་རང་ཡང་རྒས་རྟགས་མངོན་གསལ་དོད་ཟིན་པའི་ང་རང་ལ་སེམས་ཁྲེལ་ཞིག་སྐྱེས་བྱུང་།
དེ་ཡང་ཁོང་གིས་ལས་ཁུངས་ཀྱི་ནང་དུ་བྱ་བ་སྒྲུབ་རིང་། རྫོང་དེའི་མི་སྣའི་ལོ་རྒྱུས་དང་ས་མིང་། གནས་ཡིག་ཕྱོགས་བསྒྲིགས་སོགས། དམངས་ཁྲོད་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་དུ་གཏོང་བར་ལས་ཀ་མང་པོ་བསྒྲུབས་འདུག་ལ། ད་དུང་ཡང་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་ཀྱིན་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་དུ་འབད་བརྩོན་ཅི་ནུས་བྱ་འདོད་ཡོད་ཅེས་བཤད་བྱུང་། གཙོ་བོ་ཁོང་ལ་ལྷག་བསམ་དང་གཟུར་གནས་ཀྱི་སྤོབས་པ་ལྡན་པ་མ་ཟད། ལྷག་པར་དུ་དམངས་ཁྲོད་ཀྱི་དངོས་ཡོད་ལོ་རྒྱུས་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་དགོད་རྒྱུ་ནི། མི་རིགས་དང་མི་རབས་རྗེས་མར་འགན་འཁུར་བའི་ལས་ཀ་ཞིག་ཡིན་པར་ངོས་འཛིན་གནང་མཁན་ཞིག་རེད་འདུག་བསམས་བྱུང་།
ཁོང་གིས་རྫོང་དེའི་སློབ་ཆུང་དང་སློབ་འབྲིང་འདོན་དུས་ནས། རྗེས་སུ་ཁོང་གིས་འབྲིང་གཉེར་སློབ་གྲྭ་སྟེ་ཞིང་ཆེན་བོད་ཡིག་སློབ་གྲྭ་འདོན་དུས་ཀྱི་བར་དུ། ང་རང་ནི་ཁོང་གི་བོད་ཡིག་དགེ་རྒན་དང་སྐབས་རེར་འཛིན་བདག་བྱས་མྱོང་ཡོད་པས། ཁོང་ཉིད་ཐོག་མར་བྱིས་པ་བསམ་མེད་ཅིག་ཡིན་པ་ནས། ད་ནི་ས་ཁུལ་ཞིག་དང་མི་རིགས་ཤིག་གི་རིག་གནས་སྲུང་སྐྱོབ་བྱེད་པའི་བྱ་གཞག་རླབས་པོ་ཆེར་དགའ་ཞེན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་འདི་མཐོང་རྗེས་ང་རང་ནི་སེམས་པ་གཏིང་ནས་དགའ་བྱུང་།
ང་ཚོའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་ཁྲོད་དུ། ཁོང་དང་ཁོང་ལྟ་བུ་མིང་ཆེན་པོ་མེད་ཀྱང་། དོན་སྙིང་ལྡན་པའི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པ་དུ་མ་ཞིག་ཡོད་པ་ནི། དོན་དམ་ང་ཚོ་སློབ་གྲྭའི་གཟི་བརྗིད་ངོ་མ་དེ་ཡིན།
ཁོང་འགྲོ་ཁར་ང་ལ། དགེན་ལགས། ད་ནི་ཁྱེད་རང་ལོ་ན་ལྔ་བཅུར་སོན་ཟིན་པས། སྨན་ཁང་དུ་ལུས་ཕུང་བརྟག་དཔྱད་ལེགས་པོ་བྱས་ནས། འཕྲོད་བསྟེན་དམ་གཟབ་བྱ་རོགས། འདི་ནི་ངའི་རེ་བ་ཡིན་ཞེས་ནན་ཏན་དུ་བསྒོས་ནས་བུད་སོང་།
ཁོང་ཕྱིན་རྗེས། ང་རང་ང་རང་གི་ལུས་ཕུང་ལ་ཞེན་ཆགས་སྐྱེ་བཞིན་འདང་རྒྱག་གི་གཡང་དུ་ལྷུང་ངོ་།།


发布     👍 0 举报 写留言 🖊   
✋热门推荐
  • ”还有“这样很容易抑郁啊强迫做自己不喜欢的事” 哎哟冰冰我希望你真切开心 不要掉进泥沼里)11日晚久违地和初中同学们聚餐啦 讲到最近喜欢的爱豆 有点混kpop的
  • 今天在电话里收到了很多谢谢和表扬[抱一抱]也有微信和短信在跟进的,居然有人会为了夸夸专门发个朋友圈!昨晚跟红袖说起当防疫志愿者的事,她说sh的至少300r一天,
  • 当下就处理了一下伤口,然而好像并没有什么用,不久后还起泡了……好惨一女的,早知道穿个外套好了,早知道不吃好。我真的很爱我的外婆最近这二十天在朱家花园上班,自从爸
  • 然后我就觉得哇哦好酷然后又去搜了一下doom综合症,发现它有一个更酷炫的名字叫,【毁灭战士综合症】。关于【毁灭战士综合症】年年抱着小胖坐大巴回家,然后七点半到家
  • 近有一位意公子,投入地介绍“中国文学史上最可爱的灵魂”苏东坡,念及十年生死两茫茫,不思量,自难忘。在声光电的强烈刺激下,常会怀念古琴曲《阳关三叠》说是一首诗捧红
  • 现在人好多都是除了工作就是玩手机,然后就是不停的工作,幸福指数下降了很多,不管怎么样,在这个社会里,我要保持让自己活的快乐点,好多人说,好羡慕你的生活,独立自主
  • 往后余生,愿你只在乎在乎你的人。 感情里最怕的就是,错把自己的一颗真心,一腔热情,交付给一个根本不在乎自己的人,无论爱情或友情。 如果一个人不在乎你,就算你
  • 一个人待着的时候,看窗外的云和风,走在路上,看车辆来来往往,看晚霞落尽,看夜幕降临,突然脑海里就会响起BGM,生活要是也有伴奏就好了,我想永远积极向上,可总是有
  • 这里向大家透露一个秘密,那就是,如果我们在Access中设计了一个宏,当把这个宏命名为AutoExec时,那么每当打开开Access文件时,Access中的这个
  • #严浩翔[超话]##严浩翔十八岁生日快乐##严浩翔 音轨成诗十八拍# 浩翔 成年啦 我想这会是你最有意义的一次生日吧 真的像做梦似的怎么那么快就长大了啊宝贝 我
  • 世界并不像我们看起来那么美丽,感情也是如此,要学会面对一切挫折,这只是生活给我们的考验,世上无难事,只怕有心人。 世界并不像我们看起来那么美丽,感情也是如此,
  • 但一次吃自助餐的经历,却让他意外火了一把——当时他们三人结伴去吃自助餐,由于于海龙和大蒜涛的食量大,餐馆的老板对他们颇有微词。可虽说身体受到了一定损伤,也不能长
  • 建议看下港城市和港中文两所学校,申请都需要85+,难度相比港大低一些,同学这个背景,把雅思考出来,还是有希望拿offer的。(近两年名单越发严格,很难在捡漏)5
  • —源于自然 悦于肌肤—天女木兰提取物√适用于角质层薄弱肌肤√御氧焕颜,增强肌肤耐受性√减缓胶原蛋白纤维的降解 √持续维护肌肤弹性,上扬面部轮廓#成分党# #护
  • 两岁啦,嘿嘿农历我们不在,爷爷奶奶给过的,爸爸说阳历我们得买个蛋糕过一下,在二姐家,能在一起太难得了,宝贝,你一岁两岁蛋糕,都是爸爸给你选的,都是粉色的,哈哈哈
  • @摩登兄弟刘宇宁 #肆无惧燥 X 摩登兄弟刘宇宁[音乐]#女生想养鱼,男生有目的追求,真的太有意思一个想不明不白的暧昧,一个急于想要确立关系,可惜两个人根本不再
  • 神爱世人。老天爷、上帝、佛祖(还有很多是无知渺小的我不知道的)都是。他们都是将那些慈爱和包容撒向人间。微笑看着人们。求好就给我好,求爱给我爱。只是很多时候我没有
  •   据了解,内蒙古中农兴安种牛科技有限公司现有种牛203头,年采精能力达到350万剂,近几年通过资源整合,以整乡(村)推进的方式,集中在科右中旗、突泉县、科右前
  • 由于两人体能不佳,所以这几日的行程都略显松散,对我来说最可惜的便是没有喂到孔雀(孔雀园应该在原始森林公园)好像一定要把遗憾留到“下次见”来圆满似的。一个人带娃,
  • #就这一刻##心情日记[超话]# 昨天搬它之前:我可以把它搬回来昨天搬完之后:我是谁我在哪里我在干什么今天产生后果:手臂酸疼了一天[悲伤]我是不是得庆幸,小区自