༡༣ སྣ་ནམ་ཡེ་ཤེས།
#莲师[超话]#

སྒྲ་བསྒྱུར་ལོ་ཙཱའི་མཆོག་ཏུ་རབ་ཕྱིན་ཅིང་། །མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་འཛིན་པ་ཡིས། །ནམ་མཁའི་ལམ་ནས་གྱ་གྱུར་གཤེགས་མཛད་པ། །སྣ་ནམ་ཡེ་ཤེས་སྡེ་ལ་གསོལ་བ་འདེབས། །གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཡ་གྱལ། ཀཻ་ལ་ཤ་ཡི་ལྗོངས་འདིར་སྒྲ་བསྒྱུར་ཡོངས་ཀྱི་རྒྱལ་པོ་བཻ་རོ་སྐ་ཅོག་ཞང་གསུམ་གྲགས་པའི་ཞུ་ཆེན་གྱི་ལོ་ཙཱ་ཆེན་པོ་ཡེ་ཤེས་སྡེ་ནི། ཕྱི་ལོ་ལྟར་བརྒྱ་ཕྲག་བརྒྱད་པའི་ནང་ལ་སྣ་ནམ་གྱི་རིགས་སུ་སྐུ་འཁྲུངས། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལས་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་སྡོམ་པ་ནོད་ནས་འདུལ་འཛིན་གྱི་དབང་པོར་བཞུགས། མཁན་སློབ་ཀྱི་དྲུང་ནས་ལེགས་སྦྱར་གནས་ལ་སྦྱང་པས་མི་རིང་བར་སྒྲ་རིག་རྒྱ་མཚོའི་དབུས་སུ་བློ་གྲོས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པས་སྒྲ་མཁན་གདོང་དྲུག་ཀྱང་མི་སྨྲའི་བརྟུལ་ཞུགས་ལ་གནས། ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པའི་དྲུང་ནས་དཔལ་ཆེན་རྡོ་རྗེ་ཕུར་པའི་ཆོས་བཀའ་རབ་འབྱམས་ཞུས་ནས་བསྒྲུབ་པས་གྲུབ་ཅིང་ཕུར་པའི་བཀའ་བབས་ཆེན་པོར་བཞུགས་པས་ཕུར་པ་སྣ་ནམ་ལུགས་ཅེས་དར་ཁྱབ་ཆེན་པོ་བྱུང་། སྟོང་ཆེན་སྒེག་མོའི་ལྷ་ལམ་གྱི་ངོགས་སུ་བཞེངས་པ་དང་། བཞུགས་པ་དང་། འཆག་པ་སོགས་སྤྱོད་ལམ་བཞི་ཡི་ཟློས་གར་བསྒྱུར་བ་སོགས་གྲུབ་པའི་མཚན་མའང་མཐའ་ཡས་སྟོན་པར་མཛད་དེ། སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང༔ ཞེས་དང་། གཞན་ཡང་། སྒྲ་བསྒྱུར་བམ་གཉིས་ལས། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་ཞེས་སོགས་མདོར་ན་མཁས་གྲུབ་དམ་པའི་ཕ་རོལ་ཏུ་སོན། རྒྱལ་བའི་བཀའ་དང་དེ་དག་གི་དགོངས་འགྲེལ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མང་པོ་བསྒྱུར་བར་མཛད། མཁས་གྲུབ་ལོ་ཆེན་ཉིད་ཀྱིས་མཛད་པའི་བསྟན་བཅོས་མང་དུ་ཡོད་པར་གྲགས་ཏེ། ད་ལྟའང་དྷ་ཏི་རྒྱས་འབྲིང་བསྡུས་གསུམ་ལ་བརྟེན་པའི་ཡིག་སྣ་ཅི་རིགས་ཡོད་པར་སྣང་ངོ་། །འདིས་མཛད་པའི་བསྟན་བཅོས་ནི། ལྟ་བའི་ཁྱད་པར། བམ་པོ་གཅིག་དང་ཕྱེད། ལྟ་བའི་ཁྱད་པར་དེའི་དྲན་བྱེད། བཟང་པོ་སྤྱོད་པའི་འགྲེལ་བ་བཞིའི་དོན་བསྡུས་པ། འཇིག་རྟེན་ཕ་རོལ་སྒྲུབ་པ། དགོངས་པ་བཞི་དང་ལྡེམ་དགོངས་བཞིའི་བརྗེད་བྱང་སོགས་ཡོད་པར་གསུངས་སོ། ། https://t.cn/R2WxDGB

༡༢ སོག་པོ་ལྷ་དཔལ།#莲师[超话]#
ཛྙཱ་ན་ཀུ་མཱས་གྲུབ་པའི་སྒྱུ་འཕྲུལ་གྱིས། །རྗེས་སུ་བཟུང་བས་ཐེག་མཆོག་མཛོད་དུ་གྱུར། །བརྟུལ་ཞུགས་གཅན་གཟན་གདུག་པའི་གཉའ་ནས་འཛིན། །དཔལ་གྱི་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཞེས་པའི་གྲུབ་ཆེན་སོག་པོ་དཔལ་གྱི་ཡེ་ཤེས་ནི། ཡུལ་ཡར་འབྲོག་ཏུ་སྐུ་འཁྲུངས་ཤིང་། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་གཅིག་ཐུན་མོང་གི་སྣང་ངོར་མགར་བའི་ཚུལ་དུ་བཞུགས་ཀྱང་ཟེར། དེ་ལ་གཉགས་ལོ་ཆེན་པོ་མཁྱེན་པ་ཤིན་ཏུ་རྒྱ་ཆེ་བས་སློབ་དཔོན་རྣམས་ལས་རང་ཉིད་མཁས་སྙམ་པའི་ང་རྒྱལ་གྱི་རྟོག་པ་ལན་གསུམ་སྐྱེས་པའི་ཉེས་པས་སྲོག་ལ་བབ་པའི་སྐུ་དགྲ་ལན་གསུམ་བྱུང་། དེ་དག་བཟློག་པའི་གྲོགས་སུ་སློབ་དཔོན་བཱི་མ་ལས་མངོན་སྤྱོད་ཀྱི་མཚན་དང་ལྡན་པའི་གྲོགས་ཤིག་རྙེད་དགོས་པ་ལུང་དུ་བསྟན་པ་ལྟར་འཚོལ་དུ་བྱོན་པ་ན། སོག་པོ་བེག་ཙེ་བྱ་བ་མི་ཁྲོ་བོའི་དབྱིབས་སུ་ཡོད་པ་གཅིག་རྙེད། དེའི་མགོ་བོ་རྒྱ་མདུད་དུ་འདྲིལ་ཞིང་། རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོས་མགར་བྱེད་པའི་སྦུད་པ་འབུད་གྲོགས་མཛད་ཀྱིན་མཚན་ཉིད་ཐེག་པའི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་སོང་། ཕྱི་རྒྱུད་སྡེ་གསུམ་བཤད་པས་རེས་འགའ་ཉན་ཞིང་གཞན་ཐོ་བ་ཆེམས་ཆེམས་བརྡུང་། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྟོར་པ་རྣམས་ཁྱུར་མིད་བྱས་པས་ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་ཤིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། རྗེས་སུ་བཟུང་ནས་ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། ཕྱིས་ཤིག་གཉགས་དམར་གྱིས་ཕ་སྤུན་གྱི་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་། སོག་པོ་དཔལ་ཡེ་པས་བླ་མའི་ཆེད་དུ་ལུས་སྲོག་འདོར་ཕོད་པའི་རྡོ་རྗེའི་དམ་ཚིག་གཉན་པོ་ལ་དགོངས་ཏེ་བཙོན་སྲུང་གཉིས་བཀུམས་ནས་སློབ་དཔོན་བཙོན་དོང་ལས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བཏུལ། སློབ་དཔོན་ཐུགས་ཤིན་ཏུ་དགྱེས་པས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དངོས་སུ་སྤྲུལ་ནས་རྗེས་སུ་བཟུང་ཞིང་སྨིན་གྲོལ་རྒྱུད་བཤད་ཀྱི་གདམས་པ་མཐའ་དག་བསྩལ། ཕྱིས་སུ་གཉགས་ལས་གསན་པའི་ཆོས་བཀའ་མཐའ་དག་གནུབས་ཆེན་ལ་གནང་བ་བཅས་ཕྲིན་ལས་མཐར་རྒྱས་ངང་སྐུ་གཤེགས་སོ། ། https://t.cn/R2WxDGB

༡༡ སློབ་དཔོན་ཡེ་ཤེས་དབྱངས།#莲师[超话]#
དམ་ཆོས་ཕྱི་མོའི་རོལ་སྒེག་བྱང་ཆུབ་ཅིང་། །རིམ་གཉིས་ཟུང་འཇུག་ཐེམ་སྐས་ལ་འཛེགས་པས། །འོག་མིན་མཁའ་སྤྱོད་ཞིང་དུ་བགྲོད་མཛད་པ། །ཨཱ་ཙར་ཡེ་ཤེས་དབྱངས་ལ་གསོལ་བ་འདེབས། །སློབ་དཔོན་ཡེ་ཤེས་དབྱངས་ནི། རྦ་ཡི་རིགས་སུ་སྐུ་འཁྲུངས། མཁན་ཆེན་བྷོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། ཨོ་རྒྱན་ཆེན་པོའི་དྲུང་ནས་གསང་བ་སྔགས་ཀྱི་ཆོས་ཆར་ནོད་ནས་བསྒོམས་པས། མཁའ་སྤྱོད་ཀྱི་ཞིང་སོགས་བགྲོད་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། སྒྲ་ལ་མཁས་པར་གྱུར་ནས་གསུང་རབ་མང་པོ་བོད་སྐད་དུ་འདྲེན་པར་མཛད། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་མཁན་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ཤེས་སོ། །འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་བྲིས་པའང་སྣང་སྟེ། རྟེན་རབ་བྱུང་ཡིན། https://t.cn/R2WxDGB


发布     👍 0 举报 写留言 🖊   
✋热门推荐
  • 好像从这个时候开始宝宝就爱哭哭啼啼了,一直哭又不能喂奶,还拒绝喝右边贴了乳盾的奶。最后等宝宝困了迷迷糊糊才喝奶,两边都喝了,自己松口的。
  • 全镇人口7·8万余余人,震泽省级湿地公园被列入太湖湿地生态系统功能区,位于镇北与太湖近临的长漾自然湿地,总面积916公顷,其中水面435公顷,由三扇、勤幸、金星
  • 经过激烈的角逐,比赛最终产生了前8强,组建成了首支掼翻天战队!PK的影响力已经辐射全省各地~此次大赛的顺利完成离不开工作组多次的赛前会议,事实证明预案的准备充分
  • 古树产地:值蚌、新发茶区历史:六大茶山中面积最小,《普洱府志》记载有一棵特大的茶王树,但今已不存,也是破坏较为严重的古茶山之一。2、茶山名:倚邦释名:“有茶树、
  • 3、第三种:巽宫、离宫、坤宫均出现臣纹巽宫、离宫、坤宫这三个地方都出现臣纹,则表示此人一生运势极佳,尤其是自己的求财之路,特别的顺畅,无论是正财运还是偏财运都十
  • [哈哈]#孙颖莎[超话]#你是个独立的人,无人能抹杀你的独立性,除非你向世俗妥协。他非常清楚地记得我在一次练兵考试中,其中有一组判断题,10个小题我竟无一正确,
  • #我的第一条微博# IU自创曲《zeze》灵感来源与小说《나의 라임오렌지나무》(我亲爱的甜橙树)在读书的过程中,有很多常用的句子词组都是我们外国人在学韩语时
  • 佛陀曾至毘舍离城,善思童子献花与佛,佛陀为他说法,当下就证得无生法忍。月上女曾以她的辩才神通,与声闻、菩萨讨论佛法妙义,并蒙佛授记。
  • ”让我好好地记得你, 把你雕刻在天空的云朵上面, 把你折叠在层层等待翻阅的落叶里,风一吹,便又可以看见你了@摩登兄弟刘宇宁#刘宇宁白愁飞# #刘宇宁说英雄谁
  • 届时将围绕“项目建设年—投资河北正当时”为主题,通过“网络直播+视频会议连线+线上虚拟展馆”等形式举办,各市及开发区承办的活动在当地以“线上为主”方式举办。主要
  • 本园中有个土地拦起早贪黑的,我终于读完了《放学后》晚上看到11:30实在太困了,我就睡了,结果夜里就想着为什么又一个体育教师被杀了,以我的智商也想不明白,昏昏沉
  • 4、北交所进入“百企时代” 高质量扩容加速推进6月24日,随着优机股份上市,北交所上市公司数量达到百家。2、央行:稳健实施“以我为主”货币政策中国人民银行副行长
  • #华晨宇[超话]#这么多年来,有那么多痛苦和不堪,连歌迷也只能从很久后的采访和综艺里略知一二,这中间的时间差是最让人无奈的,每次都是自己消化好情绪,把它写进歌里
  • 。。
  • 中国第一汽车集团有限公司将委托一汽马自达汽车销售有限公司通过授权经销商为召回范围内的车辆免费更换改善后的低压燃油泵芯,以消除安全隐患。快来看看有没有你的爱车↓
  • 5月26日,2022年第六届海口“以爱之名 圆梦微心愿”网络传播活动主办方携手爱心人士,带着爱意满满的小礼物来到海口东山中心小学,包括书包、篮球、跑步鞋、笔记本
  • #面部吸脂# #瘦脸#很多时候我都怀疑小狗身上是不是有着一个控制皮肤变红与否的开关,它甚至还会四处藏匿,因不同的外界刺激触发身体部位那点儿可爱的感应。比如现在
  • 即日起—6月5日,在本条帖子下评论盖楼,写下关于海尔兄弟那些令你难以忘怀的记忆,一起来解锁六一纪念礼物吧! #李旻浩新歌紫发好温柔# 就是很好看很好看很好看叮
  • 水仙是我国的一种名花,春寒吐蕊,芬香袭人,高洁如仙,有‘凌波仙子’之美称,把‘凤凰’和‘水仙’这两个美名融为一体,安在茶树品种上,可见这个品种是多么名贵,寓意也
  • #2020SS中国国际时装周#FLOWER NINE私人高级定制新品发布会品牌创始人孙娜&宋颺与好友们合影留念 感恩朋友们的莅临、捧场田启文 资深香港