ལྷ་སའི་བར་སྐོར་ནང་གི་དགེ་ཆོས་དྲན་གསོ་ཁང་དུ་ཕྱིན་པའི་མྱོང་ཚོར།

མ་བཅོས་མ་སྦས་བྱུང་རྒྱལ་སྤྱོད་པ་དང་།།
མི་བསྟུན་མི་ཞུམ་སྙིང་སྟོབས་དགུ་འགྱུར་ཅན།།
དུས་བརྒལ་དཔྱོད་ཤེས་ཐོལ་བྱུང་བློ་མིག་ཅན།།
རིག་པའི་དཔའ་བོ་དགེ་ཆོས་སྙིང་ནས་དྲན།།

སྐུ་ཚེའི་ཐ་མ་གཏོང་སའི་གཟིམ་ཆུང་དང་།།
ལུས་ཟུངས་ཟད་པའི་སྐུ་བརྙན་མཇལ་བ་ལས།།
དད་དང་སྐྱོ་བ་འདྲེས་མའི་ཚོར་ཤུགས་ཀྱིས།།
མིག་རྐང་མཆི་མས་མི་བརླན་རང་དབང་ཅི།།

མི་སྲིན་སྐྱེ་བོས་དབང་ཤེད་བཙན་པ་དང་།།
དེ་དུས་བོད་ཀྱི་ལས་དབང་གཉོམ་པ་ཡིས།།
གནའ་དེང་ཤེས་རིག་འབར་བའི་འོད་ཕུང་དེ།།
འདི་ལྟར་མུན་པའི་ཀླུང་དུ་གཟིམས་པར་སྐྱོ།།

2022_____/རིག་མེས།



གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ།།
至誠祈請尊貴上師寶
གདུང་བས་འབོད་དོ་དྲིན་ཆེན་ཆོས་ཀྱི་རྗེ།།
悲切呼求具恩之法王
སྐལ་མེད་བདག་ལ་རེ་ས་ཁྱེད་ལས་མེད།།
自身不堪非尊無所依
ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།།
師心合一無別祈加持!

#甘孜·南无寺[地点]#

ཤ་རིའི་བུའི་སྨོན་ལམ་གྱི་ཚིག

ཧ་ཅང་ཕྱུག་པའི་ཁྱིམ་དང་ནི།།
དབུལ་བོའི་ཁྱིམ་དུ་མི་སྐྱེ་བར།།
བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང་།།
རྟག་ཏུ་རབ་བྱུང་མང་བར་ཤོག།



ཤ་རིའི་བུས་མཽ་འགལ་གྱི་བུ་ལ་སྨྲས་པ།

ཤི་ལྤགས་ཤི་བའི་རྒྱུས་པ་དང་།།
འཆིར་འགྱུར་བཞད་གད་འཇོ་སྒེག་གི།།
འཆི་བའི་སྐྱེ་བོ་འདུས་པ་ལ།།
མཁས་པ་སུ་ཞིག་བག་མེད་བྱེད།།

མཽ་འགལ་བུས།
རྒྱན་རྣམས་ཐམས་ཅད་ཁུར་ཡིན་ཏེ།།
གར་རྣམས་ཐམས་ཅད་ཐོ་འཚམས་པ།།
ཀླུ་རྣམས་ཐམས་ཅད་ཀྱལ་བ་སྟེ།།
གཟུགས་ཀུན་མི་རྟག་ཉིད་ཡིན་ནོ།།

ཤ་རིའི་བུས།
ལྗོན་ཤིང་རྡིབ་པར་གྱུར་བའི་ཚེ།།
ཡལ་ག་འདབ་མས་ཅི་ཞིག་བྱེད།།
དེ་བཞིན་སྐྱེས་བུ་འཆི་བའི་ཚེ།།
ཡོངས་སུ་གཟུང་བས་ཅི་ཞིག་བྱེད།།


发布     👍 0 举报 写留言 🖊   
✋热门推荐
  • 韩国网友号召为螺蛳粉申请非遗????
  • 惊呆了!素媛凶手将被释放具体是什么情况?这到底是个什么梗
  • 迪士尼收购福克斯、Netflix上位,好莱坞“新六大”重新洗牌
  • 6省份深度老龄化,两因素叠加导致,将面临什么问题?
  • 首款产后抑郁症药问世、小猪佩奇被批性别歧视、东京奥运火炬揭晓丨今日天下
  • 郑爽发布会扇嘴巴,演绎“疼痛”青春 网友:是个狠人
  • 三星长女滥用麻醉 网友却纷纷提起“凤凰男”前夫
  • 关晓彤晒清宫装造型,手拿小帕娇羞动人,话题一夜之间上热搜!
  • 阴曹地府货币发行量即将输给委内瑞拉
  • 刀锋|重磅!科创板首批名单出炉(概念股大全)
  • 沪指坚守3100点?写在跌破2440之前...
  • 流浪大师真实身份是什么?抖音流浪大师背景资料
  • 英国究竟想干啥?梅姨要求推迟脱欧日期三个月
  • 什么情况?杨幂胜诉后发声 这到底是个什么梗
  • 五一放假四天,高速免费!但别高兴太早…
  • 首节27分,末节连得13分收割比赛,球迷不退场,全体起立致敬哈登
  • 倪萍董卿同框 央视两代当家女主持人此番跨界充满童趣
  • 全国中小学百强榜来了!广西有这些学校入选!
  • 湖人不敌篮网,无缘季后赛
  • 全联盟年薪前十的球员,只有他和詹姆斯无缘季后赛!