༈ སྒོམ་བྱུང་རྟོག་བྲལ་མ་འཁྲུལ་བ།། རྣལ་འབྱོར་མངོན་སུམ་མཚན་ཉིད་ཡིན།།

༼༡གཞུང་གང་ལས་བསྟན། མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན།། མ་འདྲེས་པ་ཡི་དོན་ཙམ་མཐོང་།། ཞེས་དང་། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ།། དེ་དག་གི་བསྒོམ་བྱུང་ཡིན། ཞེས་པས་བསྟན།
སྒྲུབ་བྱེད་ཀྱི་ལུང་ནི། ལེགས་བཤད་སྣང་གཏེར་ལས། གཞན་སེམས་ཀྱི་སྐྱོན་ཡོན་ནི་རྣལ་མངོན་པ་མེད་པ་ཕལ་གྱི་མངོན་སུམ་མིན་ལ། ཞེས་དང་། ཚད་མ་གང་ཡིན་ན་སྔར་བཤད་པའི་བདེན་བཞིའི་དངོས་པོ་མི་རྟག་པ་ལ་སོགས་པ་བཞིན་དུ་ཡུལ་གྱི་གནས་ཚུལ་དང་མཐུན་པར་སྣང་བའི་བསྒོམས་བྱུང་མངོན་སུམ་གང་ཞིག དོན་ལ་བསླུ་བ་མེད་པ་ཅན་གང་ཡིན་པ་དེ་དག་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་མངོན་སུམ་ཚད་མར་འདོད་ལ། ཞེས་གསུངས་པ་དང་། དབུ་མ་རྒྱན་གྱི་རྣམ་བཤད་ལས། དེའང་སྤྱིར་བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་འཁྲུལ་མེད་ཀྱི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཅེས་བྱའོ།། ཞེས་སོ།། རིགས་པ་ནི། གཞན་དུ་སོ་སྐྱེ་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་སུམ་དེ་མངོན་སུམ་བཞི་གང་དུ་ཡང་འདུ་བར་མི་འགྱུར་ཏེ། དེ་རང་གི་ངོ་བོ་མྱོང་བའི་ཆ་ནས་མ་བཞག་པས་རང་རིག་མིན། འཛིན་སྟངས་ཀྱི་ཡུལ་ཕྱི་དོན་དུ་མ་གྲུབ་པས་དོན་རིག་གཉིས་མིན། ཡང་དག་པའི་དོན་མཐོང་བ་མ་ཡིན་པས་རྣལ་འབྱོར་མངོན་སུམ་ཡང་མ་ཡིན་པར་ཐལ་བའི་ཕྱིར། འདོད་ན། མངོན་སུམ་བཞིའི་དབྱེ་བ་དེ་གྲངས་ངེས་ཀྱི་དབྱེ་བ་མ་ཡིན་པར་འགྱུར་རོ།།
༼༢ རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཀྱི་དོན་ཅུང་ཟད་བཤད་ན་ཟུར་ཕྱི་མ་གཉིས་སླ། ཟུར་དང་པོ་སྒོམ་བྱུང་གི་དོན་གང་ཞེ་ན། དང་པོ། འདོན་སེམས་རྩེ་གཅིག་པའི་རྒྱུན་དེ་སྒོམ་བྱུང་དུ་འགྲོ་ཚུལ་ནི།
དང་པོར་ཤིན་སྦྱངས་ཕྲ་བ་བྱུང་ཡང་རྟོགས་མི་ནུས། དེ་ནས་སེམས་ཤིན་སྦྱངས་ཐོབ་པའི་ལྟས་སུ་ཀླད་པ་ལྕི་བེམ་པ་སྙམ་བྱེད་པ་སྐྲ་འབྲེགས་པའི་མགོ་ལ་རེག་པ་ལྟ་བུ་འབྱུང་། དེ་ནས་སེམས་ཀྱི་གནས་ངན་ལེན་འབྲལ་བྱེད་ཀྱི་སེམས་ཤིན་སྦྱངས་ཐོབ། སེམས་ཀྱི་གནས་ངན་ལེན་ནི། སེམས་དགེ་བའི་ཕྱོགས་སུ་བཀོལ་དུ་མི་བཏུབ་པའི་སྒྲིབ་པ་ཞིག་ཡིན། སེམས་ཤིན་སྦྱངས་དེའི་སྟོབས་ཀྱིས་ལུས་ལ་རླུང་རྒྱུ་བར་བྱེད། རླུང་དེས་རྒྱུ་བྱས་ནས་ལུས་ཀྱི་གནས་ངན་ལེན་འབྲལ་བྱེད་ཀྱི་ལུས་ཤིན་སྦྱངས་རེག་བྱ་འཇམ་པ་དང་ཡང་བའི་བདག་ཉིད་ཅན་ཞིག་ཐོབ། ལུས་ཀྱི་གནས་ངན་ལེན་ནི་ལུས་དགེ་བའི་ཕྱོགས་སུ་བཀོལ་དུ་མི་བཏུབ་པར་བྱེད་པའི་རེག་ལྕི་བ་དང་ཡང་བའི་བདག་ཉིད་ཅན་ཞིག་ཡིན། ལུས་ཤིན་སྦྱངས་ཀྱི་སྟོབས་ཀྱིས་ལུས་ལ་འོ་མའི་རྒྱུན་གྱིས་བྲན་པ་ལྟ་བུའི་ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་ཞིག་འབྱུང་། དེ་ནི་ལུས་ཤིན་སྦྱངས་ཀྱི་བདེ་བ་ཡིན། དེའི་སྟོབས་ཀྱིས་ཡིད་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་ཞིག་འབྱུང་། དེ་ནི་སེམས་ཤིན་སྦྱངས་ཀྱི་བདེ་བ་ཡིན། དེ་དང་མཚུངས་ལྡན་གྱི་ཏིང་འཛིན་ལ་དགའ་བའི་གཡོ་ཆ་ཡོད་པས་སྒོམ་བྱུང་མིན།
སེམས་ཤིན་སྦྱངས་ཀྱི་བདེ་བ་དང་མཚུངས་པར་ལྡན་ཡང་བདེ་བའི་གཡོ་ཆ་དང་བྲལ་བའི་ཏིང་ངེ་འཛིན་ནི། ཞི་གནས་དང་སྒོམ་བྱུང་གོང་མའི་སེམས་སུ་གྱུར་པ་ཡིན། གཉིས་ལ། དེ་འདྲའི་ཤིན་སྦྱངས་ཁྱད་པར་ཅན་ཡིན་པའམ་དེ་དང་མཚུངས་ལྡན་གྱི་བློ་དེ་སྒོམ་བྱུང་གི་དོན་ཡིན་ནོ།། དེས་ན། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་རྟོག་པ་ནི་ཐོས་བྱུང་གི་རྟོག་པ་དང་། དོན་ལ་ངེས་པའི་རྙེད་པའི་རྟོག་པ་དེ་བསམ་བྱུང་གི་རྟོགས་པ་དང་། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་རྟོག་པ་དེ་སྒོམ་བྱུང་གི་རྟོག་པ་ལ་བཞེད་མཁན་ཡོད། སྒོམ་བྱུང་ཡིན་ན་རྟོག་པ་ཡིན་པས་མ་ཁྱབ་བོ།།
༼༣དོགས་པ་ནི། རྣལ་འབྱོར་མངོན་སུམ་ཡིན་ན་བདེན་བཞིའི་ཆོས་ཉིད་ལ་མ་འཁྲུལ་བ་ཡིན་དགོས་པར་ཐལ།
རིགས་ཐིགས་ལས། ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོོར་རྣལ་འབྱོར་པའི་ཤེས་པའོ་ཞེས་གསུངས་པའི་ཕྱིར་ཞེ་ན། གཞུང་དངོས་བསྟན་ཙམ་གྱི་དབང་དུ་བྱས་པ་ཡིན་ཟེར་དགོས་སམ་དཔྱད་དོ།། https://t.cn/R2Wx150

ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་ལུང་དུ་བསྟན་པ། །
གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། །བདེ་གཤེགས་མྱ་ངན་འདས་འོག་ནས།།

ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་མར་ཡུལ་དུ་ང་འདྲ་བའི།། བསྟན་པ་འཛིན་པའི་དགེ་སློང་ཞིག།
ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་གྲོང་ཁྱེར་དུ།

།ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས།

།སྲས་ནི་སངས་རྒྱས་མིང་ཅན་འབྱུང་།།ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་བུད་ཕྱར་འགྱུར། །ཞེས་སོ། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཐུགས་རྒྱུད་ལ་གཞན་གྱི་སྟོང་ལྟ་སྒོམ་ཁྱད་པར་ཅན་ནི། །མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་ཞེས་དུས་འཁོར་ཆོས་འབྱུང་ལས་གསུངས་སོ།

[合十][合十][合十]


#འཛམ་གླིང་གཟེངས་བུམ། ##ཕོར་ཐུ་གལ། ##སེ་ལོ། #

༢ : ༡བསྡུར་གྲངས་ཀྱིས་ཕོར་ཐུ་གལ་ཨེ་ཤ་ཡ་གླིང་གི་ལྷོ་ཁོ་ཡ་ལས་ཕམ་སོང་། འོན་ཏང་མཐའ་འགྲན་རྒྱལ་ཁམས་བཅུ་དྲུག་གི་གྲལ་དུ་ཡོད་པས་བློ་འགྱོད་ཅི་ལ་ཡོད། ཡང་གཅིག་བཤད་ན་དོ་དགོང་ལྷོ་ཁོ་རེ་ཡ་རྒྱལ་སོང་བ་རང་ངོས་ནས་ཡི་རང་ཡོད། ཡ་གླིང་གི་གངས་རིའི་སྤུན་ཟླ་ཉི་ཧོང་ཁྱེད་གཉིས་མཐའ་འགྲན་ལ་ཚུད་ཡོད་པ་དགའ་འོ། །

ཕྱི་ཟླ་བཅུ་གཉིས་པའི་ཚེས་བདུན་གཟའ་ལྷག་པའི་ནམ་སྨད་དུས་ཚོད་གསུམ་པའི་སྟེང་ཡོ་རོབ་གླིང་གི་རྒྱལ་ཁབ་སྟོབས་ལྡན་སི་ཝེས་ཙེར་དང་འགྲན་སྡུར་བྱེད་རྒྱུ་རེད།

ཕོར་ཐུ་གལ་རྣམ་པར་རྒྱལ་བར་སྨོན་ནོ། །

[鲜花][鲜花][鲜花][鲜花][鲜花][微风][微风][微风][微风][酷][酷][酷][酷]


发布     👍 0 举报 写留言 🖊   
✋热门推荐
  • 因为我之前一直戴的是半年抛(就是能用半年,但最好4个月左右就要换了)品牌方给我种草了日抛(一次性的,每天戴完了扔掉)说是会更方便更卫生,也给我寄了很多他们的产品
  • 11月10日 热点板块+涨停复盘本数据来源于我独创的“短线数据大全系统”该系统统计的数据是超短选手每日复盘必备数据,也是验证各种短线玩法,打造适合自己操作模式的
  • 简易版置顶可以叫我奈奈/玥玥能喜欢上真诚又热烈的Seventeen我每天都感到很幸福 所以我爱他们每一个人属性:团粉偏3和6队内没有认真地在磕哪对cp 单纯
  • #每日一善[超话]# #阳光信用 每日一善# 心善,是一种美德,人善,是一种修养,真善,是一种功德,对人,要有一种诚信,对事,要有一种明白,很多情理之中,要学会
  • 经过前两天的爸爸抱睡,一向出门最要爸爸抱的杞现在都不给爸爸碰,只粘着我,可害怕爸爸把她抱走了,给爸爸伤心坏了[喵喵][舔屏]和我说先别断奶睡了先戒夜奶戒了再断奶
  • #阳光信用# 做一个善良的人。尊重每一个人,也尊重自己,做一个让人喜欢,温柔又温暖的人。
  • 讲真的 真的好喜好天天睡醒以后收到来自喜好的人的信息啊 另有好同伙的 就是那种碎碎念的空话 关于天色啊 早饭啊 网上那些有的没的 晓得我还没醒但也要第一工夫跟我
  • 随后,Angel也更新了无滤镜自拍,看到Angel的近照,瞬间明白为什么买菜阿姨会说母女俩像姐妹了,因为Angel烫了棕色卷发,还学会了化妆,穿着打扮上画风
  • 这个小妮子,还挺会推拉,给我笑晕到,谁说我宝综艺感不好。所以,得配合我给你涂药啊不然很慢也很难好起来[失望][单身狗]。
  •   (九)惠州大亚湾福鑫购物广场销售的标称东莞市满山红食品有限公司生产的原味蛋糕,菌落总数不符合食品安全国家标准规定。  (七)佛山市南海区东隆慧佳百货超市销售
  • 亏良心,是最不利己的行为,「都摄六根,净念相继」的意思是说,如果我们平常能够照顾好我们的六根,能够念念都能生起清净的心。存在唯心识显现,希望大家都能快乐健康觉悟
  •  愿你自在如风 更愿你平安喜乐 愿你在夜半时分绽放光芒 也愿你在苍穹浩宇夺目辉煌. 愿22岁的你继续奔走在自己的热爱里,做舞台最耀眼的星星✨ 我的青春和快乐是
  • 2022卡塔尔世界杯蕞全攻略‼️⚽2018年俄罗斯世界杯闭幕式的结束语是:“让我们四年后,相约在沙漠与海洋的交界”这个国家就是——卡塔尔!万众期待的2022年卡
  • 很多次采访,我都能听得出来她是真的有在努力做一个好演员,看着她演技越来越自然,台词越来越好,台风越来越正我是真的欣慰且佩服,佩服一个在这样恶意的环境里坚持自我、
  • 回想一下,早期的小兰花一直是懵懂的,瑟缩的,不谙世事的,大多时候都是在跟随旁人的脚步,同时还在花费大量心力苦恼于“我到底是谁”为了摸清且抚慰这种躁动不安的身份认
  • 所以,我不管别人说多么高大上的服装搭配理论,我可以说,服装定制的最高境界是读懂人,为他找到合适他的一切!所以,向前看吧你现在所拥有的,那未必是你梦寐以求的,可它
  • 疫情期间监狱里的人是怎么度过的自疫情爆发以来,监狱实行了最严格的管控措施,一周三次核酸检测,有发烧的立即隔离,因为里面人员密集,所以隔离措施非常到位,我所在的监
  • #阳光信用[超话]# #每日一善# 时间不会回头,人生没有如果,失去的已不再回来,回来的已不再完美,好好珍惜当下所拥有的。7.永远会因为温柔而心动。
  • 爸爸说,一切都会好起来的,我说希望在这个好起来的过程中你永远不要忘了它,要永远记得它,他跟我说总有一天你会惊奇,我说什么惊奇,他说他今天在你的小坟头撒了鲜花种子
  • 到了公元6世纪,一个叫“悉补野”的部落强势崛起,以雅鲁藏布江流域为中心,靠武力与会盟征服青藏高原其他部落。自古生活在青藏高原上的土著居民,同时也融合了迁徙至高原