གཞན་ལ་ལས་ང་ལ་ཟུར་ཟའི་ཚུལ་དུ། “ཁྱོད་ཀྱིས་རང་ཉིད་རང་གིས་ཁྲི་ལ་བསྐྱོན་ཏེ་གཞན་བཀུར་དང་སྙན་གྲགས་དོན་དུ་གཉེར་གྱིན་འདུག ”ཟེར། དེའང་ངོ་མ་གནས་ལུགས་མེད་པ་ཞིག་ཁྱོན་ནས་མ་རེད། དེ་ལྟར་བཤད་པའང་ཤིན་ཏུ་བདེན་པ་འདྲ། རྒྱུ་མཚན། ང་རང་ཉིད་ཀྱང་ད་དུང་སློབ་མ་ཞིག་ཡིན། སློབ་མའི་ནང་གི་སློབ་མ་བླུན་པོ་ཁོ་ན་ཞིག་ཡིན། དགེ་རྒན་བྱ་བའི་དུས་སུ་དངོས་གནས་བསླེབ་མི་འདུག་མོད། གཅིག་ནས་ཁུ་བོ་ཁོང་གི་རེ་བཞག་བཞིན། གཉིས་ནས་རང་གི་སློབ་སྦྱོང་གང་བྱས་ཀྱིས་གཞན་ལ་ཕན་ཅུང་ཙམ་རེ་བསྒྲུབ་ཆེད་སོགས་སུ་དམིགས་ནས་ལས་ཀ་འདིར་འཇུས་པ་ཡིན། དེ་སྟབས་ཀྱིས་ང་ནམ་ཡང་མི་གཞན་ལ་ངོ་གནོང་དགོས་དོན་མེད། དེའི་རྒྱུ་མཚན་ཡང་། ངས་ག་དུས་ཡིན་ཡང་མི་ཤེས་ཤེས་མདོག་གིས་རང་གི་སྔོན་ན་རེ་ལྟོས་ཀྱིས་ཁེངས་ཡོད་པའི་སློབ་བུ་ཁོང་ཚོའི་མ་འོངས་པའི་མདུན་ལམ་དང་སློབ་སྦྱོང་གི་གྲུབ་འབྲས་སོགས་ལ་འགན་ཁུར་གང་ཡང་མེད་པར་ཉིན་གཏོང་ཐབས་ཤིག་ཉིན་གཅིག་ལའང་བྱས་མྱོང་མེད། ནམ་རྒྱུན་ཅི་ཤེས་ཅི་ནུས་ཀྱིས། ཤ་ཚ་ཚ་དང་སྙིང་ན་ན་བྱས་ཏེ་ཕ་མས་བུ་ཕྲུག་ལྟར་བྱམས་ཀྱིས་བསྐྱངས་མྱོང་བ་རང་གི་སེམས་སུ་གསལ་བོར་ཡོད། མདོར་ན། ཁོང་ཚོར་ཕན་པ་ཨེན་ཙམ་རེ་བྱུང་ཡོད་པས་ང་ལ་དེས་མི་ཆོག་གང་ཡང་མེད། དངོས་གནས་ཡིན།

ཉིན་ཁ་ཤས་དང་ཟླ་བ་ཁ་ཤས་ལ་བྱ་བ་གང་ཞིག་སྡུག་རུས་བཟོད་བསྲན་གྱིས་ཕར་བསྐྱེལ་ཐུབ་པ་འདྲ་ནའང་། མིག་རྒྱང་རིང་བའི་བྱ་བཞག་ཅིག་འགྲུབ་པ་ལ་སྡུག་རུས་དང་ཨུ་ཚུགས་མཐར་བསྐྱེལ་ཀྱིས་ནི་ཅི་ཡང་མི་ནུས་པར་འདུག སྡུག་རུས་ནི། ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་དུ་གནས་སྐབས་ཀྱི་དགོས་འདོད་ཉི་ཚེ་བ་ཙམ་སྐོང་བྱེད་དུ་འགྲོ་ཐུབ་ནའང་། རྒྱང་རིང་བའི་མི་ཚེའི་ཕུགས་བསམ་ཀྱི་ཆུ་རྒྱུན་ནི། སྡུག་རུས་ཀྱིས་ནམ་ཡང་མཐུད་དཀའ་ལ། ཡང་ན་རྒྱང་རིང་བའི་རྨི་ལམ་གྱི་མེ་ཏོག་དེ་ཡང་། སྡུག་རུས་ཀྱི་ཞིང་ཁ་ནས་བཞད་ཚོད་མི་འདུག དེ་ལས་མཐར་ཐུག་གི་མི་ཚེའི་འདུན་མ་སྒྲུབ་བྱེད་དངོས་ནི། དགའ་ཞེན་ཁོ་ན་ཡིན་པར་སྙམ། བྱ་གང་ཞིག་སྒྲུབ་པར་སེམས་སྟེང་ནས་དགའ་ཞེན་ཚད་མེད་ཅིག་ཡོད་ཕྱིན། ལས་དེར་ཇི་ཙམ་འཇུག་ཀྱང་མྱོང་རོལ་གྱི་གོ་རིམ་ཞིག་དང་སྤྲོ་སྣང་དོད་པའི་ལོངས་སྤྱོད་ཁྱད་མཚར་བ་ཞིག་ཏུ་འགྱུར་ངེས་པས། དགའ་ཞེན་གྱི་ནུས་སྟོབས་ནི། ཆེས་འཛད་མཐའ་མེད་པའི་གཏེར་ཁ་དེའོ།། དགའ་ཕྱོགས་དང་མཐུན་པའི་བྱ་བའི་ངང་ལ་འཐིམས་ཚར་ན། ངོ་མཚར་བའི་གྲུབ་འབྲས་དང་རྒྱལ་ཁ་ཞེས་པ་དེ་ཡང་། རྒྱ་མཚོའི་རླབས་རིས་དྲག་ཏུ་བསྐྱོད་ན། ལྦུ་བའི་མེ་ཏོག་མཁའ་ཏུ་གཏོར་ཡོང་བ་ཇི་བཞིན་དུ་རང་གི་ངང་གིས་འབྱུང་ངེས་པ་ཞིག་ཡིན་ས་རེད། ཆེས་དཀའ་བ་དེ་ཡང་། རང་གི་དགའ་ཕྱོགས་དང་མཐུན་པའི་བྱ་བ་ཞིག་རྙེད་རྒྱུ་དེ་ཡིན་པ་འདྲ་ལ། རང་གི་དགའ་ཕྱོགས་ནི། རྒྱང་རིང་བའི་མི་ཚེའི་ཕུགས་བསམ་དང་གཞི་གཅིག་ཏུ་འདྲེས་ཐུབ་པ་ཞིག་བྱུང་ན། དེ་ལས་ལྷག་པའི་བདེ་སྐྱིད་ཀྱང་མེད་ཚོད་དོ།།

གང་གི་རང་བཞིན་དོན་གཉིས་ཐེག་པའི་ས་སྲུང་མཆོག་ལ་ལེགས་གནས་ཤིང་།།
​བདག་མེད་རྡོ་རྗེ་རབ་ཏུ་འབར་བས་འཇིག་ཚོགས་ལྟ་བའི་ལྷ་མིན་འཇོམས།།
​ཆོས་རྣམས་མ་ལུས་སྟོང་བར་གཟིགས་པའི་སྤྱན་སྟོང་རབ་ཏུ་གསལ་ལྡན་པ།།
​བཤེས་གཉེན་ལྷ་དབང་བརྒྱ་བྱིན་གང་དེའི་ཕོ་བྲང་མཆོག་དེ་འདི་ཡིན་ནོ།།

༧འཇམ་མགོན་བདག་ཉིད་ཆེན་པོས།


发布     👍 0 举报 写留言 🖊   
✋热门推荐
  • 月子坐得好的小妙招母乳非常重要,可是不少妈妈因为母乳要频繁起夜,不仅在生理上需要承受非一般的疼痛,在精神上也感到极度的疲劳。新手妈妈对喂养的次数总是有疑惑,其实
  • 作品上传时间汉语类各组别作品上传时间截止到 各组别作品上传时间截止到 线上通过“山东智慧图书馆云”平台官网及“汇文鲁云小程序”进行报名。汉语类亲子组(组合中至少
  • 一开始袁了凡不太相信,巧合的是,此后的二十年,袁了凡的人生真的按照这位老者所算定的模式进行着,连考第几名等每一次都十分精确地应验了,这让他笃信了宿命论,认为“荣
  • 1⃣️昨天八点多下课寝室点外卖聚餐十二点多才睡2⃣️今天中午聚餐又一下午课回来赶忙做方言调查3⃣️明天晚上要和导师吃饭交流4⃣️本周还有两篇课程论文五百字日语汇
  • 努力加油的句子(精选66句)   无论是在学校还是在社会中,大家都知道一些经典的句子吧,根据语气的不同句子可以分为陈述句、疑问句、祈使句和感叹句。那么你有真正
  • 我以前觉得景观设计师有比文学家更大的责任,因为作者多营造真实感,而景观设计直接打造一种真实,文学世界无有穷尽,而现实世界却有穷尽,景观形成的废置会比文学更大,是
  • 27日的平台单日播放量1.85亿,再创新高。两集的酷云平均收视率升至0.9851%。
  • #每日一善[超话]# #每日一善##阳光信用#[舔屏]闭症儿童的主要临床表现有以下三点:第一,社社会交往障碍,因自闭症儿童缺乏社社会兴趣。对熟悉或不熟悉的人往往
  • #你和我的警察课堂[超话]##你和我的警察课堂##姜丹尼尔你和我的警察课堂# 우리는 스스로가 어떤 사람인지 아직 알지 못한다. 하지만 확실한 건 어제보
  • 1.Kindle➕微信读书,真的挺方便,免去找书的苦恼,Kindle久看也不累2.《大秦帝国》总体来说还不错,但写的过于长,看了几十个小时,才是第二部,很多内容
  • 人参与大枣配伍,并可益气生血,合用而成大补气血之方。  [方二]  童子鸡1只,黄酒、生姜、食盐、葱白各适量。
  • 将打好的蛋汁分做两份倒入可蒸煮的杯中,其中一杯加入1/4包的面条块,另一杯则维持纯蒸蛋,泡面面条的独特香味融入软滑的蒸蛋中将是从未想象过的好味道!2.把调料全加
  • #FASHION 有料##时尚资讯##时尚热点[超话]##特步#由特步在2016年开启的321跑步节,已成为跑步爱好者心中重要的时节。[爱你][爱你]特步本次3
  • 魔杖:决斗大师.红橡木,雷雨回环.松木,吟梦旅人.白杨木,龙骑士.黑刺李木,时间之杖.金合欢木。)卡牌皮肤:嗅嗅,闪电风暴,厉火,烟花,时间转换器。
  • 那时买杨柳郡,我其实也没想过未来会有怎样的增幅,只是想在杭州有一个自住的家。当时看了杨柳郡的宣传,宋卫平说这是给年轻人建造的小区,我对这个概念很心动,也没经过太
  • 两边唯粉理智友好助力爱豆好好发展~ 评论就可以~好久没抽奖了,有啥忘了说了大家告诉我编辑 #into1# 从水蛭超话到今天团粉指责小宇唯粉,希望into10团粉
  • 但是Selina做好饭,发现少了一个香菜,于是很不开心。她直言,最重要的就是一碗香菜。
  • 芝加哥商业交易所(CME)的“美联储观察工具”显示,目前美国联邦基金利率期货交易市场预计,今年5月的下次美联储货币政策会议上,美联储有70%的几率加息50个基点
  • 春天,我的手,能触摸得到你的诗情画意,及鸟语花香,穿过你宝满的诗句,还有手指间的微微暖意,带来的风,春天,鲜花,它们最早感知……抬头就会遇见,关不住,春色满园,
  • 推背能够疏经活络,可以促进血液的循环,畅通血脉,活络筋骨的功效,能够安抚和调节情绪,能舒缓压力,消除身体疲劳,帮助睡眠,可以使皮肤紧实恢复弹性,能起到去湿驱寒的