࿑དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་མཉམ་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེས་དུ་བསྔོས།།
ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ།།
བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།།

<<རྗེ་བདག་ཉིད་ཆེན་པོས།>>
#དུས་ཆེན་མཉམ་རོལ། ##དགའ་ལྡན་ལྔ་མཆོད་ཆེན་མོ།#

࿑ ཁ་དན་ལས་ལ་བྲིས་པའི་འཇིག་རྟེན་གྱི་སྣང་བ། །
བཟུང་ན་འཛིན་ཐབས་བྲལ་བ་འཁོར་བ་ཡི་ཆོས་ཉིད། །
གཏོང་འདོད་ཡེ་ནས་མེད་པ་བདག་འཛིན་གྱི་ངོ་བོ། །
སེམས་ཀྱི་གཞི་ལ་བབས་དུས་མྱ་ངན་གྱི་ཁུར་བོ། །  https://t.cn/Rp7W8xr

༼གལ་ཏེ་ང་ལ་ཉིན་ཐོ་ཞིག་འབྲི་སྲོལ་ཡོད་ན༽
࿑མིའི་རིགས་ཀྱི་རྣམ་རྟོག་གི་འཇུག་པ་མྱུར་བ་དང་གསལ་བ་ལ་སོགས་པའི་དབང་གིས་ཕྱིའི་དངོས་པོ་ཡར་རྒྱས་སུ་ཕྱིན། གོ་ལ་དང་གོ་ལའི་བར་གྱི་འགྲོ་འོང་དེའང་ གདོད་མའི་དུས་ཀྱི་ཁྱིམ་མཚེ་ཕན་ཚུན་བར་གྱི་འགྲོ་འོང་ལྟ་བུར་ཆགས་ཡོད། འོན་ཀྱང་དེ་ཙམ་གྱིས་ང་ཚོའི་སྡུག་བསྔལ་གྱི་ངོ་བོ་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱིན་མེད།
ལོ་ངོ་དུ་མའི་སྔོན་གྱི་མཁས་པ་དག་གིས་ སྐབས་དེའི་གནས་སྟངས་ལ་གཞིགས་ནས་གསུངས་པ་དག་ཀྱང་དེ་དགོང་ཁོ་བོ་ལ་བལྟས་ནས་གསུངས་པ་འདྲ་བ་བཞིན་དུ་ སང་ཉིན་ང་དང་ཁྱོད་ལ་བལྟས་ནས་གསུངས་པ་རེད་སྙམ་པའི་སྣང་ཚུལ་ཞིག་འབྱུང་ངེས།

ངས་འདི་ལྟར་བཤད་ཡོང་དུས་ཁྱེད་ཚོ་རྨོངས་སྲིད་པས། དེ་སེལ་བྱེད་དུ་ངས་དཔེ་མཚོན་གཅིག་ཁོ་ན་འདིར་དྲངས་ན།

རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས།
࿑བདག་ནི་མལ་ན་འདུག་བཞིན་དུ། །
གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །
སྲོག་འཆད་པ་ཡི་ཚོར་བ་དག །
བདག་ཉིད་གཅིག་པུས་མྱོང་བར་འགྱུར། །
གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །
གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། ། ཞེས་གསུངས་པ་བཞིན་ནོ།། གལ་སྲིད་ང་ལ་ཉིན་ཐོ་ཞིག་འབྲི་སྲོལ་ཡོད་ན་འདི་ནི་དེ་རིང་ངའི་ཉིན་ཐོ་ཡི་ཆ་ཤས་ཤིག་ཡིན་པར་ངེས།༢༠༢༢\ ༡༠\ ༢༢\ ཉིན་རྨ་པྲཛྙཱ་ནས།


发布     👍 0 举报 写留言 🖊   
✋热门推荐
  • #易烊千玺[超话]##给2022捎个话# 嗨喽我的烊烊to:在2021年最后一晚上我又又又又又又来给你写小作文,希望你在2022年的时候,一直追求自己喜欢的事
  • 近年来,龙海区加大力度打造杨梅文化品牌,运用新思维新模式,举办多届多样化的龙海区杨梅文化节,梅农、梅企收入显著提高,同时走出了一条以龙海文化旅游为牵引、以发展杨
  •   文 博  出土睡虎地秦简等36件一级文物,是考古工作者常去的“文物大县”  退休后的陈抗生依然放不下云梦。不久后,从北京赶来的文物专家辨认出:战国七雄到秦国
  • 三月的天气总是阴雨绵绵重新体验了自己的本质工作,今天还是和以前一样车里总有一个小天使陪我走过了浙江的村村寨寨,开了一天到晚的车子为了赶时间却忘记吃饭忘记喝水的时
  • 【早安^读者】 #人生需要五种信念#第一信念:“天道酬勤”用勤奋赢得尊重;第二信念:“地道酬善”上善若水,心怀敬畏,对待恶势力决不低头!第三信念:“商道酬信”
  • 沉香如屑:当下所感 记录一下在我看来所有以爱为名的伤害都显得低俗不堪影视剧中这样的设定是为了故事的延展性我能看清人物角色的考量能明白故事设定但多年来的故事套路,
  • #还阴债,超度,冤亲债主,风水,招财,三毛,道教,和合法事# #寿生债##补财库##超度婴灵##调整风水#阴债,也叫寿生债,通常是指人前世所欠的未还清的钱。特
  • [污]中表达了对美“取消对华加征关税”等问题的关切。3、双方认为:。
  • !!
  • 所以凡事要看淡一点,看开一点,这并不是对生活的冷漠,反而是为了更有温度地活着……世间万事万物的存在,皆随缘而起,随缘而灭,好花不常开,好景不常在,面对无常,保持
  • 】 2007年一个人第一遍看时,关于他们二人最受触动的部分是影片末尾的“以你之姓冠我之名。”2022年重温,发觉最高级别的爱也许是“这世上从不存在你的任何资料,
  • 2、分手的时候对方不会过得的抱怨你 ,而是把错误的原因归结于自己身上,当然这不是真的,对方下定决心之后,就想通过最低成本来结束这段关系,但是你要意识到,分手是两
  • 2、三阴前,需要是一个涨幅大于7%的阳线,涨停板更好。食神与伤官的性质区别食神,是日主阴生阴,阳生阳的泄身之物,把日主泄的比较厉害,日主就会温顺伤官,是阴生阳,
  • #南宁正畸[超话]#儿童骨性地包天矫正,有效改善“月亮脸”9岁的小朋友主诉面型不对称、影响美观,导致话少、不爱与人沟通,家长担心这样下去会危害小朋友身心健康,在
  • 德里赫特在首场对阵华盛顿联的比赛中仅仅出场28分钟,在之后他本人和教练都表示他目前身体太累了,显然他在体能上还存在一些欠缺。”“德里赫特上赛季出场比赛的时间不是
  • 除了争金夺银,还有从不停止向冠军攀登、向纪录冲刺,这正是奥林匹克精神的动人之处。”  441/2127,黑龙江冬奥技术官员为梦想护航  “感谢中国(短道)速滑这
  • #世界佛教论坛[超话]#如来已离,三界火宅。寂然闲居,安处林野。今此三界,皆是我有。 其中众生,悉是吾子。而今此处,多诸患难。唯我一人,能为救护。 虽复教诏
  • 怕辛苦换不来收获但也怕与机会失之交臂……今天找了一大半天房子终于找到一个价位和地段都稍微合适的房子,离cb上班越来越远,也离老家原来越远……和家人汇报情况的时候
  • 哎,其实对我写过的同人文,有一篇让我自己特别喜欢但又很遗憾的,那就是《林中的歌声》。尽管现在我已经进步了,会觉得那时候的我有点儿幼稚,但读到那段“红色是……蓝色
  • 接下来就是张学友的回归祝福视频,涉及到“香港加油”大家都知道19年香港黑暴的一个口号就是这个,还有个正看是香港,转一下就是加油的宣传图。央视删了视频,所以不知道