༄༅།། ༧རྗེ་འཇམ་དབྱངས་རྒྱ་མཚོས་མཛད་པའི་བསླབ་བྱ་དྲང་སྲོང་རྒན་པོའི་

བདེན་ཚིག་ཅེས་བྱ་བ་བཞུགས་སོ།།


ལམ་བཟང་སྟོན་པའི་བཤེས་གཉེན་དེད་དཔོན་དང་།།
དལ་འབྱོར་རྟེན་གྱི་གྲུ་གཟིངས་ལ་བརྟེན་ནས།།
ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ།།
ཐོས་བསམ་སྒོམ་གསུམ་བྱེད་རྣམས་འདུན་མ་བཟང་།།

ཡིད་ཀྱི་མུན་པ་སེལ་བའི་ཐབས་ཀྱི་མཆོག།
དྲི་མེད་ཤེས་རབ་སྒྲོན་མེ་སྦར་འདོད་ན།།
རིག་པའི་སྒོ་འབྱེད་བསྡུས་གྲྭའི་རིགས་ལམ་ལ།།
སྔོན་བྱོན་མཁས་པའི་རྣམ་ཐར་བཞིན་དུ་སྦྱོངས།།

སྨྲ་ངན་ཚར་གཅོད་ཕྱོགས་གླང་གྲགས་པའི་གཞུང་།།
སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་དོན།།
རིགས་སྨྲ་མཁས་པའི་མདུན་སར་བརྒལ་ལན་གྱིས།།
གཏན་ལ་འབེབས་པ་གནད་ཀྱི་དོན་པོར་ཟུངས།།

དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ།།
ཡུམ་གྱི་སྦས་དོན་མངོན་རྟོགས་རིམ་པ་ལ།།
ངོ་བོ་དྲང་ངེས་སྔ་ཕྱིའི་རིམ་པ་ཀུན།།
ཕན་ཚུན་འགལ་མེད་གྲོགས་སུ་ཆར་ལ་སློབས།།

གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི།།
ལུགས་བཞིན་ཀླུ་སྒྲུབ་དགོངས་དོན་ལྟ་བའི་མིག།
སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བའི་གཞུང་།།
ཇི་བཞིན་ཤེས་པར་འདོད་རྣམས་དབུ་མར་སློབས།།

ཁྱད་ཆོས་བཞི་ལྡན་མངོན་པའི་སྡེ་སྣོད་ཀྱི།།
བརྗོད་བྱ་རང་སྤྱིའི་མཚན་ཉིད་རྟོགས་འདོད་དག།
མངོན་པའི་སྡེ་སྣོད་གསོ་ཕྱིར་བསམ་བཞིན་དུ།།
བྱོན་པ་སྐུ་མཆེད་གཉིས་ཀྱི་གཞུང་ལ་སློབས།།

དམ་ཆོས་འདུལ་བ་རྒྱ་མཚོ་ལྟ་བུ་ལས།།
བྱུང་བའི་བླང་དོར་ཚུལ་བཞིན་བྱེད་འདོད་ན།།
རྩ་བཤད་སྡེ་བཞིའི་གཞུང་དོན་མ་ལུས་པ།།
བསྡུས་པ་ཡོན་ཏན་འོད་ཀྱི་གཞུང་ལ་སློབས།།

སྒྲ་རིག་བཟོ་གསོ་སྙན་ངག་སྡེབ་སྦྱོར་དང་།།
མངོན་བརྗོད་ཟློས་གར་སྐར་ནག་རྩིས་ཀྱི་གཞུང་།།
སྐད་ཡིག་ཀུན་དང་སྣ་ཚོགས་རིག་པའི་གནས།།
བསླབས་ནས་རྒྱལ་སྲས་རྣམ་ཐར་བདག་གིར་ཟུངས།།

བཀའ་གདམས་གོང་མའི་རྣམ་ཐར་ཇི་བཞིན་དུ།།
ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་དང་།།
རྒྱུད་ཆེན་རིམ་བྱོན་དམ་པའི་རྣམ་ཐར་བཞིན།།
གསང་ཆེན་རྒྱུད་སྡེ་བཞི་ལ་མཐར་ཕྱིན་བྱོས།།

ཐོས་ལོ་ཤེས་ལོའི་གྲགས་སྐམ་དོན་གཉེར་ངང་།།
འདིར་སྣང་ཞེན་པའི་ཐང་ལ་རྒྱུག་དྲགས་པས།།
མི་ཚེ་སྟོངས་པར་ཟད་པ་ཙམ་མིན་པར།།
དལ་འབྱོར་དོན་ཡོད་བྱེད་པ་མཁས་པའི་གཤིས།།

བསམ་པ་བཟང་བོས་རང་གི་མཆིལ་ལྷམ་ཟུང་།།
ཐུབ་སྐུའི་དབུ་ལ་བཞག་དང་བསལ་བྱས་པ།།
གཉིས་ཀའང་རྒྱལ་སྲིད་ཐོབ་པའི་རྒྱུར་གསུངས་ན།།
བསམ་པ་བཟང་བོས་སྨྲས་ལའང་ཉེས་པ་ཅི།།

如果
你总是被痛苦包裹,
且,想要摆脱这些束缚,
首先
你要认识到什么是痛苦,
认识了痛苦之后,
找出痛苦的根源,
了解痛苦的本质
思索摆脱它们的方法,
然后
化解它们,
就能使内心柔软
痛苦得到释放
最终
沉浸在一种丰盈的巨大幸福中。

_____丹增成利南无迦[蜘蛛侠]

གལ་ཏེ་ཁྱོད་རང་ནམ་རྒྱུན་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་ཞིང་། ཁྱོད་རང་སྡུག་བསྔལ་དེ་དག་ལས་གྲོལ་བར་འདོད་ན། ཐོག་མར་ཁྱོད་ཀྱིས་སྡུག་བསྔལ་དེ་དག་ག་འདྲ་ཞིག་ཡིན་པ་ངོས་ཟིན་རྒྱུ་གལ་ཆེ་ལ། སྡུག་བསྔལ་དེ་དག་ངོས་ཟིན་རྗེས་སྡུག་བསྔལ་དེ་དག་གི་འབྱུང་རྩའམ་རྒྱུ་རྐྱེན་འཚོལ་བ་གལ་ཆེ། སྡུག་བསྔལ་དེ་དག་གི་འབྱུང་ཁུངས་སམ་རྒྱུ་རྐྱེན་ངོས་ལེགས་པར་ཟིན་ན་དེ་དག་ཅི་ལྟར་སྤངས་བའི་ཐབས་ཤེས་ལ་བསམ་གཞིག་ངང་གིས་གཏོང་བ་དང་།

སྡུག་བསྔལ་དེ་དག་སྤོང་བའི་གཉེན་པོ་ལ་ངང་གིས་བརྩོན་ངེས་པ་རེད་ལ། དེ་ནས་ཁྱོད་རང་སྡུག་སྔལ་ལས་ཟློག་པའི་བདེ་བ་ཆེན་པོ་ལ་གནས་པའིམགོ་བརྩམས་པ་རེད།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་བརྒྱ་དང་གཉིས་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་༧རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་དགུང་གྲངས་གོ་བདུན་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་བསྟན་འགྲོར་དགོངས་པའི་ཐུགས་དགོངས་རྫོགས་པའི་སྨོན་ལམ་འདེབས་སོ།།
讣告:
第一百零二任格鲁法台,甘丹赤巴仁松仁波切于2022年12月08日星期四显示涅槃圆寂,享年九十七愿乘愿再来,普渡众生


发布     👍 0 举报 写留言 🖊   
✋热门推荐
  • 然后很嫌弃地跟我说,我才不要老了跟你住,你闲了回来玩玩就行,23333……这才是我理解的不麻烦子女整理文件,翻到这篇23333记得貌似还是刚来霓虹那阶段还在念语
  • 接着来的就是欣赏它的秋天动人色彩。郁金香是春天最勤快的花儿,基本是冒着暮春的严寒就吐露芬芳了。
  • 到了16号凌晨一点多的时候已经疼到不行了,再次内检才四指,眼泪立马掉下来,梗咽的说我真的好痛怎么办,医生也是狠心说你只能忍了,我又哭着回病房了,路上还有一家人家
  • 三年后的今天,工作总算稳定,暑假漫长舒适,正当我觉得生活未来可期的时候,却遭生活当头一棒,成了一条被分手的死狗躺在家里苟延残喘,孤独无助的回忆着过往的点滴,却发
  • #安徽信息工程学院计算机协会#——青春心向党,共筑复兴梦安信工与杨头村有机茶专业合作社共建大学生实践基地授牌仪式成功举办杨头村平均海拔在800米以上,地属亚热带
  •     我们的妄心感应到了    我们的真心,一切的万法都是我,                这就是发愿嘛!    我们的妄心感应到了    我们的真心,一切
  • 是、是的…♡我想看绝绝子!我真的想要看很多绝绝子!
  • !有无这类代餐#弯痘公主# 快用完了,赶紧来拍个照,依旧很讨好平民窟。
  • 韩雪硕士,汉语国际教育专业,曾获得学部三好学生,连续两年获得北京语言大学一等学业奖学金,2020年获得硕士研究生国家奖学金,曾任汉语进修学院学术实践部部长。曾两
  • 让最爱的你跟他们贴贴,愿今后的路挚爱一生,幸福美满[心]小八卦,给你讲个美丽的童话故事,你心眼那么好,一定会回应我的吧[抱一抱]任旧日路上风声取笑我任旧日万念俱
  • 人生不如意事十之八九,很少有人既可以选择自己热爱的工作而又能将自己热爱的事情做到极致,现实生活中更多的现象是干一行烦一行,甚至每天都有想辞职的冲动。这一次我出来
  • 佛尊是犯戒众生的怙主,你犯了戒依靠某些方法忏除不了,但是也不是没有希望。答:金刚萨埵早在因地就已经发了大愿,说:愿我来世现证佛果的时候,如果有众生造了五无间罪、
  • 3、卧室卧室这里也可以看出来,追求的也是自然却富有质感的空间缔造,直观看上去好像简单的陈设,但是每一个细节的处理都是十分考究。1、客厅客厅这里的区域可以直观的看
  • 虽然都美竹暂未回应,但都美竹的姐姐李恩倒是全程关注着此事,不久前,李恩也是转发警方通报并表示:“只有经历过地狱般的折磨 才有征服天堂的力量 我们的努力没有白费
  • 残阳是一支饱满的水彩笔,在云的面颊深情挥洒。山脚下那如梦如幻的淡粉色的云雾,模糊了一带如梦的树林,飘渺了一片如诗的村舍。
  • 生肖羊5月7日开始,财帛宫有“宏华”吉星照耀,他们财运好的一塌糊涂,有望摇身一变成大财主。属相羊他们吉星拱照,财运火力全开,无论是正财还是横财都十分旺盛,求财变
  • 19. 我只是突然情绪上头,眼泪就流出来了,你问我怎么了,我只会说没事,所以你不用担心.20. 怎么讲 讲什么 和谁讲 不用讲 不要讲 讲了也白讲.21. 接下
  • 我省抢抓机遇,适时推出秦岭山水、文化大观、地道美食、经典艺术演出、田园采摘、时尚潮玩等1200多项文化和旅游活动,为广大市民和游客欢度“五一”假期提供丰富的文化
  • 老将冯巩也不甘示弱,虽然还不知道是否会去央视春晚,但北京卫视、辽宁卫视、山东卫视三家的“offer”已经稳稳握在手中,那句经典的“我想死你们啦”今年可能会听到好
  • 能够成为当时国内最大的电线、电缆制造企业的“一把手”又恰逢改革,很多人都认为徐有泮赶上了好时候。就在两家各自开足马力忙生产的时候,“上缆”前来求援生产“国优”产