ཆུང་དུས་སུ་དཀོར་ཁ་གྲོང་ཆོག་ལ་འགྲོ་དུས་སྡེ་མིའི་འགའི་མཆོད་ཁང་ནང་དུ་པོ་ཏ་ལའི་མདུན་དུ་ཀུན་གཟིགས་མཆོག་གིས་ཆིབས་པ་བཅིབས་པའི་སྐུ་པར་དྭངས་ཤ་ཅན་ཞིག་ཐེངས་མང་པོར་མཇལ་མྱངས། དེ་དུས་སྐུ་པར་དེར་ལྟ་བར་འཚེ་སྣང་གང་ཡང་མེད་ལ་བྱིས་པའི་འཚར་སྣང་གིས་དེའི་ངོས་སུ་ཚོན་ཁྲའི་རི་མོ་གཞན་དག་གིས་ཡིད་ལ་སྤྲོ་སྣང་སྟེར། ད་ལྟའི་དུས་སུ་རང་ཉིད"ཡིག་རྨོངས་པ་ཕྱེ་ཀ"ཞིག་ལས་བརྒལ་ཐུབ་མེད་པའི་ངང་ཚུལ་འདི་ལ་བསམས་ན་སྐུ་པར་དེར་ཡང་བསྐྱར་བལྟ་བར་ངོ་གནོང་བ་ཞིག་རེད།

__དོ་ཧ།

༼རིཊ་སྨྲའི་དཔུང་ཚོགས།༽



ཁོ་བོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཆོས་གྲོགས་ཀྱི་ཚོགས་ཤིག་སྟེ། མི་ཚེ་འདིའི་སློབ་སྦྱོང་གི་ཐོག་མའི་དབུ་ཁྱུད་འབྲི་རོགས་ཡིན། དེ་རིང་ང་ཚོ་མཉམ་འཛོམས་བྱུང་སོང་། གླེང་མི་ཚར་བའི་གཏམ་རྒྱུད་གང་མང་ཞིག་གི་ཕྱིར་དྲན་གྱི་ཁྲོད་ནས་ལྷན་དུ་འཛོམས་སོང་། ང་ཚོ་ལ་བརྩེ་བ་ཟབ་མོ་མཚོན་པའི་དགའ་སྤྲོའི་རྣམ་པ་ཡོད་ལ། དགོད་བྲོ་ལ་བརྗེད་དུ་མེད་པའི་གཏམ་རྒྱུད་ཀྱང་ཧ་ཅང་མང་དུ་ཡོད། མདོར་ན་བསམ་མེད་བྱིས་པ་ཞེས་པའི་མིང་གི་ཐ་སྙད་མ་དོར་བའི་སྔོན་དང་། མི་ཚེའི་རིན་ཐང་འཚོལ་སྙེག་གི་དབུ་ཁྱུད་བྲིས་པ་ནས་གཞོན་རབས་པ་ཞེས་པའི་མིང་བྱང་ལ་རྫོགས་ཚིགས་མ་བཀོད་པའི་སྔོན། ད་དུང་བྱམས་བརྩེ་དང་ཤེས་རབ་ཀྱི་རིན་ཐང་གླེང་ཤེས་པ་དང་། མི་ཚེའི་ཁ་ཕྱོགས་དང་མ་འོངས་པའི་ཕུགས་འདུན་ལ་བསམ་བློ་གཏོང་ཤེས་པའི་བར་སོགས་ཧ་ཅང་མང་། གཞན་ང་ཚོའི་ལྷོད་མེད་ཀྱི་དུང་བ་ཟབ་མོ་ལ་བརྟེན་ནས་རིགས་རུས་ཀྱི་ཞེན་པ་ལ་འཆིང་བའི་འདས་སོང་གི་ལོ་རྒྱུས་འབྲི་དགོས་ལ། ཤེས་རབ་ཀྱིས་བྱུགས་པའི་བྱམས་བརྩེ་དྲོན་མོའི་གཏམ་རྒྱུད་ཀྱང་མང་དུ་འབྲི་དགོས། ཚེ་རབས་ཐམས་ཅད་དུ་འབྲས་བུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མུ་མཐུད་དུ་འབྲི་ཐུབ་པའི་སྨོན་ལམ་འདེབས་དགོས། མཐར་ཁོ་བོས་ཁྱེད་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཆོས་མཐུན་གྱི་བྱ་བཞག་རྣམས་གེགས་མེད་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ། https://t.cn/R2WxDVJ

མདང་ནུབ་གློག་བརྙན་流浪地球2 ཟེར་བ་འདིར་བལྟ་ཙམ་བྱས་པ་ཡིན། སྤ་སེ་ཉོས་པའི་སྐར་གྲངས་༩.༣བྲིས་འདུག། འགྲོ་གྲོན་དམངས་སྒོར་དུང་ཕྱུར་༡༡ བཏང་ཡོད་པར་བཤད་ལ་དམངས་སྒོར་དུང་ཕྱུར་༣༠ལྷག་གི་ཡོངས་འབབ་དགོས་པར་བཤད།

ཚན་རིག་རྟོག་བཏགས་ཅན་གྱི་ཚོང་ལས་གློག་བརྙན་མང་པོར་བལྟ་མྱོང་། སྒོས་སུ་ཕྱི་རྒྱལ་གྱི་འགྲོ་གྲོན་ཆེ་བའི་རིགས་ལ་བལྟ་མྱོང་ཞིང་དཔྱད་བརྗོད་ཀྱང་མང་པོ་ཀློག་མྱོང་།

ཚོང་ལས་གློག་བརྙན། འདིར་ཚོང་ལས་དང་གློག་བརྙན་གཉིས་ལས་ཚོང་ལས་གཙོ་བོར་འཛིན་པ་ཡིན། འདིའི་སྐབས་སུ་ཚད་ལྡན་དང་ཁྱད་འཕགས་ཀྱི་གློག་བརྙན་ཞིག་ཡིན་པ་གཞིར་བྱས། དེས་ཚོང་ལས་ཀྱི་ཁེ་སྤོག་ཧ་ཅང་མང་པོ་བསྡུ་ཐུབ་པ་ཡིན་པས་འགྲོ་གྲོན་ཡང་ཧ་ཅང་འབོར་ཆེན་གཏོང་གི་ཡོད་པ་རེད།

ཚོང་ལས་གློག་བརྙན་བཟོ་སྐྲུན་གྱི་ཁྱབ་ཁོངས་སུ་ཚོང་ལས་ཆེད་མཁས་པ་མང་པོས་ཚོང་གི་ལས་གཞིའི་ཁྲོད་ཀྱི་ལག་ཐབས་ཀྱང་མང་པོ་བཀོལ་བ་ཡིན་པ་ལས། གློག་བརྙན་འཁྲབ་ཁྲིད་པའི་བསམ་བློ་དང་བློས་བསླངས་ཁོ་ནར་བརྟེན་པའམ་དེའི་མ་རྩར་འདང་རྒྱག་མི་དགོས་པ་ཞིག་ནི་གཏན་ནས་མ་ཡིན་ནོ།

གློག་བརྙན་འདི་ནི་ང་རང་ཉིད་ཀྱིས་བལྟས་ཟིན་པའི་མ་རྩ་དམངས་སྒོར་དུང་ཕྱུར་བཅུ་གཅིག་བརྒལ་བའི་གློག་བརྙན་ཁྲོད་ཆེས་ཞན་པར་ངོས་འཛིན་དགོས་པ་ཡིན་སྙན། མདོར་ན་གཏམ་རྒྱུད་ཡག་པོ་ཞིག་ཀྱང་ཤོད་མི་འདུག་པའི་ཚོང་ལས་གློག་བརྙན་གྱི་མིང་རྐྱང་ཁུར་མཁན་ཞིག་གོ། དེའི་ཁྲོད་ཀྱི་འཁྲབ་གནས་ཀྱི་རྣམ་པའི་བཟོ་རྩལ་དང་མཐོང་ཚོར་སྙིང་རྗེ་མོ་རེ་གཉིས་ཡོད་པ་ཙམ་གྱིས་ཅི་ཡང་མཚོན་མི་ཐུབ་ལ་བརྗོད་ཀྱང་ཐུབ་ཀྱིན་མི་འདུག་ལ། ཐ་ན་འཁྲབ་སྟོན་པའི་འཁྲབ་རྩལ་ལ་རོགས་པ་ཙམ་བྱེད་པའི་ནུས་པ་ཡང་ཐོན་མེད་པར་སྣང་།

ཀྲུང་གོའི་གློག་བརྙན་ལས་རིགས་ལ་མཚོན་ན། འདི་ལྟ་བུ་ནི་རྒྱལ་ཁབ་ཀྱི་གློག་བརྙན་ཐོན་ལས་ཀྱི་ལས་གཞི་དང་མ་རྩ་འཕྲོ་བརླགས་གཏོང་བ། གློག་བརྙན་རིག་པའི་མཁའ་དབུགས་ལ་བཙོག་གྲིབ་བཟོ་བ་ལས་ཅི་མེད་སྙམ་པ་བྱུང་བས། རང་རིགས་ཀྱི་གློག་བརྙན་ལས་རིགས་པ་དག་གིས་ཀྱང་འདིའི་རིགས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉེར་ལྔ་འཁོད་པ། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཞེས་པ་སོགས་ལ་མནོ་བསམ་བཞེས་པ་ནི་གལ་ཆེན་ནང་གི་དོན་ཆེན་ནོ།།


发布     👍 0 举报 写留言 🖊   
✋热门推荐
  • 无端被网友辱骂“过气老狗” 王杰报警抓网友
  • 体育产业早餐1.13 |科比将主持篮球分析节目 2020年马拉松产业规模将达1200亿
  • 现实版“扫地僧”!美院保洁员水枪写书法
  • 炫富女律师道歉:我年轻不懂事
  • 尼泊尔:马上使用中国带宽连接互联网
  • 女子饿晕被救助,感谢信火了~~~
  • 火星发现深埋冰河
  • 早报 | 阿里回应淘宝再入美国黑名单:我们再次成为牺牲品;上海街头现“共享图书舱”
  • 李小璐风波后首现身 接甜馨放学心情不错
  • 全国大幅回温 不过,别急着减衣物
  • 周琦再遇危机,封盖后重摔退场
  • 苹果开放降级通道,你抓住机会了吗?
  • 乐视大厦再遭围堵,27家供应商搭帐篷逼债“请还我们血汗钱,让我们回家过年”!
  • 聚焦 | “中国或停购美国债”?美国国债还值得买吗?
  • “好大使”骆家辉离婚了?媒体说是因婚外情……
  • 奇葩!女子为让儿子在上海考大学和一上海老人假结婚,却白赚25万遗产!
  • Zara 在官方网站上发布致歉信息
  • 网曝摩拜和ofo资金紧张挪用押金?两公司回应…
  • 高圆圆舒淇同框,但旁边这美女却实力抢镜!原来她颜值这么高!
  • 陕西城固县67名学生踩独木桥上学,村民们急盼架起“生命桥”!