ཀཿཐོག་གསོ་རིག་ཁང་།
ཀཿཐོག་གསོ་རིག་ཁང་ནི། བླ་མ་ཀཿཐོག་པ་དམ་པ་བདེ་བར་གཤེགས་པ་དགུང་གྲངས་བདུན་པ་རབ་བྱུང་གཉིས་པའི་ས་བྱ་ཕྱི་ལོ ༡༡༢༩ དང་དགུང་ལོ་བརྒྱད་པ་ལྕགས་ཁྱི་ཕྱི་ལོ ༡༡༣༠ ལོར་ཡབ་གཙང་པ་དཔལ་གྲགས་ལས་སྨན་མདོ་དང་། སྨན་རྒྱུད་རྒྱ་ནག་ལས་བྱུང་བ། འཕགས་པ་ཀླུའི་གསོ་དཔྱད་ཡན་ལག་བརྒྱད་པ་སོགས་བསན། དགུང་ལོ་སོ་དགུ་པ་རབ་བྱུང་གསུམ་པའི་ས་ཡོས་ཕྱི་ལོ ༡༡༥༩ ལོར་དཔལ་ཀཿཐོག་ཏུ་གཙུག་ལག་ཁང་ཆོས་ཀྱི་ཕོ་བྲང་བཞེངས་རྗེས་མདོ་སྔགས་རིག་གནས་དང་བཅས་པ་ལ་འཆད་ཉན་དར། དེ་ཡི་དུས་གསོ་རིག་སྨན་གྱི་གཞུང་ལུགས་ལ་བཤད་པ་དང་ཕྱག་ལེན་མཛད། དེ་ནས་རིམ་བཞིན། གཙང་སྟོན་པ་དང་བྱམས་པ་འབུམ་སོགས་བརྒྱུད་ནས་ཀཿལུགས་ཀྱི་གསོ་རིག་ཡུལ་འདིར་དར། ཞིང་སྐྱོང་དང་དགེ་པན་སོགས་ཀྱི་དུས་དར་བའི་རྩེར་སོན། རིག་འཛིན་ཆེན་པོའི་ཐུགས་སྲས་སི་ཏུ་ཆོས་འབྱུང་གི་བྱང་ཟུར་ཀཿ་གསུམ་གྱི་གསོ་རིག་མ་གསན་པ་མེད་པར་མཛད། དེ་ཡི་བརྒྱུད་འཛིན་དུ་ཀོང་སྤྲུལ་དང་མཁྱེན་བརྩེ། བླ་མ་མི་ཕམ་སོགས་བྱོན། བླ་མ་མི་ཕམ་པས་གདན་ས་འདིར་རིན་ཆེན་རིལ་བུའི་ཕྱག་ལེན་མཛད། ཀཿཐོག་རང་དུ་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ལྕམ་བླ་སོགས་ཀྱིས་རྒྱུན་སྐྱོང་། འདི་གཉིས་ཀྱི་སློབ་མ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། དགེ་རྩེས་སྨན་གཞུང་དུ་མ་རྩོམ། དེ་ཡི་སློབ་མ་རྟ་ཆུང་ཚེ་རིང་ཆོས་འཕེལ། བདེ་ཆ་སྤྲུལ་སྐུ་འཇམ་དབྱངས་བློ་གསལ་རྡོ་རྗེ། མཁན་སྤྲུལ་ཨ་པད་སོགས་བྱོན། ཚེ་རིང་ཆོས་འཕེལ་གྱི་སློབ་མ་ཁྲོ་རུ་མཁན་པོ་ཚེ་རྣམ་སོགས་བྱོན། ཚེ་རྣམ་གྱིས་གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་སོགས་རྩོམ། ཨ་པན་གྱི་སློབ་མ་མཁན་ཆེན་ཤེས་རབ་རབ་གསལ་དང་། དེ་ཡི་སློབ་མ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། ཚུལ་ཁྲིམས་མཐར་ཕྱིན་དང་འཇམ་དབྱངས་བློ་གསལ་རྡོ་རྗེའི་སློབ་མ་དཔལ་ཀཿཐོག་གི་སྨན་བརྒྱུད་འཛིན་པ་བླ་མ་བཀའ་དྲིན་ཅན་བསོད་ནམས་བསྟན་པ་ཡིན། བསོད་ནམས་བསྟན་པ་དང་རྨོག་གྲུབ་རིན་པོ་ཆེ་གཉིས་ཀྱིས་ཀཿཐོག་ཏུ་ཀཿཐོག་ནད་བཅོས་གསོ་སྐྱོང་བོད་སྨན་ཁང་བཙུགས་ནས་མཁན་རྒན་བཀའ་དྲིན་ཅན་ཉིད་ཀྱིས་སྨན་པ་གསོ་སྐྱོང་དང་རིན་ཆེན་རིལ་ནག་ཆེན་པོའི་ཕྱག་ལེན་དང་སྨན་སྦྱོར་མཛད་པ་སོགས་ཀཿལུགས་ཀྱི་གསོ་རིག་དར་ཞིང་རྒྱས་པར་མཛད། གདན་ས་རང་དང་ཀཿཐོག་རྒྱུད་སྡེའི་ཡན་ལག་བཤད་གྲྭ་ཁག་གི་ནང་དུ་བུ་སློབ་དུ་མས་འགྲོ་བ་ནད་ཀྱིས་གཟིར་བ་ལ་གསོ་དཔྱད་སྨན་གྱིས་སྙོམས་པར་མཛད་ནས། མི་ལོ་བརྒྱད་བརྒྱའི་ལོ་རྒྱུས་ལྡན་པའི་ཀཿལུགས་ཀྱི་གསོ་རིག་ཞེས་གྲགས་པ་དོན་དང་ལྡན་པར་མཛད་དང་མཛད་བཞིན་པའོ། །

ཨོ་རྒྱན་པདྨའི་ཞལ་ནས། ཇི་སྐད་དུ།
​བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམསཿ
​སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིནཿ
​དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམསཿ
​ལྷ་འདྲེ་མ་རུང་ཡིད་ཀྱི་གཟུགས་ཅན་ལཿ
​ཟ་ཡི་མི་ངན་མཐིལ་བརླག་གཏོང་བྱེད་ནཿ
​སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུརཿ
​སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲཿ
​སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབཿ
​ལས་སུ་མཐུ་བསྒྲུབས་བྲན་དུ་ལྷ་འདྲེ་བཀོདཿ
​ནོར་དུ་རྫས་བསོགས་མཚོན་དུ་ཀླུ་གཏད་རྒྱོབཿ
​སྲིད་དུ་ལིངྒ་ཆོས་ལ་ནན་པ་གྱིསཿ
​ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོནཿ
​གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོསཿ
​མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིསཿ

པདྨ་བཀའ་ཐང་གི་ལེའུ་བརྒྱ་དང་བཞི་བར།

ཉིན་འདི་དག་ས་སྙིང་འཁོར་ལོ་བཅུ་བའི་མདོ་ཀློག་བཞིན་པ་ཡིན།

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཡོན་ཏན་དང་ཁོང་གིས་རླབས་ཆེན་གྱི་བརྩོན་པའི་གོ་ཆ་བགོས་ཚུལ་དང་སོགས་་་་་་་་་་་་་་བརྗོད་བྱ་ཟབ་རྒྱས་སྣ་ཚོགས་ཤིག་་་འདུག་མོད་་་་་་་་་འདིར་དུས་སྐབས་འདིར་ཤིན་ཏུ་དགོས་གལ་ཆེ་བའི་ལུང་ཚིག་དུམ་བུ་ཞིག་བཀོད་པའོ།།


发布     👍 0 举报 写留言 🖊   
✋热门推荐
  • 只要想起你就会觉得开心会感到幸福,连空闲的时间都没有,它已经被你占满。▶︎阿加莎・克里斯蒂《玫瑰与紫衫》回顾我的人生,我发现自己和其他人差不多,没有比较有趣、也
  • 此前,弗洛伦蒂诺正在承受采访时曾地下示意罗马以及那没有勒斯等球队也可能退出欧超联赛,然而罗马民间仍然宣布申明,宣称他们坚定拥护欧超联赛方案,由于足球不仅是生意,
  • 从今天起,好好睡觉,早睡早起,健康饮食,培养爱自己的能力,也能成就更好的自己。承认自己的不完美,对自己也多一点宽容;给自己时间和空间去做自己喜欢的事。
  • (朱自清)★幸福,就是有一个读懂你的人;温暖,就是有一个愿意陪伴你的人。纵然有诸多无奈,只要能晨观日出,暮赏霞落,就是一种简单的幸福;纵然有诸多风云,只要能望月
  • 好处是:默默学是全省专转本领域原题最多的机构!除此之外呢,人也长得漂亮,人与人的差异就是如此大…… 专转本老师资质判断标准如下: 命题人>阅卷人≥清华、北大毕
  • 我和老年人一样的爱吃甜的烂的。一切脆薄爽口的,如腌菜、酱萝卜、蛤蟆酥,都不喜欢,瓜子也不会嗑,细致些的菜如鱼虾完全不会吃,是一个最安分的“肉食者”。
  • 个人日记式吐槽,不喜勿喷,杠精一律拉黑http://weibo.com/u/5576931979 今日份的吐槽-关于蜜桃3大神版?!
  • 把远离粉圈四个字吸烟刻肺救命 首页皓嫣提纯全是怪露思??
  • 直而不肆, 以直导物,令去其僻,而不以直激沸於物也,所谓直若屈也。以光鉴其所以迷,不以光照求其隐匿也,所谓明道若昧也。
  • 我进到家门,放好东西,我让他俩把姥爷的痒痒挠拿过来,然后让俩人站好,伸出手,先一人打了一下,俩人哇的哭了起来。不想睡的话你自己玩玩具看看书吧,妈妈有点困先睡了。
  • 我一直在想这个 小猿SOT 跟 大宝SOD 有什么关系。又听到那个广告,什么猿辅导啊,上小猿SOT啊。
  • 【山川大河】伊犁喀拉峻草原 站在一望无际的草原上所有的烦恼都可以忘却,那种心旷神怡的感觉是不亲临现场就体会不到的。 年轻力盛的时候千万不要一直把自己封闭在屋
  • 很多勐库茶人的格局在发生改变,他们不仅从商业的角度看勐库,还在考虑如何保护和经营好这个地方。勐库茶,代表了当代茶人对茶山的认识,通过做茶,我们知道了如何表达勐库
  • 肖战工作室 和 肖战粉丝 发的图更清晰,更帅气喜欢早上起床吃着 肖战代言 的 开小灶 中午来一瓶 真果粒 晚上出去和懒惰 大决战 锻炼身体 回家就着肖战代言的百
  • 鼻部审美分析+广州鼻专家功课[星星]田跃平【typ】用鼻中隔和耳软骨做得比较多,可以做鼻骨内推,缩小鼻翼[小红花]优点:风格自然,可以拉出面中,改善鼻孔朝天的情
  • 我也一直都在悄悄关注她的朋友圈更新了些什么手作,虽然有些布料搭起来并不是我现在的审美所喜欢的,但是看到她每天都在做自己喜欢的东西,把一张张布料变成书包、笔帘儿、
  • #创城点燃城市梦想·沈阳城市定向挑战赛#随着二三里资讯以及媒体矩阵的推广《网罗沈阳新地标·2020城市定向赛》被越来越多的沈阳人所熟知咨询及报名的小伙伴也越来越
  • [微笑R][微笑R]这次给她过生日选了航空母舰的这种风格,超级帅气的布置风格,我们家小帅哥超级喜欢这个主题,抱着我亲了好几口,他们家做的这个真的一点也不敷衍,各
  • #JOSHUA洪知秀[超话]# ✨#洪知秀雪兔精灵# 210525 日推更新 知秀相关[#SEVENTEEN JAPAN NEWS]决定于HMV&Lop
  • 芦笋的做法也可以丰富多样, 可以蒸,烤,炒或烘焙。控油效果特别好,持久性比较好薄薄一层就可以扫走粉底的黏腻感但是不会遮盖住粉底的光泽让上过粉底黏黏的脸一下变得干