རང་གི་དགའ་ཕྱོགས་སམ་ཡི་གེ་འབྲི་ཀློག་གི་རིན་ཐང་དེ་རྒྱ་ཆེ་བའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཅུང་ཙམ་གླེང་ན། ཤོག་དཀར་དུང་གི་གདན་སྟེང་དུ་མ་ནོར་ཡིག་གཟུགས་འབྲི་བ་ལ་དགོས་པ་དང་དགེ་མཚན་ཡོད་དེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་གྱི་རྨང་གཞི་ཡིན་ལ། སོ་སོའི་མི་རིགས་ཀྱི་སྲོག་རྩའང་ཡིན། གཞུང་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཀྱི་སྙིང་པོ་ཡང་འབྲི་ཀློག་འདི་ཉིད་ཡིན། གང་ཟག་མཆོག་དམན་སུ་ཞིག་ཡིན་རུང་རྒྱ་ཆེན་གཞུང་ལ་ལྟ་མོ་རེ་བལྟ་བསམ་ན་ཐོག་མར་འདི་ལ་སྦྱོང་དགོས་ལ་འདི་ལ་སློབ་དགོས། ཅིའི་ཕྱིར་ཞེ་ན། བསྟན་དར་ལྷ་རམས་པས་ཞལ་ནས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས། ཞེས་གསུངས་པས་ན་དེ་ལྟར་གལ་ཆེ་བ་ཡིན། འབྲི་བ་འདི་ལེགས་པོར་མཁྱེན་གྱུར་ན་ལུགས་གཉིས་ལ་ཞབས་ཞུ་ཆེན་པོ་ཞིག་ཡིན་ལ་མི་རིགས་རང་གི་བདག་པོའང་དེ་ཚོ་ཡིན། རྒྱུ་མཚན་ནི་དེང་སང་འཛམ་གླིང་ཤར་ནུབ་ཀུན་ལ་གྲགས་དང་གྲགས་བཞིན་མཁས་པའི་དབང་པོ་གྲུབ་པའི་སྐྱེས་ཆེན་ཤེས་ཡོན་པའི་སྡེ་ཁག་ཐམས་ཅད་ཀྱིས་མི་རིགས་ཀྱི་རྩ་བ་སྐད་དང་ཡི་གེ་ཡིན་པར་ལབ་བཞིན་ཡོད་པས་ཕྱིར་ན་འབྲི་ཀློག་ཤེས་མཁན་ནི་མེས་པོའི་རྒྱུན་འཛིན་ཡིན་ལ་སྐད་ཡིག་གི་བདག་པོའང་ཅིའི་ཕྱིར་ན་མིན།གཞན་ཡང་རང་གཞན་སུ་ཡིན་རུང་མཁས་པའི་གོ་སར་ཐོབ་པར་འདོད་མཁན་རྐྱང་རྐྱང་ཡིན་པ་ཤ་སྟག་ཡིན་མོད། རྒྱུ་མེད་ལས་འབྲས་བུ་མི་འབྱུང་བ་ཆོས་ཉིད་ཡིན་པས་འབྲས་བུ་མཁས་པའི་གོ་སར་ཐོབ་དགོས་ནའང་རྒྱུ་གཙོ་བོ་འབྲི་ཀློག་འདི་ལ་ངེས་པར་དུ་སྔོན་མར་བརྩོན་དགོས། ཇི་སྐད་དུ་འཇམ་མགོན་ས་སྐྱ་པཎྜི་ཏས། གང་དག་ཡི་གེ་འབྲི་བ་པོར། །སྙོམས་གཙང་འགྲིགས་གསུམ་ལྡན་པ་དང་། ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་ས་ཐོབ་པ་ཡིན། །ཞེས་བྱ་བ་སོགས་མང་དུ་གསུངས་སོ།། སྤྱིར་བཅུ་ཕྲག་རིག་གནས་བཅས་བོད་པ་རང་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་དུ་ཡོད་ལ་ལྷག་པར་དུ་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྤྲོ་བ་ཟབ་མཁན་ཡང་མང་དུ་ཡོད་མོད་ཡིན་ནའང་སྙན་ངག་དང་འབྲེལ་ནས་རྩོམ་ཚད་ལྡན་ཞིག་བྲི་བསམ་ན་ཡང་ཐོག་མར་བྲིས་གཟུགས་ལེགས་པོར་མ་མཁྱེན་དེ་ཙམ་རིན་ཐང་དབེན་ཏེ། ཀུན་མཁྱེན་མི་ཕམ་རྒྱ་མཚོས། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། ཞེས་གསུངས་སོ།།

གལ་ཏེ་རང་ཉིད་ཀྱི་སེམས་ལ་བསྒྱུར་བཅོས་བྱེད་མ་ཐུབ་ན། ཁྱོད་རང་ཧ་ཅང་དབེན་པའི་གནས་ཤིག་ཏུ་བསྡད་ཀྱང་ཆོས་པ་བཟང་པོ་ཞིག་ཡོང་མི་ཐུབ།
དེར་བརྟེན་གཙོ་བོ་ངེས་དགོས་པ་ནི་ཆོས་ཐམས་ཅད་སེམས་ལས་འབྱུང་བ་དེ་ཡིན། སེམས་པ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ།
ལྷག་པར་དུ་ཐེག་པ་ཆེན་པོའི་ལམ་ཡང་ཡིན། དཀོན་མཆོག་གསུམ་ལ་སྐྱབས་སུ་འཇུག་པ་ནས་བཟུང་།
ཁྱོད་རང་གིས་ཤེས་བཞིན་དུ་སེམས་ཅན་གང་ལའང་གནོད་འཚེ་གཏོང་མི་ཉན།

若你的内心没有改变,即使你待在一处非常隐蔽的地方,也不可能成为一个好的修行人。

应该谨记的主要的事是:万法唯心造。
心地善良是一切佛法的根本,特别是大乘佛教之道。
皈依三宝后,你不能故意伤害任何众生。

#微博[超话]# ༄༅གུང་ཐང་འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ་པོ་ཏི་བརྒྱད་པོ་འདི་དག་སྤྱི་ལོ་༢༠༢༢ལོའི་ཟླ་༩ཚེས་༧ནས་མགོ་བརྩམས་ཏེ་སྤྱི་ལོ་༢༠༢༣ལོའི་ཟླ་༤ཆེས་༡༦ཉིན་བཀླགས་ཟིན་པའི་སྐལ་བ་བཟང་པོ་ཐོབ་སོང་ངོ་།།
三世贡唐仓·贡曲乎丹贝仲美八大文集卷于2022年9月7号开始,2023年4月16日阅读完毕。 https://t.cn/A66nFHcK


发布     👍 0 举报 写留言 🖊   
✋热门推荐
  • 「关于出生日期」我是个在外人看起来或者说嘴上说起来对生日没什么仪式感的人确实没什么可以庆祝的如果参考“人 生下来本就是来历劫”的论调那更加没什么喜气可言但我也不
  • 我是被韩国搭配博主fever种草的这种14mm超大耳钉!搭配什么风格的衣服都好漂亮!
  • 房子里面有个洞是吗 我朋友说他在这里很熟要带我绕绕,我就想跟他一起了(有一边是灰色的围墙,围墙那里还有树,另外一边是黄色招牌的商店 你不愿意等我了吗? 我不让你
  • 【12月来长沙的正确玩法】嗦粉吃小龙虾、黄兴路解放西、岳麓山橘子洲头…当然,还有更大的惊喜! #全国一半的红人都来长沙了#12月3/4日,微博#超级红人节#空降
  • 天冷了,有心血管疾病的家人们一定要知道最近气温突降,周围有心血管疾病的朋友,有两个突然发病,所以我觉得有必须写一下关于阿司匹林、硝酸甘油、速效救心丸这三种常用的
  • 青白的炊烟从商铺后的屋顶袅袅升起,不一会儿,古街便荡漾着温暖纯朴的生活味道,古老也好,现代也罢,人民的生活在一代代的沉积中延续、传承。宁静处,似乎可以看到琴音像
  • 青春经外//第一届"瀚科杯"10.27赛况来了,速来围观,有没有你们~#云南经贸外事职业学院[超话]# #篮球赛[超话]# 雨后天晴,阳光明
  • ⚠️地址有問題的請在11月18號下午6點前告訴我,因為我已把地址都整理好了其實,不要在寄出的中途改,很容易丟件的【經驗只拍了淘寶一套拍的話就【旺旺對話窗】跟我說
  • (P6—P7不是糖,画风突变让我有点惊讶[doge],P8就是我个人自己截的兰兰美图[舔屏]) 让我最最最无语的就是柯南正在拯救世界,然后想了一下兰,兰然后就说
  • 本人坐标成都 各大城市已经进入秋冬冷天啦 个人皮肤出油状况稍微缓解 天冷之后更感觉保湿维稳的重要性 由于长时间都在用A类 所以洗完脸比一般皮肤更干燥点 爽肤或
  • 每年假期回来我都会跑到阳台去看这棵玫瑰,它开了我就觉得“哇,真浪漫,咱也是种玫瑰的人了”冬天的时候它整棵树都枯了,我总觉得它会死去,还挺伤感的。只是在特定的时间
  • 全锦赛的林远,真的太惊艳太精彩了,好像性格里的一点柔软在场上都被镀上铠甲,输球后不是看拍摇头而是嘟囔再战,太帅了,狠起来了,他终于告诉我们,他又一回坚定地站在自
  • 接下来我听到最后一首栈停,没点开大概就能猜到是一首给粉丝的歌,应该会是比较真诚的类型,不会使用太多华丽的技术,于是主要集中在歌词上。歌词让我想到我非常喜欢的一首
  • #二次元动态# 第73回NHK红白歌会出场名单揭晓!原来在20世纪伊始的上海,Fashion一词被生动地译为“翻新”以上海时装“无日不翻新(Fashion)”形
  • 那好,我来替它蹭个热度。”我就好奇了,国内的各位编剧,离开相亲领养分房产,咱还能不能有点别的【原创】?
  • 工作一天回到家换上它,全身陷入柔软里,疲倦一扫而光,一双好穿的拖鞋开启美好生活太值了~加厚绒毛,雨天雪天不冻脚,这款棉拖做了双层保暖设计,就算在寒冷的东北,也能
  • 我们都会有光明的未来突然就想去爬山身前身后空无一人山路上非常安静 可以听到衣服背包的摩擦声和自己的喘息心跳声 不由得想到 多年前去普吉岛潜水的经历这种感觉有点像
  • Ps:哈哈哈哈哈其实11.25也是我自己的生日!!
  • ​ 学会忍耐,往往比强势更可贵路过的人,沿途的风景不同的感受,无与伦比的心情只有自己最清楚痛过,笑过,伤过,无奈,释然终化为生命中走过的一段痕迹或深,或浅,总
  • 要说适应,什么设计客观来说都是可以适应的,但是操作合理性的差距让汽车在发展历程中总结出了不能乱设计让人强行去适应,就像你是手打方向、脚踩油门刹车,而不是手点油门