རྗེ་བཙུན་མི་ལ་རས་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་པའི་མིག་དཔེ་ཡིན་ཞིང་། ཁོང་ནི་བཀའ་བརྒྱུད་པའི་གྲུབ་ཆེན་ཞིག་ཡིན་ནའང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྤྱི་ལ་ཁོང་གི་ཤུགས་རྐྱེན་ཐེབས་པས། ད་ལྟ་འཛམ་གླིང་ན་ཁོང་མི་ཤེས་མཁན་ཕལ་ཆེར་མེད་པའི་ཚོད་དུ་ཡོད་ལ། ཁོང་གིས་བསྐྲུན་པའི་ཆེས་མཚར་བའི་རྣམ་ཐར་རེ་རེས་མི་རྣམས་ལ་རེ་བ་དང་སྙིང་སྟོབས་ལ་རྒྱ་སོགས་མང་པོ་བསྩལ། ཁོང་ལ་“ཕོ་རྒོད་པོ་མི་ལ་རས་པ”་ཞེས་མཚན་གྱི་རྣམ་གྲངས་གཞན་ཞིག་ཡོད་པ་འདི་ཞེན་ཁོག་གིས་ནང་མི་ཞིག་གིས་བཏགས་པ་ཙམ་མིན་པར་སྐབས་དེའི་སྤྱི་ཚོགས་ན་འབུར་དུ་ཐོན་ཤོས་ཀྱི་མཁས་པ་ཞིག་གི་དགོངས་ཚུལ་ཡིན་པར་གྲགས། མདོར་ན། མི་ལ་རས་པ་ནི་ཆོས་འཇིག་རྟེན་གཉིས་ཀ་ནས་མཚན་སྙན་ཧ་ཅང་ཆེ་བའི་རླབས་ཆེན་གྱི་མི་སྣ་ཞིག་དང་ཆོས་པ་ཞིག་ལགས། དེ་བས། ཁོང་གི་ཞབས་རྗེས་ནི་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད།

___གཏེར་ཆུ།

གྲོགས་པོས་གསུང་རྒྱུར”ཙན་དན་ཇོ་བོ་འདི་ནི་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་རྩེ་ཕོ་བྲང་གི་འཕགས་པ་ལོ་ཀེ་ཤྭ་ར་དཔེར་བླངས་ནས་གོང་མ་ཆན་ལུང་ལ་ཕུལ་བ་ཡིན་ཟེར། དེའི་ཁྲི་རྒྱབ་ཏུའང་རྒྱུ་ཙན་དན་དཀར་པོ་ཡིན་པ་དང་། འབུལ་མཁན་སུ་ཡིན་པ་སོགས་བོད་རྒྱ་མན་ཇི་གསུམ་གྱི་རྒྱབ་ཡིག་འདུག་ལགས་སོ།།”

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ།

དགུ་བ།
འཕན་ཡུལ་སྤྲས་ཀྱི་འབྲོམ་ཟ་ལོ་འཚོ་མོས་ར་སྒྲེང་དུ་ནས་ཡ་བཞི་བཅུ་ཕུལ་ནས། མིང་བོ་འབྲོམ་ཚིགས་པས་ད་རེས་གཏམ་བཏང་བ་ལ་དགེ་བའི་བཤེས་གཉེན་པ་ལགས། འདི་ན་བཞུགས་པའི་གྲྭ་བ་འདི་རྣམས་ཀྱང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་འདུས་པ་ལགས། བདག་ཅག་མིང་སྲིང་ཡང་དེ་ཉིད་ཐོབ་པར་བྱ་བའི་དོན་དུ་མཆིས་པ་ལགས་པས། དགེ་བའི་བཤེས་གཉེན་པ་ལ། ཇོ་བོ་རྗེ་ལྷ་གཅིག་གི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་ཐོབ་པར་བྱ་བའི་གདམས་ངག་མི་གསང་བར་ཞུ་འཚལ་ཞེས་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། དང་བོ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་སྒོམས་ལ། རང་གིས་ཁས་བླངས་པའི་བསྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་ལ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསག །སྡིག་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱང་བ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། དེ་ལྟར་བྱས་ན་ཇོ་བོ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱ་མི་དགོས། སངས་རྒྱས་པར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒད་པོ་དང་མ་ཕྲད་སྙམ་པའི་མྱ་ངན་བྱ་མི་དགོས་ཆོས་དེ་ལས་མེད་གསུང་། ། 

  དགེ་བཤེས་སྟོན་པ་ལ། དགེ་བསྙེན་ཅིག་གིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན། དངོས་མ་བརྒྱུད་ནས་རྟག་ཏུ་གཞན་དོན་འབྱུང་བའི་རྒྱུ་མ་ལགས་སམ་ཞུས་པས། སྟོན་པའི་ཞལ་ནས། གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་ཡིན་པ་ཨ་ཅང་ཆེ་སྟེ། རང་ལ་རང་དོན་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་ཏེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན་ངན་སོང་གསུམ་དུ་སྐྱེ་མི་སྲིད་དེ། ད་ལྟ་ཉིད་ནས་ཕྱིར་མི་ལྡོག་པ་ཞེས་བྱར་གཏུབ། གལ་ཏེ་སྔོན་གྱི་ལས་ངན་ཚན་ཆེན་པོ་དང་། དེ་ལྟའི་གློ་བུར་གྱི་རྐྱེན་དྲག་པོའི་དབང་གིས་ངན་སོང་སྐྱེས་སྲིད་ཀྱང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་གཅིག་དྲན་པ་ཙམ་གྱིས་དེ་མ་ཐག་ཏུ་ངན་སོང་གི་སྐྱེ་གནས་དེ་ཉིད་ལས་ཐར་ནས་མཐོ་རིས་ལྷ་དང་མིའི་གོ་འཕང་ཁྱད་པར་ཅན་ཐོབ་ངེས་པ་ཡིན། དེ་ཡང་། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཅེས་གསུངས་པ་ལྟར་རོ། །དེས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ནི་རང་གཞན་གཉིས་ཀའི་དོན་ཆེན་པོ་འགྲུབ་པའི་རྒྱུ་ཡིན་གསུང་། 

མུ་འགོད།  https://t.cn/z8Ac3wc


发布     👍 0 举报 写留言 🖊   
✋热门推荐
  •  看到这里,真的是很不解,也很生气,宋思明凭什么自己不离婚,却要求海藻只属于他自己一个人。 看到这里,真的是很不解,也很生气,宋思明凭什么自己不离婚,却要求海藻
  • 比如说,某资深律师,他在为公司服务的过程中,对公司业务发展起到了很大的作用,当他提出想占有一定的股权,该如何处理?通常在这种情况下,都会建议CEO对其他的股东进
  • 618超大额红包,无门槛,每天可领可叠加: 淘宝红包京东红包 【王俊凯同款】高姿精华防晒霜女面部美白隔离学生党身体防晒乳男【包邮】 【现价】 99 元 【券后价
  • 明月直入,无心可猜​你知道的最近灵感颇多,所以容易悲伤,所以你总想不同方法逗我开心,你的好意心领了,唯有说声多保重,谢谢[握手]​图一二是刚刚爬起来拍的​图三天
  • 随之执事金山、高旻,结茅潜修终南。一九一五年九月十五,遵高旻月朗祖师命,承高旻寺明轩长老法,爲临济宗第四十六世祖。
  • 不过,在新的行业趋势下,终究会有一部分人会变成富豪。孙老师前一秒还在感叹自己把我们班管理的不错 下一秒突然说 ch我是真的没管好 然后对着我说 你就是不肯吃苦啊
  • (然后他今天也在 vchat也没去要 reason emmm没啥想法hh单纯看他好纯)最开心的应该是我买到了三菱的这几支笔哈哈最最最无语的莫过于我买不到乌龙茶
  • #茶##大粤茗珠 日前,省文旅厅官网发布了《关于公布第三批广东省文化和旅游特色村、乡村旅游精品线路名单的通知》。各地最大雨量(毫米):丰顺丰良镇 203、梅江区
  • ”출처: [BANGTAN BLOG:티스토리]当我想起大家时,因为浮现在脑海的这些感情会充溢,偶尔会想这一切都消失的话,或者是场梦的话该怎么办. 我有这么想
  • )还是等有同城姐妹也出来发声才慢吞吞说那我帮你们几个发货[微笑]结果到现在十几天过去了一点声音都没有,p3说的没发货的ktt找他结果ktt私信的消息到现在还是未
  • 农民维权难,难难,真的太难了,我是李志桥,86岁,男,汉族,身份证152103193801085132,电话15049030989,内蒙古呼伦贝尔扎兰屯市成吉思
  • #配音演员_任小邪[超话]# 1、 别慌,月亮也正在大海某处迷茫2、 愿自己坚定而柔软自信且谦逊阳光而皎洁3、 所求皆如愿 所行化坦 途多乐 长安宁4、 愿你的
  • 偿还佛说世间所有的相遇都是久别的重逢每一场缘分都是前世今生轮回的业障都是三生三世修来的正果弘一法师说相逢的意义在于彼此照亮不然的话一个人喝酒也很浪漫一个人吹风也
  • 奥通达奥迪4S店将秉承奥迪品牌“以心悦心”的服务理念、远通集团“真诚服务 关爱随行”的服务理念,打造临沂豪华车市场的全新标杆,为每一位奥迪车主带来极致尊贵的购车
  • 见山是深情伟岸,见海是热情澎湃,见花见草信他们皆有故事,唯独见了你,山川沉默,海面静谧,花鸟鱼虫被光与尘凝固,世界万籁俱寂,只剩下你啊我对你是招摇过市,明目张胆
  • 在当时开会的时候,那时还是3月,我明确提出了一个概念,叫「希望」我希望我们的POLO衫并不是一件工装,我不希望我的消费者穿上了POLO衫,就要想着他要开始不喜
  • 进去淘气堡内瞬间颠覆了我之前对淘气堡又小设备又少的看法,这家淘气堡真的大到了我无法想象的程度,里面的餐厅都一应俱全!都合格了以后才能进去淘气堡内,而且验码测温的
  • 做事也是一样的,项目千千万,你不可能全抓住,只能挑选两个最适合的,然后专注聚焦努力坚持。联系电话:15132725717(微信同号) 年过三十,也有一些阅历,也
  • #晚安鲜城# 人生建议:不要拧巴! 读书时由于心疼父母做体力活挣钱难,想减轻他们的压力,每次爸妈给我生活费时,我总要一半的钱,导致自己手头紧巴巴,什么也不敢买
  •   本会理事会由蔡理事长进强先生领导,自履新以来,尽忠负责,除了推广会务,进行相关兴革工作,还代表本会出席友好社团联谊活动,提高本会知名度,为了增进理事之间感情