བཤེས་གཉེན་བསྟོད་པའི་ཚིག་རྒྱན་དད་པའི་སྒྲ་དབྱངས།

རབ་མཛེས་ཟླ་གཞོན་སྲིད་པའི་རྩ་སྟོངས་སུ་ཕྱུང་ཞིང་།།
རབ་མཁྱེན་རྒྱལ་བའི་ཞི་ལམ་མགྲིན་དབྱངས་སུ་འཇེབས་པ།།
རབ་གསལ་དགོངས་དོན་རྒྱལ་བའི་ཐུགས་ཀ་ནས་འཐེན་མཁན།།
རབ་བྱུང་བསྟན་པའི་རྒྱན་དུ་ཐུབ་དབང་གིས་བཀོད་དམ།།

ཆགས་མེད་རབ་དྭངས་བཅུད་ལྡན་འོ་མཚོ་ཡི་དཀྱིལ་དུ།།
སྡང་བྲལ་གཉེན་གྱི་མངའ་འདྲེན་ཡེ་ཤེས་ཀྱི་སྤྱན་གང་།།
གཏི་མུག་མུན་པའི་དབྱིངས་སུ་གསལ་ལམ་མེར་སྒྲོན་པ།།
འཇམ་དབྱངས་མཁྱེན་པའི་གཏེར་གྱི་ཕོ་ཉ་ཨང་མིན་ནམ།།

ས་འཛིན་སྒེག་མོའི་རྣ་བ་ཀྲོག་ཀྲོག་ཏུ་གཡོ་ཞིང་།།
སྟོབས་ལྡན་གྲགས་པའི་དཔལ་ཡང་རང་ཆས་སུ་འཁོར་བ།།
རབ་དྭངས་རབ་ཡངས་གང་འདོད་སྙན་འཇེབས་ཀྱི་གསུང་དབྱངས།།
ངག་དབང་ལྷ་མོའི་བརྩེ་ཆེན་ཐུགས་རྒྱུད་དུ་འཕོས་སམ།།

ཟབ་ཆོས་བདུད་རྩི་རྩེད་དགའི་དཔལ་ཡོན་དུ་བྲེལ་ཞིང་།།
ཤེས་བྱའི་སྐྱེད་མོའི་ཚལ་ནས་སློབ་ཚོགས་ཀྱི་གཙུག་ན།།
བློ་གྲོས་པདྨའི་འོད་མདངས་མངོན་གསལ་དུ་མཛེས་པ།།
མཐོང་ན་མི་མཐུན་མེད་པའི་དཔེ་བྱད་དེ་མངའ་འམ།།

རྣམ་མང་རོལ་བའི་བྱམས་བརྩེའི་གུར་ཁང་དེ་ཕུབ་ནས།།
རྣམ་དཔྱོད་གར་གྱི་འཕུར་ལྡིང་རྩལ་ཆེན་དེ་ངོམ་སྟེ།།
རྣམ་དཀར་བགྲོད་པའི་ཐབས་ལམ་དངོས་མ་དེ་སྟོན་པའི།།
རྣམ་ཐར་ལུགས་བཟང་བསྐྱང་ལ་སྲིད་པ་འདི་བཟུང་ངམ།།

དགེ་བཅུའི་དཔལ་གྱི་མཚར་སྡུག་ལམ་ལམ་འཕྱོ་ཞིང་།།
བསོད་ནམས་འབུམ་གྱིས་བསྐྲུན་པའི་དགེ་ཚོགས་ཀྱི་གནས་འདིའི།།
མཁས་མང་བྱེ་བའི་དབུས་ན་སྒྱུ་སྐར་བཞིན་གསལ་བ།།
མི་འཇིགས་རྣམ་བཞིའི་དམ་བཅའ་མཛད་ཟིན་ཅིག་མིན་ནམ།།

རྩུབ་པོའི་རྨུ་རྒོད་བརྩེ་བའི་ཀློང་ཡངས་སུ་བསུས་ཤིང་།།
མུན་པའི་འཁོར་ཚོགས་མཁྱེན་པའི་ནུས་སྟོབས་ཀྱིས་བཤིག་སྟེ།།
དམ་པའི་སྤྱོད་བཟང་ལན་གཅིག་སྟོན་པ་དེ་མཐོང་སྐབས།།
མཁས་གཞན་འཚོལ་བའི་མོས་པ་སྔོ་བསངས་མས་ཁུར་རམ།།

ཕྱོགས་བཅུའི་རྒྱལ་བའི་མཁྱེན་བརྩེས་བདག་གི་རུ་མཛད་ཅིང་།།
ས་བཅུའི་འདུན་མ་ངག་དབང་ལྷ་མོ་ཡིས་སྟོན་ཏེ།།
གཞན་དོན་མཛད་ལ་དུབ་མེད་སྙིགས་མ་འདི་བཟུང་པ།།
སྤང་པ་རྣམ་བཞི་ཞལ་བཞེས་མཛད་ཚུལ་དེ་སྟོན་ནམ།།

དཔྱོད་ལྡན་རྩེན་པའི་བློ་གྲོས་མངོན་མངོན་དུ་འཁྱུད་ཅིང་།།
བདེ་བའི་ཞི་སྒོ་གཅིག་པའི་ལམ་བཟང་གི་མ་མ།།
མཁས་དང་རྟོགས་པའི་དབུས་ན་བསྒྲུན་མེད་དུ་འཁོད་པ།།
མཚན་དཔེ་གསལ་རྫོགས་གྲུབ་ལས་གཞན་དོན་དེ་སྒྲུབ་བམ།།

མདོར་ན་མཚར་སྡུག་དབྱངས་ཀྱི་བདག་མོ་ཡི་གསུང་སྲས།།
བློ་གྲོས་མཁྱེན་པའི་གཏེར་གྱི་མཛོད་འཛིན་པའི་ཐུགས་སྲས།།
སྐལ་བཟང་རྣམ་འདྲེན་བཞི་པས་དངོས་བཟུང་གི་སྐུ་སྲས།།
རྒྱལ་བ་ཀུན་ཀྱང་དགྱེས་པའི་མཛད་ཆེན་དེས་ངལ་ལམ།།

ཞེས་དམ་པ་གང་གི་ཞབས་རྡུལ་ཕྲ་མོ་ཙམ་ཡང་སྤྱི་བོར་ལེན་པའི་སློབ་བུའི་ཚོགས་ཀྱི་ཐ་ཤལ་བ་ཡོན་ཏན་དར་རྒྱས་ཀྱིས་བྲིས།

ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་།།
ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་བརྒལ་ཏེ།།
གཅེས་ཤིང་ཕངས་པའི་སྲོག་གི་ཉག་ཐག་རལ་གྲིའི་སོ་ལ་དྲངས་པ་ལས།།
དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་སྟེས་གཞུང་འདི་གྲུབ།།
བློ་གྲོས་སྤོབས་པའི་རང་གཤིས་རེ་རེར་གངས་སེང་གཡུ་རལ་ང་རོ་སྒྲོགས།།
གངས་ཅན་ཐུན་མིན་རིག་གཞུང་དག་ལ་དཔྱད་རྟོཊ་དཔལ་གྱི་ཟིལ་གནོན་ཁྱབ།།
རང་སྡེར་གཅེས་པའི་ལྷག་བསམ་འོ་དཀར་མ་ངེས་རིག་པའི་སྟོབས་ཀྱི་སྒྲུབ།།
རྟོཊ་སད་དྭངས་མའི་བེཌཱུརྱ་ཁྱེད་བདག་བློའི་མུན་སེལ་སྒྲོན་མེར་རྟག་ཏུ་གུས།།

འདི་ནི་དུས་རབས་བཅུ་བཞི་བར་འབྲི་གུང་དཔལ་འཛིན་གྱིས་མཛད་པའི༼ཆོས་དང་ཆོས་མ་ཡིན་པའི་རབ་བྱེད༽བྱ་བའི་དཔེ་རྒྱུན་ཧ་ཅང་དཀོན་པའི་མ་ཕྱི་དེ་རེད། དེ་ནས་ལོ་ཉིས་བརྒྱ་ལྷག་གི་རྗེས་ཏེ། དུས་རབས་བཅུ་དྲུག་པར་སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་འདི་ལ་དགག་ལན་ཞིབ་མོ་ཞིག་བྲིས་ཡོད། ཕྱིས་སུ་འབྲི་གུང་དཔལ་འཛིན་གྱི་ཀརྨ་པར་ཆབ་ཤོག་ཅིག་བྲིས་ཡོད། བདག་གིས༼དབའ་བཞེད་བསྐྱར་ཞིབ༽ཀྱི་དཔྱད་རྩོམ་དེ་འབྲི་དུས་སུ་འདི་ལ་ཁུངས་བཅོལ་ཡོད། དིང་སང་བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ་སྣབས་ལུག་ཅིག་གིས༼དབའ་བཞེད་བསྐྱར་ཞིབ༽ལ་ཀླན་ཀ་འཚོལ་བའང་ཐོས་མོད། མུ་ཏོའི་སྤྲང་ཁུག་ཙམ་ལས་རྡོ་རྗེ་གདན་ལ་ཙི་གུས་སོ་འདེབས་པའི་ངང་ཚུལ་ལ་སོང་་ཡོད་སྙམ་པས་ཁུ་སིམ་མེར་བཞག་ཡོད། མདོར་ན། གཡས་རུའི་མཁས་དབང་འབྲི་གུང་དཔལ་འཛིན་གྱི༼སྔགས་ལོག་སུན་འབྱིན༽འདི་ནི་རྒྱལ་རབས་དབའ་བཞེད་ཀྱི་འཕེལ་རིམ་ལ་དབྱེ་ཞིབ་བྱེད་པར་མེད་དུ་མི་རུང་པ་ཡིན། — བན་ཤུལ་པས་ལྷ་སར།


发布     👍 0 举报 写留言 🖊   
✋热门推荐
  • 就是说大家已经错过了我最容易被忽悠感动的时期,意思是拜托一些男的不要想来感动我,说话的时候也小心一点,我本人尽量不缺德,但是话里话外尽透露出一些只以自己为中心的
  • 21&25 的ost好听 #스물다섯스물하나# 歌词也写的很好 “니 생각으로 힘이 나네 방금전에 널 본 것 처럼/ 너 나를 빛나게 해 존재만으로”
  • 希望经济的基本面二、三季度能够好起来,股市也能有所反弹,各方面的业者都太难了#阳光信用[超话]#[鲜花]#阳光信用# 乐善好施、扶贫帮困, 是中华民族的传统美德
  • 说到刘亦菲,就不得不提她和“干爹”陈金飞的往事,以及她与韩男演员宋承宪的爱恨纠葛,今天小妹儿就来详细地扒一扒神仙姐姐的生活!有外界宣称,林志颖是刘亦菲的初恋男友
  • 17.最近总对每天发生的事情,以及和你的见面都很期待18.又错过想看的演出,每次都和期待的事情差那么点儿。8.原来平凡的小事,只要有你在身边就会变得不一样呢!
  • 刚刚收了一下书,就拿它当个小书柜吧……从小在亲戚家和学校间辗转,一直没有属于自己的稳定空间,所以想看书一般去图书馆借,不然就看电子的,但有些特别喜欢的还是会买下
  • 当人到中年,经历过的悲欢离合总是让人学会坚强,也让人不断成长,可以让我们华丽转身,回归平和淡然的清明之境,做那个最真实的自己。平淡的人生,是一种刚刚好的温柔,一
  • 如果有一个人,走进你的生命,再也离不开,那么,就要好好珍惜。你朝思暮想的人,不一定是适合你的人,而真正适合你的人,却总是在忽视或者错过。
  • 昨晚歪床上看书,看着看着竟是睡着了,没多久一下子诧醒,关了读书灯继续睡,小窝倒腾得差不多了,开始做减法,慢慢地清掉并不十分需要的东西,现在在产业园过着简简单单的
  • #梦想旅行家#秦始皇,一个至今在中国大地上如雷贯耳的名字,他给我们留下了历史的瑰宝。 这个被称为“世界最大的地下军事博物馆”的巨型陵墓,已经考证的面积超过2万平
  • #罗马假日# b电影中的一句话,道尽了故事的结局。【出处:《 罗马假日 》】#任嘉伦[超话]# 1「当然,我一直都没有停止脚步,下次让你们看到的时候,希望你们可
  • 结果就是到现在我们家也没请上阿姨[偷笑] #生活点滴##两性情感##石头剪子布[超话]#成就大爱♥️允石很棒!⭐️和剪石老公的日常点滴分享我和老公刚住一起的时候
  • 然而,你我却心灵相犀,化为绿叶,守护着这世间一朵花开的时光!然而,你我却心灵相犀,化为绿叶,守护着这世间一朵花开的时光!
  • 也因为接二连三的爆料,吴奇隆和刘诗诗都被推上了舆论的浪尖。之后,又有某八卦媒体的最新提到了某男星因戏生情爱上淡颜系女星,而曝光的婚纱照图也被指与吴奇隆和刘诗诗相
  • 谁能一眼认出这是谁吗?没错,这正是邹市明的老婆冉莹颖。 这是一组她今日在微博庆祝妇女节PO出的美照,并配文写道:“相信自己是一切美好给予的存在,节日快乐,美人们
  • 在外界看来,这得益于第三次创业-创新创业计划后,长安汽车品牌号召力与产品竞争力的大幅提升。其中在新能源领域,中国品牌乘用车的占有率更是达到83%,主流中国品牌已
  • ——宋·晁冲之《春日》桃之夭夭,惊艳整个春天,让我们一起赏读古诗词里的桃花名句吧柳下桃蹊,乱分春色到人家。——唐·李贺《将进酒》桃之夭夭,惊艳整个春天,让我们一
  • 人们常常谈论他的成功秘诀,甘道夫在谈到自己的成功时,平静地说:“我成功的秘密相当简单,为了达到目的,我可以比别人多努力一倍,艰苦一倍,而这是大多人不愿意做的。这
  • #因疫情推迟还房贷有必要提上议事日程#不要小看房贷断供的风险,它不仅影响个体和家庭的稳定,对银行和房地产业也会带来一定程度的冲击。#因疫情推迟还房贷有必要提上议
  • 为什么明明都猜对了,却总是选择继续信你!当时#宝宝的少女心# 你微信用这个背景图的时候,我们就吵过架,你用迪士尼背景图的时候,你说你是在网上看到的!