མདང་སུམ་རྨི་ལམ་ནང་དུ། །
རང་ཁྱིམ་དྲོད་ཁུལ་དེ་ནས། །
བྱམས་ལྡན་ཨ་ཕ་ངེད་གཉིས། །
ཞལ་འཛོམས་ཐེངས་གཅིག་བྱུང་བ། །
བག་ཆགས་ཡུན་དུ་གོམས་པས། །
ཞལ་རས་སྔར་ལྟར་གསལ་བ། །
མི་རྟག་བློ་གཏད་མེད་པས། །
ཡིད་ཙམ་དེ་ནས་བོར་སོང་། །
ཞོགས་པར་མལ་ནས་སངས་དུས། །
ད་དུང་འཁྲུལ་བར་འདུག་ཀྱང་། །
འཁྲུལ་བ་རྫུན་པ་དེ་དང་། །
འབྲལ་འདོད་ཡེ་ནས་མེད་པ། །
རང་ཁྱིམ་དྲོད་ཁུལ་དེ་ནས། །
བྱམས་ལྡན་ཨ་ཕ་ངེད་གཉིས། །
ཞལ་འཛོམས་ཐེངས་གཅིག་བྱུང་བ། །
བག་ཆགས་ཡུན་དུ་གོམས་པས། །
ཞལ་རས་སྔར་ལྟར་གསལ་བ། །
མི་རྟག་བློ་གཏད་མེད་པས། །
ཡིད་ཙམ་དེ་ནས་བོར་སོང་། །
ཞོགས་པར་མལ་ནས་སངས་དུས། །
ད་དུང་འཁྲུལ་བར་འདུག་ཀྱང་། །
འཁྲུལ་བ་རྫུན་པ་དེ་དང་། །
འབྲལ་འདོད་ཡེ་ནས་མེད་པ། །
མཐོ་དམན་སྐྱ་སེར་ཕོ་མོ་སུ་འདྲ་ལ་བལྟས་ཀྱང་།།
ཆ་ལུགས་རྣམ་འགྱུར་ཕོ་སྒྲོབ་ཆེ་ཆུང་ཙམ་མ་གཏོགས།།
སྡུག་གིས་མི་ཚེ་བསྐྱལ་བ་མཉམ་མཉམ་དུ་འདུག་པས།།
སྐལ་མཉམ་གྲོགས་མཆེད་རྣམས་ཀྱི་སྣང་ཚུལ་འདི་སྐྱོ་བ།།
———རྒྱལ་མཆོག་བདུན་པ་ཆེན་པོས།
ཆ་ལུགས་རྣམ་འགྱུར་ཕོ་སྒྲོབ་ཆེ་ཆུང་ཙམ་མ་གཏོགས།།
སྡུག་གིས་མི་ཚེ་བསྐྱལ་བ་མཉམ་མཉམ་དུ་འདུག་པས།།
སྐལ་མཉམ་གྲོགས་མཆེད་རྣམས་ཀྱི་སྣང་ཚུལ་འདི་སྐྱོ་བ།།
———རྒྱལ་མཆོག་བདུན་པ་ཆེན་པོས།
གང་ལ་བརྟེན་ན་བསླུ་བ་མ་མཆིས་པའི།།
སྐྱབས་གནས་རིན་ཆེན་གསུམ་གྱི་ཐུགས་རྗེའི་མཐུས།།
དོན་མེད་འཁོར་བའི་འཕྲུལ་སྣང་ཀུན་ཞི་ནས།།
བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས།
དགེ་འདུན་ཆོས་འཕེལ་ནས།
依彼永时无有欺惑者,
怙主三宝大悲之妙力,
无义轮回迷现息灭已,
祈祷加持心趋入妙法。#来自德格县 宗萨寺#
སྐྱབས་གནས་རིན་ཆེན་གསུམ་གྱི་ཐུགས་རྗེའི་མཐུས།།
དོན་མེད་འཁོར་བའི་འཕྲུལ་སྣང་ཀུན་ཞི་ནས།།
བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས།
དགེ་འདུན་ཆོས་འཕེལ་ནས།
依彼永时无有欺惑者,
怙主三宝大悲之妙力,
无义轮回迷现息灭已,
祈祷加持心趋入妙法。#来自德格县 宗萨寺#
✋热门推荐