མཁས་དབང་དགེ་ཆོས་ཀྱིས།
རྒྱལ་བ་ཙོང་ཁ་བ་ལྟ་བུ་ཞིག་བོད་ལ་བྱོན་མེད་ན། ང་ཚོ་བོད་པ་ཚང་མ་ག་ས་གང་ལ་འཐོར་ནས་ད་སྐབས་ཡོད་པ་མ་རེད། རྗེ་ཙོང་ཁ་བའི་དྲིན་གྱིས་ཆོས་ཀྱི་ཐོག་ནས་མི་རྣམས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཡོད། རྒྱལ་བ་ཙོང་ཁ་པས་ཤིང་གི་ངོས་ལ་དཔེ་ཆ་བརྐོས་ཏེ་དཔར་ཆོག་པའི་ལུགས་སྲོལ་ཞིག་བཙུགས་པའི་རྗེས་ནས་བོད་ཀྱི་སྐད་ཡིག་གཉིས་ལ་འགྱུར་བ་སོང་མེད། ཤར་རྒྱ་མཚོ་ནས་ནུབ་ཛ་ལན་ངྷ་རའི་བར་དུ་ཨ་མདོའི་བླ་རྒན་འདིས་དབང་བསྡུས་པ་རེད། དེའང་ཁོ་གིས་ཁ་ཡག་ངོ་སྲུང་གི་ལས་ཀ་བྱས་པ་མེད་ལ། དེ་འདྲ་ནམ་ཡང་བྱེད་ཀྱང་མི་སྲིད། ཆོས་གོས་སྣམ་སྦྱར་གཉིས་ཀྱིས་དབང་དུ་བསྡུས་པ་རེད། ཅེས་གསུངས།

*

བར་སྐབས་ཀྱི་ཚོར་གླུ་གྱ་གྱུ།

འཁོར་བའི་འདམ་ནས་རྙེད་པའི་སྲོག་གི་མེ་ཏོག །
ལས་ཀྱི་ལྷ་སྐལ་ཕུལ་བའི་བྱིན་རླབས་ཡིན་འདྲ།།
ཚོར་བ་སྨུག་སྤྲིན་སྟུག་པོའི་སྒྱུ་མའི་གླིང་ནས།།
འདང་གིས་རོལ་མོ་བཀྲོལ་བའི་རྟེན་འབྲེལ་ཡག་པ།།

དགའ་བདེའི་དཔལ་ཡོན་རྒྱས་པའི་སེམས་གཤིས་དྭངས་མོས།
དུང་སེམས་ཞེ་ལ་ཐོག་པའི་དབྱངས་ཤིག་གྱེར་དང་།།
མིག་གིས་རྒྱང་ནས་འཚོལ་བའི་ལོ་ཟླའི་བར་གསེང།།
རྨི་ལམ་སེམས་ཀྱི་སྲུང་མའི་དན་རྟགས་རྙེད་བྱུང་།།

སྣང་བ་གྲུ་ཆར་བབས་པའི་ལོ་དང་ཟླ་བར།།
མེ་ཏོག་བརྗོད་བྱར་ཟིན་པའི་སྙན་ངག་བྲིས་ན།།
བདག་ཡིད་ལྷ་སྐལ་གླེང་བའི་ཐ་སྙད་གསེང་ནས།།
མགུར་གླུ་སྙན་མོས་བཞེང་པའི་སྟ་གོན་མཛེས་པ།།

ངོ་གནོང་དུག་རླངས་ཡལ་བའི་སེམས་ཀྱི་ཀློང་ནས།།
འཛུམ་གྱི་རང་མདངས་མ་ཡལ་ལྷ་གྲོགས་ཕེབས་དང་།།
མེ་ཏོག་ཆ་གཅིག་སྐྱེས་སའི་སྤང་ཐང་ཡངས་པོར།།
ལོ་ཟླའི་བར་གསེང་འཆར་བའི་འཇའ་གུར་ཕུབ་འདུག།

འཁོར་འདས་ཞི་དབྱིངས་ལྟ་བུའི་སྣང་བའི་ཁམས་ནས།།
བཅོས་མིན་ལྷུག་པར་བཞད་པ་འཛུམ་པའི་ཞལ་རས།།
ཞི་རགས་ལྷ་ཞལ་མཐོང་བའི་སྟ་གོན་མིན་ཡང་།།
སྣང་བའི་ཁམས་ནས་རྙེད་པའི་ཟིན་ཐོ་བྱ་ཆོག །

ལང་ཚོའི་པད་འདབ་བཞད་པའི་རང་གཤིས་གཙང་མར།།
སྣང་བའི་མཁའ་དབྱིངས་དྭངས་སར་ལྷོད་ཀྱིས་བྱོན་དང་།།
བསུབ་མེད་རུས་ལ་བཀོད་པའི་དན་རྟགས་གསོན་པོ།།
དྲན་པའི་མཁའ་ལམ་བཞེངས་པའི་རྡོ་རིང་ཡིན་འདྲ།།

རྒྱང་ནས་དལ་གྱིས་བླངས་བའི་དགྱེས་གླུ་རིང་མོ།
དབུས་ལམ་དར་ཐང་དཀར་པོའི་པི་ཝང་དཀྲོལ་བཞིན།།
མཉམ་བཞག་བརྗོད་མེད་ཚོར་བའི་ཟིན་ཐོ་མིན་ན།།
གཉིས་འཛིན་ཀུན་སློང་དྲག་པོས་འཆང་བ་མ་གནང་།།

དབྱངས་ཅན་ངག་གིས་དཀྲོལ་བའི་སྒྲ་དབྱངས་སྙན་མོ།།
གང་གིས་བདེན་པར་མ་རློམ་སྒྱུ་མའི་པི་ཝང་།།
ཚིག་ལ་གོ་རིམ་བསྒྲིག་པའི་ཚོར་བའི་མགུར་ཆུང་།།
ཡང་ཡང་རྣ་བའི་བླན་ཡང་ཚིམ་པ་མ་བྱུང་།།

རི་ལུང་སྨུག་སྤྲིན་འཁྲིགས་པའི་གཞོལ་ནས་འཚོལ་ཏེ།།
གཞས་ཆུང་ངག་གིས་གྱེར་ཏེ་དབྱངས་ལ་བཀུག་ན།།
མ་སྐྱེས་གདོད་ནས་འཁྲུངས་བའི་ཨ་ཡིག་དཀར་པོས།།
ཆུ་འཛིན་འོད་ཀྱིས་འཚེར་ཏེ་མཁའ་ལམ་གསལ་ཤོག།

སྒེའུ་རྒྱ་ཕེབ་སེར་པོའི་དབུས་ནས་འཛུམ་པའི།།
མཚན་གཞུང་ཟླ་འོད་འཕྲོས་པའི་དུས་ཚིགས་མཛེས་པོ།།
སྣང་བ་རྒྱ་ཡན་ཤོར་བའི་སྒྱུ་མའི་ལྡིག་ཁང་།།
ཚོར་བ་ལྷོད་ཀྱིས་མགུར་བའི་དབྱངས་དང་འདྲེས་སོང་།།

མི་ཚེ་ནི་ཡུད་ཙམ་ཞིག་གིས་ཚེ་སྟོད་ནས་ཚེ་སྨད་དུ་སྐྱེལ་བར་བྱེད་འགྲོ། དེ་བས་ཡུན་ཐུང་གི་མི་ཚེའི་ནང་གུ་ཡངས་བློ་བདེ་ངང་འཚོ་དགོས། བདེ་སྐྱིད་ཀྱི་འཚོ་བ་ནི་སེམས་ལས་གུད་ན་མེད་པས་བསམ་བློའི་འདུ་ཤེས་སྐོར་སྟངས་ཤིག་རེད།人生是一瞬间,一刹那就会走上半生到下半生,因此,在短暫的人生中要寬容和安心地生活,幸福的生活是一种思想的意识形态。[咖啡]


发布     👍 0 举报 写留言 🖊   
✋热门推荐
  • 她总是不开心,总是熬夜我知道我不能让她开心起来,但是我愿意陪着她一起她跟我说她知道自己在内耗,但是还爱,所以不舍得,哪怕等不到也回不去了……真是傻瓜,她是那么好
  • 性别:女孩城市:山东济南- - -槐荫区详情:两只边牧和一只小猫两只边境牧羊犬,都是母的,大的八岁,小的四岁,均已绝育,狗狗身体健康,性格活泼,是像金毛一样很粘
  • 躺在亲肤柔软的新疆“白色黄金”长绒棉被子里,接受窗外阳光的洗浴,感觉自己像生活在童话美梦中不愿醒来,果然理想中的生活就是要拥有自己喜欢的东西呀。放假我喜欢在家宅
  • 17、原来我一直不太清楚自己的择偶标准,直到后来遇见了你,我才知道,你这样的不能要。11、好朋友都脱单了,我比较厉害,我脱发。
  • ’王随即到盲父母的住所,睒摩迦的父亲那时对他的母亲说:‘我的眼皮跳动,难道是我孝顺的儿子睒摩迦有灾祸吗?’他的母亲又对父亲说:‘我的乳房惶恐不安地跳动,不会是我
  •   新年伊始,万象更新,却也别忘了默默点赞,为疫情期间每一个用力生活的你自己!  起初我们关注一群人瞩目一座城,再后来是我们的城市我们朋友的朋友我们周遭的社区,
  • 原来等待也可以如此的美丽,因为爱你。如果你累了,可以止步看夕阳,人生的路上,我陪你流浪。
  • #刘雨昕[超话]##刘雨昕这就是街舞5# 雨伞们,如果还有人没看过恨不造其微在抖发的这个视频,错过一个亿有多绝呢?我觉得是可以让看了街舞对她有兴趣的人垂直陷入爱
  • #阳光信用[超话]##每日一善# ☃️#阳光信用# ygxy较好指路不吞必hui 要确立一个远大的志向,树立和培育正确的理想信念,对自己的未来充满希望,要立志
  • 上下求索,寻找离散的国宝信息2019年,西安交通大学教授贾濯非第一次在纽约大都会艺术博物馆看到《魏孝文帝礼佛图》它摆在展厅最显眼的位置,几乎每个来参观的游客都会
  • 杨桃西芹汁 清体排毒瘦肚子维密超模果蔬汁 今晚喝这杯可以平坦小腹的果蔬汁 用了可以降脂降压的杨桃,促进肠胃蠕动的西芹,排毒抗氧化的猕猴桃,还有消水肿美白的雪梨~
  • 讲话不要只顾一时痛快、信口开河,以为人家给你笑脸就是欣赏,没完没了的把掏心窝子的话都讲出来,结果让人家彻底摸清了家底,还得偷着笑你萌娃!讲话不要只顾一时痛快、信
  • TO :本田仁美✨全南韩最瘦的爱豆hi酱今天有多吃饭吗?TO : 宫脇咲良小亮,温柔的人也会被世界温柔以待的,公司不把你当人看,你的身后还有味增丸,pd在韩国出
  • #张杰[超话]##独角戏抄袭他不懂# 现在工作室已经在调查了,我们能做的就是举报,不要引起无谓的骂战了,我们都是有素质的星星,都知道抄袭可耻。每个细节都和我心中
  • !!
  • 20、I just enjoy my life21、年月把拥有变作失去22、足够优秀再大方拥有23、人分两类,迷人乏味24、去发光,不是被照亮25、爱自己是终生
  • 一百个短句案牍,总有你喜好的 点赞保藏 1、生存不是挑选而是酷爱。 2、酷爱的事变都要不留余力。 3、想要的都具有,得不到的都放心。 4、别认输,入夜事
  • 如今,人空瘦,海棠落琼眸❸❹原文:我想你古文:所谓伊人,在水一方❸❺原文:我超级想你古风文:山河远阔,人间星河,无一是你,无一不是你❸❻原文:我非常爱你古风文:
  • 炒股10多年,如若遇见“涨停板后缩倍量”我会立马介入,咬定青山不放松,坐等主力拉升,如果你也想把握一轮主升浪,那么今天的内容简单易学,含金量极高,值得收藏反复阅
  • 【商品】花冠玫瑰茶桂圆红枣黑枸杞菊花组合花茶女人补气血养生八宝花草茶【原价】:28元【抢购价】:18元【下单】:点开链接,复制淘口令,打开→手机淘宝→品牌品质,