ད་ནངས་ཞོགས་པར་བུ་ཆུང་བ(འཛིན་གྲྭ་ཆེ་བ)དང་བུ་མོ(འཛིན་གྲྭ་ཆུང་བ་མར་ཞུགས་པའི་ཉིན་དང་པོ།)གཉིས་བྱིས་སློབ་ཁང་དུ་བསྐྱལ་རྗེས། ཆུང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་ཞུགས་སུ་ཕྱིན་པ་དང་། བུ་ཆེ་བ(སློབ་ཆུང་ལོ་རིམ་དང་པོ་འདོན་རན་པ་ཡིན།)ངེད་གཉིས་ཁོ་ཧྥེ་ཁང་དུ་ཡོང་སྟེ། ངས་མུ་མཐུད་དུ《མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས》བཀླགས་པ་དང་བུ་ཆེ་བས་གསལ་བྱེད་སུམ་ཅུ་ལས་ཏ་སྡེ་སྔོན་སྦྱོང་བྱས་ཏེ་ལྷོད་ལྷོད་ངང་བསྡད་པ་ཡིན། [咖啡][咖啡][咖啡] https://t.cn/A6G0D8HK

ཚངས་དབང་དགེ་འདུན་བསྟན་པ་སོགས་ཀྱིས་འདི་ནི་སྟོན་པ་དངོས་ཀྱི་པར་རེད་ཅེས་ཁྱབ་བསྒྲགས་བྱས་ནས། ཨེ་ཤུ་མ་ཤི་ཀའི་པར་འདི་བོད་པ་མང་པོ་ཞིག་གིས་མཆོད་ཁང་དུ་བཞག་མྱོང་བ་མ་ཟད། ཟི་ལིང་གི་རྩ་མ་ཚང་ཞིག་གིས་སྙན་རྩོམ་ཞིག་ཀྱང་བྲིས་ཡོད་པར་བཤད།
     ཁོ་ཚོའི་བསམ་བློ་གཏོང་ཚུལ་ཁྱད་མཚར་རེད། འདི་སྟོན་པ་ཡིན་པའི་དཔང་རྟགས་ཅི་འདུག། ཚངས་དབང་སོགས་ཀྱིས་བླུན་བཤད་ལས་གཞན་ཅི་ཡང་མི་འདུག་མོད། ཁྱོད་ཚོས་འདི་སངས་རྒྱས་ཀྱི་སྐུ་ཡིན་པའི་སྒྲུབ་བྱེད་གཅིག་ཁྱེར་ཤོག་དང་། ངས་འདི་ཨེ་ཤུའི་མ་ཤི་ཀའི་སྐུ་ཡིན་པའི་སྒྲུབ་བྱེད་བརྒྱ་ཁྱེར་ཡོང་། མ་རེད་དམ།
       བོང་རྫིས་སྟོན་པའི་སྐུ་མིན་པའི་སྒྲུབ་བྱེད་འགོད་པ།
     ཁྱེད་ཅག་གིས་འདོད་པའི་མཁས་པ་ཚོས་འདི་འདྲའི་རྨོངས་གཏམ་བཤད་ནས་ལོག་ལམ་དུ་ཁྲིད་པ་ཡིན་ཀྱང་། འགན་ཁུར་ཅི་ཡང་དགོས་པ་མ་རེད། ངས་སྔོན་ནས་བཤད་ཡོད། ང་ཚོས་རིག་ཁྲམ་པ་ཚོ་ཚར་མ་བཅད་ན་རིག་གཞུང་རྣལ་མ་དང་། དྲང་མོ། བདེན་པ་དང་རིགས་པ་གཙོ་བོ་བཟུང་བའི་ཤེས་རིག་ཅིག་དར་མི་སྲིད།
    སྤྱིར་བཏང་ཚངས་དབང་དགེ་འདུན་བསྟན་པ་ངའི་གྲོགས་པོ་ཡིན། ཡིནའང་དགེ་ཆོས་ཀྱི་སྐོར་ནས་བཟུང་། སྐད་ཆ་དྲང་མོར་བཤད་མ་སོང་། དེ་མ་རེད་ཅེས་གསལ་བོར་བཤད་པ་ཡིན་མོད། ད་དུང་ཁས་ལེན་བྱས་མ་སོང་། སེམས་ཕམ་དང་། བློ་འགྱོད་ཡོད།
      ད་དུང་གོ་བ་ལ། དེ་དུས་ཟི་ལིང་གི་རྐྱལ་སྟོང་འགའ་ཡིས་འདི་སངས་རྒྱས་ཡིན་ཟེར་ནས། སྐྲ་འདི་འདྲ་བཞག་པར་བཤད། ག་ལེར་བཤད་འོང་། ཧ་ཧ་ཧ
     ཚངས་དབང་དགེ་འདུན་པ་བསྟན་པ་སོགས་ཀྱིས། ཨེ་ཤུའི་སྐུ་འདི་དབྱིན་ཇིའི་རྒྱལ་ཁབ་གྱི་འགྲེམས་སྟོན་ཁང་ན་འདུག་ཟེར། འགྲེམས་སྟོན་ཁང་གི་མི་ཚོས་དེ་འདྲ་ཡོད་པ་ཕར་ཞོག། གོ་ཡང་མ་མྱོང་ཟེར། རི་མོ་འདིའི་འབྲི་ལུགས་སོགས་ལ་བལྟས་ན་རྙིང་བ་ཞིག་ཀྱང་མ་རེད་ཟེར། དེ་ན་རི་མོ་གང་ནས་བྱུང་བ་རེད་དམ།
     འདི་སྟོན་པའི་སྐུ་མིན་པ་རི་མོའི་ལོ་རྒྱུས་ཅུང་ཟད་ཤེས་པ་དག་གིས་བལྟས་པ་ཙམ་གྱིས་ཤེས། ལོ་ངོ་ཉིས་སྟོང་གོང་གི་འདི་འདྲའི་རི་མོ་ཞིག་འཛམ་གླིང་གང་དུའང་ཡོད་པ་མ་རེད།   
                                       2019/06/01

བོད་ཀྱི་གཡང་ཟོག་གཡག་གི་རང་བཞིན་བརྗོད་པ།

དོར་ཞི་གདོང་དྲུག་སྙེམས་བློ།

སྟག་གཟིག་དོམ་དྲེད་སྙིང་རྩ་འདར་བྱེད་པའི།།
རྭ་ཟུང་མཚོན་ཆ་མཁའ་ལ་གདེངས་པ་ཁྱོད།།
རང་གི་མཛའ་བོར་ཞེ་རྒྱུད་བལ་ལས་འཇམ།།
བྱིས་པ་བུད་མེད་རྣམས་ཀྱང་རྒྱབ་ཏུ་འཁུར།།

ཁ་ནས་གཞན་ཕན་ཆོས་སྐད་མི་སྨྲ་ཡང་།།
རང་གི་ཤ་ཚིལ་ནང་ཁྲོལ་ཀོ་རྩིད་དང་།།
ཐ་ན་ལྕི་བ་བཏང་བ་ཡན་ཆད་ཀྱིས།།
གཞན་ལ་ཕན་པ་འབའ་ཞིག་ཁྱོད་ཀྱིས་སྒྲུབ།།

བོང་བུས་ཁུར་ཆེན་འདེགས་པར་མ་བཟོད་པར།།
ཨ་རབ་ཚོང་པའི་རྗེས་སུ་འབྲངས་ནས་སོང་།།
གཉའ་བར་རི་དེའུ་ཙམ་ཞིག་བཀལ་ན་ཡང་།།
མི་འདོད་འཁུན་སྒྲ་ཙམ་ཡང་ཁྱོད་ལ་མེད།

ཅང་ཤེས་རྟ་བོ་གསེར་སྒ་ཐོབ་པའི་ཕྱིར།།
སྟོང་འཁུན་རྒྱལ་བོའི་འཕོང་གི་ཆིབས་རྟ་བྱས།།
ཁྱོད་ཀྱིས་རྔ་རྩིད་མཛེས་སྡུག་ལན་བུ་ཡང་།།
གཞན་དག་འཚོ་བའི་རྟེན་དུ་ཕངས་མེད་སྦྱིན།

ནོར་སྐྱོང་རྣམས་ནི་རུས་པ་འཆའ་བའི་ཕྱིར།།
ཧོར་སེར་དམག་གི་ཤ་ཁྱི་གཏུམ་པོ་བྱས།།
ཁྱོད་ནི་རི་རྩྭ་ཁམ་གང་མ་རྙེད་པར།།
མུག་ཤིར་གྱུར་ཀྱང་བདག་པོར་འབྲལ་མི་བྱེད།།

སེང་གེ་གངས་ཀྱི་གྲང་ངར་མ་བཟོད་པར།།
ཧྥེ་གླིང་ནགས་ཚལ་སྟུག་པོའི་གསེབ་ཏུ་བྲོས།།
ཁྱོད་ནི་ཐོག་མ་མེད་ནས་ད་ལྟའི་བར།།
སྐྱེས་ཡུལ་མཐོ་སྒང་བློ་ཡིས་བཏང་བ་མེད།།

བྱུ་རུའི་སྡོང་བོ་འཁུར་བའི་ཤ་བོ་དང་།།
གསེར་གྱི་རྐྱལ་བ་ཐོགས་པའི་གླ་བ་དང་།།
ཤེས་རབ་རལ་གྲི་སྒྲེང་བའི་རི་བོང་རྣམས།།
རང་བདེ་ཁོ་ནར་འབད་པས་ཁྱོད་བས་དམན།།

ཤ་ཚིལ་མཐོང་ཚེ་འོང་བའི་ཐང་དཀར་རྒོད།།
མེ་ཏོག་ལྡན་དུས་གླུ་ལེན་གཞན་གསོས་བུ།།
མཚན་མོའི་སྨག་ལ་དགའ་བའི་འུག་པ་རྣམས།།
གཤོག་ཟུང་ལྡན་ཡང་ཁྱོད་ཀྱི་དོ་ཟླ་མིན།

དྲེལ་ལྟར་རང་མིར་ཕྲ་ཁ་ཚད་པ་མེད།།
ལུག་ལྟར་དགྲ་ལ་གཉོམ་ཁུར་གླེན་རྟགས་མེད།།
ཕག་ལྟར་ཁྱིམ་གྱི་གྱང་རྟིང་སློག་པ་མེད།།
ལོའུ་ལྟར་ནང་རྐུན་བྱེད་པའི་སྤྱོད་ངན་མེད།།

གཞན་ལ་ཕན་བཏགས་ཕན་ལན་རེ་བ་མེད།།
རྩྭ་ཆུ་ཁྱུ་དང་མཉམ་སྤྱོད་སྒེར་སེམས་མེད།
རླུང་དང་ཁ་བ་ཆར་ཆུར་སྐྲག་པ་མེད།།
ལྟོགས་གྲང་བཀོལ་སྤྱོད་སྡུག་བསྔལ་མི་ཁྱགས་མེད།།

མིག་རྩ་དམར་ཡང་གཞན་འབྱོར་འཕྲོག་འདོད་མིན།།
ཁྲོ་གཉེར་བསྡུས་ཀྱང་གཉེན་ལ་སྡང་བ་མིན།།
རྭ་ཁ་རྣོ་ཡང་ནང་ལ་གཟས་པ་མིན།།
ངུར་སྒྲ་སྒྲོགས་ཀྱང་ལྟས་ངན་གཏོང་འདོད་མིན།།

དར་ཟབ་གོས་དང་གསེར་དངུལ་རིན་ཆེན་རྒྱན།།
མ་བགོས་ལུས་ཀུན་སྤུ་ཡིས་ཁེབས་ན་ཡང་།།
བསྔགས་འོས་ཡོན་ཏན་སྤྱོད་བཟང་རིན་ཆེན་རྒྱན།།
མི་ཡི་བསླབ་བྱར་གྲུབ་འདི་མི་མཛེས་སམ།།
 
ཞེས་པ་འདི་ནི1986ལོའི་ཟླ7པའི་ཚེས1ཉིན་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བྲིས་ཏེ་ལོ་དེའི《ཟླ་ཟེར》དུ་བཀོད


发布     👍 0 举报 写留言 🖊   
✋热门推荐
  • so注重生活的仪式感家庭版烤肉肉肉+土豆吃了好多忘记买烤肉酱了[微风][微风][微风]自己又调了另外一个神仙酱汁 蘸起来so好吃[馋嘴][馋嘴]做饭真的太有意思
  • 我的无人机还没飞起来,我一定会努力爬回来的。#王一博0805生日快乐# #王一博平安喜乐# 搞啦锅应援头像~版头应该可能也许大概正在施工中… (无墨镜版本已
  • ?其实不是,只是一天一章的强迫症而已第三章☞我觉得吧追星不是应该很快乐吗没必要闹成这样吧姐姐们的友情肯定的真的粉丝的矛盾也一定是有的但是也可以很好的相处啊我不是
  • ?其实不是,只是一天一章的强迫症而已第三章☞我觉得吧追星不是应该很快乐吗没必要闹成这样吧姐姐们的友情肯定的真的粉丝的矛盾也一定是有的但是也可以很好的相处啊我不是
  • ?其实不是,只是一天一章的强迫症而已第三章☞我觉得吧追星不是应该很快乐吗没必要闹成这样吧姐姐们的友情肯定的真的粉丝的矛盾也一定是有的但是也可以很好的相处啊我不是
  • !@UNIQ-王一博#王一博0805生日快乐# wyb#王一博平安喜乐# 【生日应援头像第二轮投票】6月27日开始,我们启动了生日应援头像征集活动,以步调一致的
  • 在此之后,新注册的用户,想要参与第二阶段挖矿,就只能买币参与POS质押挖矿了。反正你手里的ABEL是免费挖掘的筹码,你可以在任何时候,出售你的筹码!
  • 九位电影中冒着仙气的可爱少女 1.《哈利波特》艾玛·沃特森 2.《天才少女》麦肯娜·格瑞丝 3.《Lolita》多米尼克·斯万 4.《沉睡魔咒》艾丽·范宁 5
  • 就这样,再见了啊,阴阳师,再见,小笨笨丶再见,你是我的小笨笨丶 #cv逆鳞无伤[超话]# IT小能手偷偷关掉微博提醒,偷偷上红豆调设备,为的就是不被发现他是个红
  • 他强调,事业单位招聘工作是“保就业”的重要举措,参与人数众多,选拔竞争激烈。各地各有关部门要提高认识、科学组织,确保考务工作零失误、零差错;要周密防控、筑牢底线
  • TR90 3333+营养早餐Day358❤️ageLOC焕新系列(1)ageLOC焕新系列是一套蕴含ageLOC基因科技的日常护肤品,包括洁面调理摩丝、精华液、
  • 波动很小的情况下,短线交易者容易失去耐心并频繁的进行交易,更容易不断亏钱,均线走的也是比较乱,没有明确的趋势导向,两个主要的行情指标暂时失去趋势导向的有效参考,
  • 为确保施工期间道路交通安全、畅通,根据《中华人民共和国道路交通安全法》第三十九条之规定,对德胜路滨江路口至凯旋路口、德胜路遂州路口至城河北巷路口实施交通限制,现
  • 为确保施工期间道路交通安全、畅通,根据《中华人民共和国道路交通安全法》第三十九条之规定,对德胜路滨江路口至凯旋路口、德胜路遂州路口至城河北巷路口实施交通限制,现
  • 疲れる!!
  • 这是前面一段的结论:我若因吃喝而招人毁谤,乃是一件不荣耀神的事;基督徒宜尽力避免这种局面,要为荣耀神而吃喝。都甚好;…」神在前面几日只说「好」而在这里造了人之后
  • #辰颐物语原产地[超话]# 这是我们每天的发货公告‼️ 坚持原生态水果❗ 先下单后采摘 遇到雨天不采摘❗ 上次民勤蜜瓜运输途中还遇到车祸所以说哪里有什么岁月静
  • 我们现在看问题经常受到二分法影响,当一个积极事物出现的时候就往往被揣测其消极意义所在,当然这种思维要鼓励,但在“从无到有”的过程中产生的及利大于弊的事情上,还是
  • It is windy.I remember to take a plastic bag. running and jumping .Sai
  • #螺旋圆舞曲[超话]#生日快乐,我最爱的大法师泽维尔!埃伦斯坦小姐:您愿意自己身边有一个像我这样的存在吗?