“བླ་མ་བྱང་རྩེ་པའི་ཐུགས་དགོངས་ལ། ངའི་འདི་རང་བདེན་སྙམ་པ་གཅིག་བྱུང་བ་ལ། མི་ལ་ལའི་རྟོག་པ་ལ། ངའི་འདི་ཁོ་ན་བདེན་བསམ་བ་གཅིག་འདུག་སྟེ། དེ་ཀ་རང་ཡང་མ་ལགས་གསུང་།”
“ལོཙྪ་བ་ནམ་བཟང་གིས་ཤིང་ཐོག་འབུལ་བ་གཅིག་མཐོང་ནས། བྲོ་བ་ཇི་འདྲ་གཅིག་ཡོད་དོ་བསམ་པ་ལ། བྲོ་བ་ཇི་འདྲ་གཅིག་བདོག་གམ་ལེགས་པོ་གཅིག་གདའོ་གསུང་། ཁོང་གི་མདུན་དུ་བསྐྱུར་བྱུང་བས། ཁོང་ལ་ཁ་སྐྱེངས་པོ་གཅིག་བྱུང་།”

སྒྲུང་གི་མི་སྣ་གཙོ་བོ་ཁོང་གཉིས་ནས་དཔལ་ལྡན་ས་སྐྱར་སྤྲིན་གྱི་ཕོ་ཉ་རྩམ་ཟན་གྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།

དབང་གི་སྐབས་སུ་བསླངས་བའི་བརྙན་ཐུང་གཉིས་མགྱོགས་འཕྲིན་དང་ཁྱུག་དབྱིངས་ནང་དུ་སྤེལ་ཡོད་པའི་ཀུན་གྱིས་དོ་སྣང་བྱེད་ཡུལ་བརྒལ་སོང་། ཡིན་ཡང་ཁོ་ཚོས་ང་ཚོའི་སེམས་ཁམས་རྟོགས་ཐུབ་གི་མི་འདུག[挤眼]

______འཛམ་གླིང་མཛེས་པར་བྱེད་པའི་སྟོན་པ་མཆོག་དང་པཎ་གྲུབ་བཅུ་བདུན།
དེ་ཡང་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གིས།

"འདི་དག་ལ་འཛམ་གླིང་གི་རྒྱན་ཡིན་གསུངས་པ་འདི་འདྲ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད། མཁས་པས་དཔྱད་ན་གསེར་གྱི་འཁོར་ལོས་བསྒྱུར་བ་སོགས་ཀྱང་འཛམ་གླིང་གི་རྒྱན་མིན། དེ་བཞིན་དུ་གོ་ས་མཐོ་བ་ནོར་ལོངས་སྤྱོད་ཆེ་བ་ཐམས་ཅད་ལའང་འཛམ་གླིང་གི་རྒྱན་མི་ཟེར། འོ་ན་གང་ལ་ཟེར་ན་ཕྱོགས་གླང་ཆོས་གྲགས་སོགས་ལ་ཟེར། ཁོང་རྣམ་པ་ཚོ་ཡོན་ཏན་ཆེ་བ་མ་གཏོགས་ཐུན་མོང་སྣང་ཚོད་ལ། དགེ་སློང་རྒན་པོ་ཆོས་གོས་ཧྲུལ་བོ་གྱོན་པ་རི་སུལ་དང་ཤིང་དྲུང་རེ་ན་སྔོ་ཧྲེང་ངེ་ཡོད་པ་དེ་འདྲ་ཞིག་ཡིན་མོད། དེ་ཚོ་ལ་འཛམ་གླིང་གི་རྒྱན་ཡིན་གསུངས་པ་འདིས། དགོན་པ་དང་གྲྭ་ས་གྲྭ་ཚང་གི་རྒྱན། བསྟན་པའི་རྒྱན་ཟེར་བ་ཡང་གོ་དགོས་གསུངས།"<གསུང་དུམ་བུ་འདི་ཨ་རིག་དགེ་བཤེས་མཆོག་གིས་དྲང་ངེས་ཁྲིད་སྐབས་ཀྱི་གསུང་ཤིང་བཟའ་པཎྜི་ཏས་ཟིན་བྲིས་བཏབ་པ་ཡོངས་གྲགས་ལ་ཤིང་བཟའི་དྲང་ངེས་ཟེར་བ་དེ་ལས་བཏུས་པའོ། །> དེས་ན་ནཱ་ལེནྡྲའི་པཎ་གྲུབ་ཆེན་པོ་རྣམས་འཛམ་གླིང་མཛེས་པར་བྱེད་པའི་གསལ་བྱེད་ཀྱི་རྒྱན་དུ་གྱུར་སྟངས་ནི། དཔལ་འབྱོར་མངའ་ཐང་གིས་མི་མང་འཁོར་འབངས་སུ་བསྡུས་པ་ལྟ་བུ་དང་དྲག་པོའི་དཔུང་དང་སྟོབས་ཀྱིས་ས་ཆེན་པོ་ལ་དབང་དུ་བསྒྱུར་བ་སོགས་ཅི་ཡང་བྱས་པ་མིན་པར། བས་མཐའི་ནགས་ཁྲོད་ཀྱི་ཤིང་དྲུང་རེ་དང་བྲག་ཁུང་སྟོང་བ་རེར་སྐུ་ལུས་སྔོ་སངས་ལ་ཆོས་གོས་རེ་གྱོན་ནས་ལུས་ཀྱི་མལ་ན་སེམས་དང་སེམས་ཀྱི་མལ་ན་ལྷོད་ཡོད་པའི་ངང་བདེ་སང་ངེར་བཞུགས་ཤིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་བཙལ་ཏེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད། སྒོམ་པ་ཞི་ལྷག་ཟུང་འབྲེལ་གསུམ་གྱིས་གཞི་རྩ་བྱས་པའི་ནང་བསྟན་མཚན་ཉིད་རིག་པའི་གཞི་བདེན་པ་གཉིས་དང་ལམ་ཐབས་ཤེས་ཟུང་འབྲེལ་འབྲས་བུ་སྐུ་གཉིས་བཅས་དྲི་མ་མེད་པའི་རིགས་པས་གཏན་ལ་ཕབ་ཅིང་། རིགས་པས་གྲུབ་པའི་དོན་རྣམས་མྱོང་བ་ལ་བཀོལ་ནས་གཏན་བདེའི་རྒྱལ་སར་བགྲོད་པའི་ལམ་ཐབས་ཤེས་ཟུང་འབྲེལ་ཐུགས་ཉམས་སུ་བཞེས་པས། ནང་ཐུགས་ཀྱི་ཟབ་ས་རུ་ཟབ་གསལ་ཆེ་མྱུར་གྱི་ཤེས་རབ་དང་ཀུན་སྙོམ་བརྩེ་བ་ཆེན་པོའི་འོད་སྣང་ཟབ་མོས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པར་མཛད་པས་ད་གཟོད་ཁོང་རྣམ་པ་ནི་ས་ཆེན་པོ་འདིའི་རྒྱལ་མཚན་གྱི་ཏོག་ལྟར་ངོམ་དུ་རི་བའི་མཛེས་རྒྱན་དང་ཁྱད་ནོར་དུ་གྱུར་པ་ཡིན་འདུག་གོ །


发布     👍 0 举报 写留言 🖊   
✋热门推荐
  • 警惕 ‖ 充电玩手机,23岁女孩胸部被烧焦导致死亡!
  • 手游现731部队?韩手游商道歉 删除731部队旭日旗
  • 中国高铁重大升级:再见了,车票!
  • 婆媳争吵中男子跳河 过路大鹅被移送警方
  • 704校花兼职骗局:骗大学生兼职还网贷,职位要靠抢
  • 克罗地亚万人空巷,55万球迷接街头迎接
  • 【我不是药神】破25亿票房·中国电影新里程
  • 华帝退款变退卡
  • 给蒙娜丽莎穿球衣,给巴黎地铁站改名,夺冠的法国人也是太皮了!
  • 中国欧盟领导人会晤联合声明公布丨全文
  • 永利宝老板失联,官微发博让投资人报警;长生生物疫苗造假,2.5万股民被闷杀 |证券速报
  • 马斯克骂泰国洞穴救援潜水员 失言致特斯拉跌3.5%
  • 馅饼?滑县大爷买的毛坯房,交房时地板都铺好了!还有这好事?
  • 【央视直击】赤峰男子恋爱遭女友父母反对,在腐乳里投毒致一死一伤!
  • 一男子来宝应见女友家长遭反对,竟突变“武疯子”......
  • 有趣的单身胜过将就的婚姻
  • 镇魂女孩在哪里??
  • 等了18年,这位环卫工人落户上海,她说:我扫的街道比家里还干净
  • 暴走漫画公开道歉
  • 吴磊《沙海》开播,张艺兴特邀主演不演二爷,这次演九爷